Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      246 results — page 12 of 13
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། དགེ་བསྙེན་རབ་བྱུང་དགེ་ཚུལ་བསྙེན་རྫོགས་བཅས་བསྒྲུབ་ཚུལ་འཁྱེར་བདེ་མེ་ཏོག་ཕྲེང་མཛེས།
      CDS018 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      དགེ་བསྙེན་རབ་བྱུང་དགེ་ཚུལ་བསྙེན་རྫོགས་བཅས་བསྒྲུབ་ཚུལ་འཁྱེར་བདེ་མེ་ཏོག་ཕྲེང་མཛེས་བཞུགས། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། དང་པོར་ཐུགས་བ སྐྱེད་བར་དུ་ཚོགས་གཉིས་བསགས། །ཐ་མར་མངོན་སངས་རྒྱས་ནས་གདུལ་བྱ་ལ། །འཁོར་ལོ་རྣམ་གསུམ་བསྐོར་ནས་དོན་མཛད་པ། །ཟླ་མེད་སྟོན་པ་དེ་ལ་གུས་ཕྱག་འཚལ། །མགོན་དེས་གདུལ་བྱའི་དོན་དུ་བསླབ་གསུམ་དང་།…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། གཅོད་ཀྱི་གདམས་ངག་ཐར་འདོད་ཀྱི་སྐྱེས་བུའི་ཐེག་པ་མཆོག་གི་ལམ་བཟང་།
      CDS018 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      གཅོད་ཀྱི་གདམས་ངག་ཐར་འདོད་ཀྱི་སྐྱེས་བུའི་ཐེག་པ་མཆོག་གི་ལམ་བཟང་ཞེས་བྱ་བ་བཞུགས། ན་མོ་མཉྫུ་གྷོ་ཥཱ་ཡ། རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ། །གང་དེའི་རྣམ་འཕྲུལ་གྲུབ་པའི་དབང་། །མ་གཅིག་ལབས་ཀྱི་སྒྲོན་མ་ལ། །བཏུད་ནས་གཅོད་ཀྱི་གདམས་ངག་བྲི། །འདི་ལ་སྤྱིིར་བླ་མ་སྔོན་མ་དག་གིས་མཛད་པ་མང་ཞིང། ཁྱད་པར་དུ་པཎ་ཆེན་གོང་མས་མཛད་པའི་རྒྱ…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། རྗེ་བཙུན་སྤྱན་རས་གཟིགས་ཀྱི་གདམས་པ་སྙིང་པོ་དོན་གསུམ་གྱི་འཁྲིད་ཡིག་ཉམས་ལེན་སྙིང་པོ་བསྡུས་པ།
      CDS018 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      རྗེ་བཙུན་སྤྱན་རས་གཟིགས་ཀྱི་གདམས་པ་སྙིང་པོ་དོན་གསུམ་གྱི་འཁྲིད་ཡིག་ཉམས་ལེན་སྙིང་པོ་བསྡུས་པ་བཞུགས། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྒྱལ་ཀུན་ཐུགས་རྗེ་གཅིག་བསྡུས་ཏེ། །སྤྱན་རས་གཟིགས་ཞེས་རབ་གྲགས་པ། །གང་དེའི་ཞབས་ལ་གུས་བཏུད་ནས། །སྙིང་པོ་དོན་གསུམ་བཤད་པར་བྱ། །དེ་ཡང་རྗེ་བཙུན་སྤྱན་རས་གཟིགས་ཀྱིས་གྲུབ་ཆེན་མི་ཏྲ་ཛོ་ཀི་ལ་ག…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ནོར་ལྷ་མཆོད་ཚུལ་དངོས་གྲུབ་འབྱུང་གནས།
      CDS018 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      ནོར་ལྷ་མཆོད་ཚུལ་དངོས་གྲུབ་འབྱུང་གནས་ཞེས་བྱ་བ་བཞུགས། ན་མོ་བཛྲ་པཱ་ཎི་ཡེ། སྔོན་ཚེ་བསོད་ནམས་ཚོགས་རབ་མང་། །རྒྱ་ཆེན་བསགས་པའི་འབྲས་སྨིན་པས། །ཡོ་བྱད་ནམ་མཁའི་མཛོད་ཆེན་ལ། །དབང་བསྒྱུར་ནོར་ལྷའི་ཚོགས་ལ་འདུད། །འདིར་ནོར་ལྷའི་རྒྱལ་པོ་རྣམས་ལ་མཆོད་ཚུལ་མདོར་བསྡུས་ཞིག་དང་། དེ་དག་གི་བཟླས་བྱའི་གཟུངས་སྔགས་དང་བཅས་པ་བརྗོད་པ…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ཀུན་སློང་འཆོས་ཚུལ་སོགས་ཉམས་ལེན་གྱི་སྐོར་བཤད་པ་བློ་གསལ་དགའ་བྱེད།
      CDS018 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      ཀུན་སློང་འཆོས་ཚུལ་སོགས་ཉམས་ལེན་གྱི་སྐོར་བཤད་པ་བློ་གསལ་དགའ་བྱེད་ཅེས་བྱ་བ་བཞུགས། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཚོགས་གཉིས་རྒྱ་མཚོའི་དཔལ་ལས་འཁྲུངས་པའི་སྐུ། །བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་སྒྲོགས་པའི་གསུང་། །རབ་འབྱམས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས། །ཟླ་མེད་སྟོན་པ་ཤཱཀྱའི་གཙོ་དེར་འདུད། །ཁྱོད་ཀྱིས་ཇི་སྙེད་གསུངས་པའི་ཆ…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། རྒྱལ་ཆེན་རྣམ་སྲས་ཛམ་ལ་ནོར་རྒྱུན་གསུམ་འཁོར་དང་བཅས་པ་མཆོད་ཚུལ་དངོས་གྲུབ་དཔལ་སྟེར།
      CDS018 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      རྒྱལ་ཆེན་རྣམ་སྲས་ཛམ་ལ་ནོར་རྒྱུན་གསུམ་འཁོར་དང་བཅས་པ་མཆོད་ཚུལ་དངོས་གྲུབ་དཔལ་སྟེར་ཞེས་བྱ་བ་བཞུགས། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྒྱ་ཆེན་བསོད་ནམས་ཚོགས་བསགས་སྨིན་པའི་འབྲས། །ཡོ་བྱད་འཛད་མེད་ནམ་མཁའི་མཛོད་ཆེན་ལ། །དབང་བསྒྱུར་ནོར་ལྷའི་རྒྱལ་པོ་འཁོར་བཅས་ཀྱི། །ཞབས་ལ་བཏུད་ནས་དེ་དག་སྒྲུབ་ཚུལ་བཤད། །འ…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། དབྱངས་ཅན་མ་དཀར་དམར་ཟུང་གི་སྦྱིན་སྲེག་སྒྲུབ་ཐབས་དང་བཅས་པ་བློ་གྲོས་པད་ཚལ་རྒྱས་བྱེད་ཉི་མ།
      CDS018 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      དབྱངས་ཅན་མ་དཀར་དམར་ཟུང་གི་སྦྱིན་སྲེག་སྒྲུབ་ཐབས་དང་བཅས་པ་བློ་གྲོས་པད་ཚལ་རྒྱས་བྱེད་ཉི་མ་ཞེས་བྱ་བ་བཞུགས། ན་མོ་སྭ་ར་སྭ་སྟྱཻ། འཇིག་རྟེན་མེས་པོའི་ཚེམས་དཀར་པད་ཚལ་ ལས། །ལེགས་འཁྲུངས་ཚངས་སྲས་དབྱངས་ཅན་ངང་མོ་ཉིད། །སྒྲ་དབྱངས་རྒྱ་མཚོའི་རྒྱུད་མང་སྒྲོགས་བཞིན་པར། །ཚུར་བྱོན་བདག་བློའི་ཆུ་གཏེར་དཔལ་བསྐྱེད་མཛོད། །དེ་ལ་འད…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་ཤེས་རབ་མཆོག་སྟེར།
      CDS018 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་ཤེས་རབ་མཆོག་སྟེར་བཞུགས། རྨད་བྱུང་མཛེས་སྡུག་ལང་ཚོ་ཅན། །སྙན་ཚིག་སྨྲ་བ་ཡོངས་ཀྱི་ལྷ། །མཁྱེན་བརྩེའི་གཏེར་གྱུར་ཚངས་སྲས་མ། །ངག་གི་དངོས་གྲུབ་སྩལ་དུ་གསོལ། ། དབྱངས་ཅན་མ་དཀར་མོ་སྒྲུབ་པར་འདོད་པས་སྐྱབས་སེམས་སྔོན་ཏུ་བཏང་ནས། རྟེན་བཀྲམ། མཆོད་པ་ཡོ་བྱད་བྱ་རྒྱུད་ལྟར་བྱིན་གྱིས་བརླབས་ལ། ཨོོ…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། དབྱངས་ཅན་མ་དམར་མོའི་སྒྲུབ་ཐབས་ཤེས་རབ་མཆོག་གི་དངོས་གྲུབ་འབྱུང་གནས།
      CDS018 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      དབྱངས་ཅན་མ་དམར་མོའི་སྒྲུབ་ཐབས་ཤེས་རབ་མཆོག་གི་དངོས་གྲུབ་འབྱུང་གནས་ཞེས་བྱ་བ་བཞུགས། ན་མ་སྭ་ར་སྭ་སྟི་ཡེ། འདིར་དགྲ་ནག་ནས་བཤད་པའི་དབྱངས་ཅན་མ་དམར་མོའི་མངོན་རྟོགས་བཤད་པར་བྱ་སྟེ། དེ་ཡང་གནས་ཡིད་དུ་འོང་བར། ཡོ་བྱད་སོགས་འདུ་བྱས་ལ། སྐྱབས་སེམས་སོགས་སྔོན་ཏུ་བཏང་ནས། ཚོགས་ཞིང་ནི་རང་རྗེ་བཙུན་དབྱངས་ཅན་མར་གསལ་བའི་ཐུགས་ཀ…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། སྐྱབས་ཀྱི་ཐུགས་རྗེ་དང་རང་གཞན་ཆོས་ལ་བསྐུལ་བའི་མགུར།
      CDS018 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      སྐྱབས་ཀྱི་ཐུགས་རྗེ་དང་རང་གཞན་ཆོས་ལ་བསྐུལ་བའི་མགུར་བཞུགས། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། སྐུ་རབ་མཛེས་མཚན་དཔེའི་དཔལ་གྱིས་ སྤྲས། །གསུང་ཆོས་ཕུང་བརྒྱད་ཁྲི་སྒྲོགས་པ་ཅན། །ཐུགས་ཤེས་བྱ་མ་ལུས་མངོན་གཟིགས་པ། །སྐྱབས་ཟླ་མེད་སྟོན་པ་དེ་ལ་འདུད། །མགོན་ཁྱོད་ཀྱིས་དང་པོར་ཐུགས་བསྐྱེད་དེ། །བར་གྲངས་མེད་གསུམ་དུ་ཚོགས་གཉིས་བ སགས། །…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། འཇམ་དབྱངས་སེདྒེའི་སྒྲ་ཡབ་ཡུམ་གྱི་སྒྲུབ་ཐབས།
      CDS018 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      འཇམ་དབྱངས་སེདྒེའི་སྒྲ་ཡབ་ཡུམ་གྱི་སྒྲུབ་ཐབས་བཞུགས། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། མ་ལུས་རྒྱལ་བའི་ཡེ་ཤེས་ཀུན། །གཅིག་བསྡུས་གཞོན་ནུའི་ཚུལ་འཛིན་པ། །འཇམ་པའི་དབྱངས་ཞེས་གྲགས་པ་དེར། །བཏུད་ནས་དེ་ཡི་སྒྲུབ་ཐབས་བྲི། །དེ་ཡང་འཇམ་དབྱངས་སྨྲ་བའི་སེདྒེ་ཡབ་ཡུམ་སྒྲུབ་པར་འདོད་པས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་ད…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ཛམྦྷ་ལ་ཡབ་ཡུམ་ཟུང་འབྲེལ་གྱི་སྒྲུབ་ཐབས།
      CDS018 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      ཛམྦྷ་ལ་ཡབ་ཡུམ་ཟུང་འབྲེལ་གྱི་སྒྲུབ་ཐབས་བཞུགས། ན་མོ་བཛྲ་པཱ་ཎི་ཡེ། སྐྱབས་འགྲོ་སེམས་བསྐྱེད་སོགས་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཛཾ་སེར་པོ་དང་བཾ་སེར་པོ། དེ་ལས་འོད་འཕྲོས། འགྲོ་བ་རྣམས་ཀྱི་དབུལ་ཕོངས་ཀྱི་སྡུག་བསྔལ་ཞི་བར་བྱས། སྲིད་ཞིའི་དཔལ…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། འཇིགས་བྱེད་དཔའ་བོ་གཅིག་པའི་མངོན་རྟོགས་བསྡུས་པའི་རྣམ་གྲངས་བརྗོད་པ་བདུད་ལས་རྒྱལ་བྱེད།
      CDS018 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      འཇིགས་བྱེད་དཔའ་བོ་གཅིག་པའི་མངོན་རྟོགས་བསྡུས་པའི་རྣམ་གྲངས་བརྗོད་པ་བདུད་ལས་རྒྱལ་བྱེད་ཅེས་བྱ་བ་བཞུགས། ན་མོ་བཛྲ་བྷཻ་ར་ཝ་ཡེ། འདིར་འཇིགས་བྱེད་བདུད་ལས་རྣམ་རྒྱལ་དུ་གྲགས་པ་དཔའ་བོ་གཅིག་པའི་སྒྲུབ་ཐབས་བསྡུས་པ་ཞིག་བརྗོད་པར་བྱ་སྟེ། བསྡུས་པ་བྱེད་ཚུལ་ལ་རྒྱ་གཞུང་ནས་གཞལ་ཡས་ཁང་ཡོད་མེད་གཉིས་འབྱུང་བ་ལྟར། བོད་ཀྱི་མཁས་པས་…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ཡོངས་འཛིན་བླ་མའི་གསོལ་འདེབས་བརྟན་བཞུགས་སྨོན་ལམ།
      CDS018 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      ཡོངས་འཛིན་བླ་མའི་གསོལ་འདེབས་བརྟན་བཞུགས་སྨོན་ལམ་བཅས་བཞུགས། ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། སྤངས་རྟོགས་ཡོན་ཏན་མཐར་ཕྱིན་རྫོགས་སངས་རྒྱས། །སྡུག་ཀུན་ཉེ་བར་ཞི་བ་དམ་པའི་ཆོས། །ཐར་ལམ་ཚུལ་བཞིན་སྒྲུབ་མཛད་དགེ་འདུན་ཏེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་དངོས་རྗེ་བཙུན་ཙོང་ཁ་པ། །སྤྱན་རས་གཟིགས་དབང་པད་དཀར་…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། གསོལ་འདེབས་བརྟན་བཞུགས་སྨོན་ལམ་དང་བཅས་པ།
      CDS018 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      གསོལ་འདེབས་བརྟན་བཞུགས་སྨོན་ལམ་དང་བཅས་པ་བཞུགས། ན་མོ་ཤཱཀྱ་མུ་ན་ཡེ། དཔལ་ལྡན་རིགས་བརྒྱའི་བདག་པོ་རྡོ་རྗེ་འཆང་། །བདེ་ལྡན་ཞིང་གི་གཙོ་བོ་ཚེ་དཔག་མེད། །དེ་སྲས་ཐུ་བོ་འཕགས་མཆོག་སྤྱན་རས་གཟིགས། །སྐྱབས་གནས་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །རྒྱལ་ཀུན་མཁྱེན་རབ་རྗེ་བཙུན་འཇམ་པའི་དབྱངས། །གསང་སྔགས་རིག་སྔགས་བདག་པོ་རྡོ་རྗེ་འ…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ལྷ་མོ་ནོར་རྒྱུན་མའི་སྒྲུབ་ཐབས་བསམ་འཕེལ་དབང་རྒྱལ།
      CDS018 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      ལྷ་མོ་ནོར་རྒྱུན་མའི་སྒྲུབ་ཐབས་བསམ་འཕེལ་དབང་རྒྱལ་བཞུགས། ན་མོ་བ་སུ་དྷ་རི་ཡེ། ལྷ་མོ་ནོར་རྒྱུན་མ་སྒྲུབ་པར་འདོད་པས། སངས་རྒྱས་ཆོས་ཚོགས་མའི་སྒོ་ནས་སྐྱབས་འགྲོ་སེམས་བསྐྱེད་སོགས་སྔོན་ཏུ་བཏང་ནས། རང་ཉིད་སྐད་ཅིག་གིས་ལྷ་མོ་ནོར་རྒྱུན་མར་གྱུར་བར་བསམས། །མཆོད་པ་ཡོད་ན། ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྟོང་པར་སྦྱངས། །སྟོང་པའི་ང…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། རྡོར་དྲིལ་སོགས་ཀྱི་རྣམ་གཞག་བཤད་པ།
      CDS018 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      རྡོར་དྲིལ་སོགས་ཀྱི་རྣམ་གཞག་བཤད་པ་བཞུགས། ན་མོ་བཛྲ་སཏྭ་ཡེ། ངེས་དོན་ལྷན་སྐྱེས་ཡེ་ཤེས་རྡོ་རྗེ་དང་། །ཟབ་མོའི་དེ་ཉིད་རྟོགས་པའི་དྲིལ་བུ་གཉིས། །དབྱེར་མེད་ཟུང་འཇུག་རྡོ་རྗེ་འ ཆང་ཞབས་ལ། །གུས་པས་འདུད་དོ་སྙིང་དབུས་རྟག་རོལ་ཞིག །འདིར་རྣལ་འབྱོར་རོལ་བའི་དགའ་སྟོན་ལས་རྡོར་དྲིལ་སོགས་ཀྱི་རྣམ་གཞག་རྒྱས་པར་གསུངས་པ་འཐོར་འཁྲ…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། རྒྱལ་པོ་གསེར་གྱི་ལག་པའི་སྨོན་ལམ་དང་འབྲེལ་བའི་མར་མེ་ཇི་ལྟར་འབུལ་བའི་ཚུལ་བདེ་ལེགས་འབྱུང་གནས།
      CDS018 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      རྒྱལ་པོ་གསེར་གྱི་ལག་པའི་སྨོན་ལམ་དང་འབྲེལ་བའི་མར་མེ་ཇི་ལྟར་འབུལ་བའི་ཚུལ་བདེ་ལེགས་འབྱུང་གནས་བཞུགས། ན་མོ་ཤཱཀྱ་མུ་ན་ཡེ། འདིར་མར་མེ་འབུལ་ཚུལ་ཁྱད་པར་ཅན་ཞིག་བརྗོད་པར་བྱ་སྟེ། མཆོད་པ་རྣམས་སྟ་གོན་བྱས་ནས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྒྱས་བསྡུས་ཅི་རིགས་སྔོན་དུ་བཏང་། ཚེ་དཔག་སོགས་ལྷ་གཞན་གྱི་སྒོ་ནས་ཀྱང་རུང་མ…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ཀླུ་གཏོར་བདུད་རྩིའི་ཆུ་རྒྱུན།
      CDS018 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      ཀླུ་གཏོར་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས། ན་མོ་མཉྫུ་གྷོ་ཥ་ཡ། རྒྱལ་ཀུན་ཐུགས་རྗེ་གཅིག་བསྡུས་པ། །སྤྱན་རས་གཟིགས་ཞེས་རབ་ཏུ་གྲགས། །གང་དེའི་ཞབས་ལ་གུས་བཏུད་ནས། །ཀླུ་གཏོར་ཆོ་ག་བྱ་ཚུལ་བཤད། །དེ་ཡང་གླུ་གཏོར་གྱི་ཆོ་ག་ཇི་ལྟར་བྱ་བའི་ཚུལ་མཁས་པ་དག་གིས་མཛད་པ་རེ་གཉིས་སྣང་ཡང་། འདིར་གཞན་དག་གི་བསྐུལ་བ་ལ་བརྟེན་ནས་སྔོན་ལ…
      ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། བསྐལ་བཟང་སངས་རྒྱས་སྟོང་གི་མཚན་རྣམ་པར་བསྟན་པ།
      CDS018 · ཅོ་ནེ་གྲགས་པ་བཤད་སྒྲུབ།
      བསྐལ་བཟང་སངས་རྒྱས་སྟོང་གི་མཚན་རྣམ་པར་བསྟན་པ་ཞེས་བྱ་བ་བཞུགས། ན་མོ་སརྦ་བུདྡྷ་ཡེ། གདུལ་བྱའི་ཕན་བདེའི་པདྨོའི་ཚལ། །རྒྱས་མཛད་བསྐལ་པ་བཟང་པོ་ཡི། །རྒྱལ་བ་ཉི་མ་སྟོང་ཕྲག་དག །ཇི་སྐད་བཤད་པའི་མཚན་བརྗོད་བྱ། །ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ཞིང་མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞི…