Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 473 of 500
      CMR051 · མཁས་གྲུབ་ཀརྨ་ཆགས་མེད།
      ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ངེས་དོན་རྒྱ་མཚོའི་བརྒྱུད་ཚུལ་དོགས་གཅོད།
      གར་གྱི་པཎྜི་ཏ་ཤྲཱི་རྣམ་གཉིས་སོགས་ཀྱིས་ཀྱང་བཀའ་བརྒྱུད་རྣམས་ལ་བསྟོད་པ་བྱས། འཇིག་རྟེན་གསུམ་མགོན་ཀླུ་སྒྲུབ་ཡིན་པའི་ལུང་བསྟན་དང་མེ་ཏོག་དགྲ་བཅོམ་པས་བསྐུར་པ་འཕྲོད་ཅིང་། ལྷག་པར་བཀའ་བརྒྱུད་ལ་མོས་པ་བྱུང་དུས། ས་སྐྱ་པའི་མཁས་པ་གྲུ་སྐྱ་མོ་འབྲི་གུང་པ་སུན་འབྱིན་པའི་ཕྱིར་རྩོད་པ་ལ་བཏང་བ་ཡང་སློབ་མར་གྱུར། ས་པཎ་ཉིད་རྩོད…
      CMR051 · མཁས་གྲུབ་ཀརྨ་ཆགས་མེད།
      ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ངེས་དོན་རྒྱ་མཚོའི་བརྒྱུད་ཚུལ་དོགས་གཅོད།
      འབྲི་གུང་པའི་སྐུ་འདྲ་ལ་ཕྱག་བསྐོར་བ་མཛད་པ་ཅི་ལགས་ཞུས་པས། བཀག་པ་མ་བྱས་ན་ང་ཡི་ཆོས་བརྒྱུད་ཆད་པར་འདུག་པས་བསྟན་པ་བསྲུང་བ་ཡིན། བཤགས་པ་མ་བྱས་ན་ཁོང་སྐྱེས་བུ་དམ་པ་ཡིན་པས་ཉེས་པ་ཆེ་གསུངས་པ་དང་། སྐྱོབ་པ་འདས་དུས་གྲྭ་པ་ཞིག་གིས་འབྲི་རྒན་ཡང་ད་རེས་འགྱེལ་ཟིག་སྨྲས་པས། གསོལ་དཀོར་ཕྱག་ནས་ཤོར་ཏེ། །བསྟན་པའི་རུ་ཡ་བུ་གསུངས་ནས…
      CMR051 · མཁས་གྲུབ་ཀརྨ་ཆགས་མེད།
      ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ངེས་དོན་རྒྱ་མཚོའི་བརྒྱུད་ཚུལ་དོགས་གཅོད།
      འདི་མྱོང་ཐོག་ཏུ་སྒྲོ་འདོག་ཆོད་པས་སངས་རྒྱས་བྱོན་ཡང་ཐེ་ཚོམ་དང་དྲི་རྒྱུ་མེད་པ་ཞིག་དགོས་ཀྱི། དེ་མ་ཡིན་པའི་ཞེན་པ་དང་ཕྱོགས་འཛིན་ལ་ངེས་པ་མེད་ཅིང་། རང་སྟོང་གཞན་སྟོང་དང་། སངས་རྒྱས་ཀྱི་ས་ན་ཡེ་ཤེས་ཡོད་མེད། ཀུན་རྫོབ་ཏུ་ཡོད་པས་གོ་ཆོད་མི་ཆོད་སོགས་དགོངས་པ་མང་དུ་ཡོད་ནའང་དེ་ཐམས་ཅད་མཉམ་བཞག་སྐད་ཅིག་མ་ཡི་ཐོག་ཏུ་འགལ་མེད…
      CMR051 · མཁས་གྲུབ་ཀརྨ་ཆགས་མེད།
      ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ངེས་དོན་རྒྱ་མཚོའི་བརྒྱུད་ཚུལ་དོགས་གཅོད།
      ཆེན་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ་ཞེས་བྱ་བའི་བརྒྱུད་ཚུལ་དོགས་གཅོད། དེ་ཉིད་ལ་མོས་པ་ལམ་དུ་བྱེད་པའི་དགེ་སློང་རི་ཁྲོད་པ་ཀརྨ་ཨ་རཱ་གས་བྲིས་པའོ། །འདི་ལ་འགལ་འཁྲུལ་ཉེས་པ་གང་མཆིས་བཀའ་བརྒྱུད་རྣམས་ལ་བཤགས་ཤིང་། དགེ་བས་བདག་དང་བདག་ལ་འབྲེལ་ཐོགས་ཀྱིས་གཙོས་པའི་སེམས་ཅན་ཐམས་ཅད་ཚེ་གཅིག་ལུས་གཅིག་འདི་ཉིད་ལ་རྡ…
      CMR051 · མཁས་གྲུབ་ཀརྨ་ཆགས་མེད།
      དཔལ་ནཱ་རོ་པ་ཆེན་པོའི་གེགས་སེལ་གཟེར་ལྔའི་མན་ངག
      དཔལ་ནཱ་རོ་པ་ཆེན་པོའི་གེགས་སེལ་གཟེར་ལྔའི་མན་ངག་བཞུགས་སོ།
      CMR051 · མཁས་གྲུབ་ཀརྨ་ཆགས་མེད།
      དཔལ་ནཱ་རོ་པ་ཆེན་པོའི་གེགས་སེལ་གཟེར་ལྔའི་མན་ངག
      བླ་མ་རྣམས་ལ་ཕྱག་འཚལ་ལོ། །ལམ་གྱི་བར་ཆད་སེལ་བར་བྱེད་པའི་མན་ངག་འདི་ལ་དོན་གཉིས་ཏེ། ཉམས་ཀྱི་མཚན་ཉིད་བསྟན་པ་དང་། སྐྱོན་བཅོས་པའི་ཐབས་སོ། །དེ་ཡང་དང་པོ་དཔེར་ན་ཞིང་པས་དཔྱིད་ཞིང་གི་སོ་ནམ་བྱས་པས། འབྲས་བུ་སྟོན་ཐོག་ཕུན་སུམ་ཚོགས་པ་ཞིག་འབྱུང་བ་ཡིན། གལ་ཏེ་འབྲས་བུ་སྟོན་ཐོག་མ་བྱུང་ན་སོ་ནམ་དེ་དོན་མེད་སོང་བ་བཞིན་དུ་རྣལ་…
      CMR051 · མཁས་གྲུབ་ཀརྨ་ཆགས་མེད།
      དཔལ་ནཱ་རོ་པ་ཆེན་པོའི་གེགས་སེལ་གཟེར་ལྔའི་མན་ངག
      བའོ། །དེའི་ཕྱིར་ཉམས་ཀྱི་རིམ་པ་སྐྱེ་བ་ནི། བསྒོམ་པའི་བརྩོན་འགྲུས་ཀྱི་འབྲས་བུ་ཡིན་ཏེ་བཙལ་བས་རྙེད། བྱས་པ་བྱུང་། བསྒྲུབས་པས་འགྲུབ་ཅེས་བྱའོ། །ཉམས་དེའི་སྐྱེ་ཚུལ་གཉིས་འཇམ་ཆོས་དང་། དྲག་ཏུ་སྐྱེ་བའོ། །ཡང་ན་གསུམ་སྟེ། ཡོན་ཏན་གྱི་ཉམས་དང་། སྐྱོན་མེད་ཡོན་ཏན་མེད་པའི་ཉམས་དང་། སྐྱོན་ཅན་གྱི་ཉམས་སོ། །དང་པོ་ལ་གསུམ། ཐབས་ཀ…
      CMR051 · མཁས་གྲུབ་ཀརྨ་ཆགས་མེད།
      དཔལ་ནཱ་རོ་པ་ཆེན་པོའི་གེགས་སེལ་གཟེར་ལྔའི་མན་ངག
      ཉམས་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་ལ་སོ་སོར་རྟོག་པའི་ཡེ་ཤེས་སྐྱེ་བ་དང་། ཏིང་ངེ་འཛིན་གྱི་དམིགས་པའི་མཚན་མ་ཞི་བ་དང་། རྟོགས་པ་མེད་པར་གསལ་ལ་མི་གཡོ་བར་གནས་པ་དང་། རླུང་རྒྱུ་བ་མི་ཚོར་བ་དང་། ལུས་ཡོད་དུ་མི་ཚོར་བའོ། །གསུམ་པ་ཐབས་ཤེས་རབ་གཉིས་སུ་མེད་པའི་ཉམས་ནི། ཉམས་དེ་དག་ཟུང་འབྲེལ་དུ་འཆར་ཏེ་བདེ་བ་བསྐྱེད་པའི་དུས་རྟོག་…
      CMR051 · མཁས་གྲུབ་ཀརྨ་ཆགས་མེད།
      དཔལ་ནཱ་རོ་པ་ཆེན་པོའི་གེགས་སེལ་གཟེར་ལྔའི་མན་ངག
      ཙམ་མཚོན་ན་སྣང་བ་འདི་མེར་འབར་བ་དང་། ཆུར་འབྲུབ་པ་དང་། སར་བྱིང་བའམ། རླུང་གིས་གཏོར་བའམ། ཉིན་པར་མུན་ནག་ཏུ་འགྱུར་བ་དང་། མཚན་མོ་ཤིན་ཏུ་གསལ་བ་དང་། འཇིག་རྟེན་གྱི་ཁམས་མང་པོ་མཐོང་བ་དང་། སྟག་མོ་སོ་བདར་བའམ། བདུད་ཀྱི་ཚོགས་ཀྱིས་བསྐོར་ནས་འཇིགས་པའི་སྒྲ་སྒྲོགས་པ་དང་། ལྷའི་ཚོགས་ཀྱིས་བསྐོར་ནས་ཆོས་བཤད་ཅིང་ལུང་སྟོན་པའམ། …
      CMR051 · མཁས་གྲུབ་ཀརྨ་ཆགས་མེད།
      དཔལ་ནཱ་རོ་པ་ཆེན་པོའི་གེགས་སེལ་གཟེར་ལྔའི་མན་ངག
      བཅོས་པའི་ཐབས་ལ། ལམ་གྱི་གེགས་བསལ་བར་བྱེད་པའི་གཟེར་ལྔ་ལས། དང་པོ་ན་ཚ་བོགས་སུ་འདོན་པའི་གཟེར་སྟོན་ཏེ། དེའི་དོན་ནི། ན་ཚའི་ཟུག་དེ་དག་མ་བསལ་ན་དེས་བསམ་གཏན་གྱི་གེགས་བྱེད་ཅིང་ཏིང་ངེ་འཛིན་གྱི་ལམ་འཇིགས་པ་ཡིན་པས། གོང་འོག་ནས་བསྟན་པའི་གདམས་ངག་གིས། ན་ཚའི་ཟུག་དེ་ཞི་བར་བྱས་ན། ཉམས་དེས་ཏིང་ངེ་འཛིན་གོང་ནས་གོང་དུ་འཕེལ་བར་…
      CMR051 · མཁས་གྲུབ་ཀརྨ་ཆགས་མེད།
      དཔལ་ནཱ་རོ་པ་ཆེན་པོའི་གེགས་སེལ་གཟེར་ལྔའི་མན་ངག
      བ་ཤས་ཆེ་བ་སྟེ། དེའང་ལུས་ལ་ཀོར་ལིང་དུ་སྐྱེ་ཞིང་ཟུག་ཅན་འོང་ལ་ཡུལ་ཡིད་ལ་བྱེད་པའོ། །མོའི་བདེ་བ་ནི་བདེ་བ་ཤས་ཆུང་ཞིང་མི་རྟོག་པ་ཤས་ཆེ་བ་སྟེ། དེ་ཡང་བདེ་ཟུག་མེད་ཡུལ་ཡིད་ལ་མི་བྱེད་པའི་བདེ་བ། སྔ་མ་བས་བག་ཙམ་ཕྲ་ཞིང་སྲབ་པ་ཞིག་ལུས་ཐམས་ཅད་ལ་ཁྱབ་པར་སྐྱེ་བའོ། །མ་ནིང་གི་བདེ་བ་དང་མི་རྟོག་པ་སྙོམས་པར་འབྱུང་ཞིང་ལུས་སེམས་ག…
      CMR051 · མཁས་གྲུབ་ཀརྨ་ཆགས་མེད།
      དཔལ་ནཱ་རོ་པ་ཆེན་པོའི་གེགས་སེལ་གཟེར་ལྔའི་མན་ངག
      ཟུག་ཆུང་ལ་བཅོས་སླའོ། །མ་ནིང་གི་རྩ་དང་དེ་ཉིད་ཀྱི་རླུང་འཚོགས་ན། ཟུག་མི་འབྱུང་ལ་ཉམས་ཤིན་ཏུ་བརྟན་པ་འབྱུང་ངོ་།། །མ་ནིང་གི་རྩ་དང་མོ་རླུང་གཉིས་འཚོགས་ན་ན་ཚ་ཅུང་ཟད་ཅིག་འབྱུང་ཞིང་བཅོས་ཀྱང་སླའོ། །ཟུག་གི་མཚན་ཉིད་ལ་གསུམ་སྟེ། རྩ་ཟུག་ནི་ཀོར་ལིང་དུ་ན་ཞིང་ལྷག་པར་ཟུག་གཟེར་ཆེ་བའོ། །རླུང་ཟུག་ནི་ན་ཚའི་དམིགས་ངོས་བཟུང་མེད…
      CMR051 · མཁས་གྲུབ་ཀརྨ་ཆགས་མེད།
      དཔལ་ནཱ་རོ་པ་ཆེན་པོའི་གེགས་སེལ་གཟེར་ལྔའི་མན་ངག
      པའི་རྟོག་པ་གསུམ་འབྱུང་ངོ་། །དེ་དག་བཅོས་པའི་ཐབས་ལ་གསུམ་སྟེ། དང་པོ་ཕྱི་འབྱུང་བའི་རོ་སྙོམས་སོ། །གཉིས་པ་ནང་སེམས་ཀྱི་རོ་སྙོམས་པ་དང་། ། གསུམ་པ་གསང་བ་ཉམས་ཀྱི་རོ་སྙོམས་པའོ། །དེ་ལ་དང་པོ་ནི། བདུད་རྩི་རྣམ་པ་ལྔ་བསྟེན་པ་སྟེ། རང་གི་ལུས་ལས་བྱུང་བའི་བྱང་སེམས་དཀར་དམར་གཉིས། དྲི་ཆེན་དྲི་ཆུ་གཉིས་ཏེ་བཞི། བུག་པ་བདུན་ནས་འ…
      CMR051 · མཁས་གྲུབ་ཀརྨ་ཆགས་མེད།
      དཔལ་ནཱ་རོ་པ་ཆེན་པོའི་གེགས་སེལ་གཟེར་ལྔའི་མན་ངག
      ཁ་ཟས་ཤ་ཆང་ལ་སོགས་བཅུད་སྣུམ་རྣམས་དང་ལན་ཚྭ་དང་སྔོའི་བྱེ་བྲག་དང་། ཚ་སྐྱུར་དང་རུལ་སུམ་རྣམས་སྤང་ལ་ཕྱེ་ཐུག་ཟུན་དྲོན་གཏང་། ལྟོ་བརྗེས་པའི་དྲི་ཆུ་བྱུང་ཚད་ན་སྤྲོད་དམ་ལྕགས་སྣོད་དུ་བཅུགས་ལ་མ་དྲང་བརླབས་ཆེན་ཡོལ་ཙམ་ན་བཏུང་། དེ་ལྟར་ཞག་གྲངས་ལ་སོགས་ཚོད་དང་སྦྱར་ཞིང་བདུད་རྩི་བསྐོལ་བས། ཚ་གྲང་ལ་སོགས་པ་འདུ་བ་རྣམ་བཞི་སྟོད་…
      CMR051 · མཁས་གྲུབ་ཀརྨ་ཆགས་མེད།
      དཔལ་ནཱ་རོ་པ་ཆེན་པོའི་གེགས་སེལ་གཟེར་ལྔའི་མན་ངག
      ཀྱིས། དཔེར་ན་ཚ་རེག་གྲང་རེག་འགལ་བས་ཚ་རེག་ཡིན་ན་གྲང་རེག་མ་ཡིན་པ་བཞིན། འདྲེ་ཡོད་ན་རྣལ་འབྱོར་མ་ཡིན་ལ། རྣལ་འབྱོར་ཡིན་ན་འདྲེ་མེད་པར་ཐག་ཆོད་པའོ། །དེ་ཡང་ཕྱི་ནང་གསང་བ་གསུམ་ལས། ཕྱི་ཕ་རོལ་དུ་ཕྱིན་པའི་ཐེག་པ་དང་ལུང་ཙམ་སྒོ་བསྟུན་ན་ལུང་ལས་ཀྱང་། སེམས་ཅན་ཐམས་ཅད་གང་གིས་ཕ་དང་མ་མ་བྱས་པ་མེད་ཅིང་། སེམས་ཅན་གཅིག་གིས་མ་བྱས་…
      CMR051 · མཁས་གྲུབ་ཀརྨ་ཆགས་མེད།
      དཔལ་ནཱ་རོ་པ་ཆེན་པོའི་གེགས་སེལ་གཟེར་ལྔའི་མན་ངག
      འགགས་པས་ཆུ་ལམ་ཆད་པ་ལྟར། རྣལ་འབྱོར་དེ་ཕ་རོལ་ཏུ་ཕྱིན་པའི་ལམ་སྐལ་ཆད་པ་ཞེས་བྱའོ། །ནང་ལྟར་སྨིན་བྱེད་དབང་བཞི་ལས། བུམ་དབང་ཐོབ་ནས། གྲོལ་བྱེད་བསྐྱེད་རིམ་སྒོམ་པར་བྱེད་པའི་གང་ཟག་ལས་སྣང་སྲིད་འཁོར་འདས་ཐམས་ཅད་ལྷ་དང་ལྷ་མོའི་སྣང་བ་མ་གཏོགས་པར་གནོད་བྱེད་ཀྱི་སྣང་བ་མེད་དེ། ཡང་འཁོར་ལོ་སྡོམ་པའི་རྒྱུད་ལས་ཀྱང་། གང་དུ་བསྡད་…
      CMR051 · མཁས་གྲུབ་ཀརྨ་ཆགས་མེད།
      དཔལ་ནཱ་རོ་པ་ཆེན་པོའི་གེགས་སེལ་གཟེར་ལྔའི་མན་ངག
      ན། སྣང་གྲག་འཁོར་འདས་ཀྱི་ཆོས་ཐམས་ཅད་སྤྲོས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྣང་བ་ལས་མ་འདས་ཏེ། དེ་སྐད་དུའང་། ཧེ་བཛྲ་ལས། བསྟན་པ་ང་ཉིད་སྟོན་པ་ང་། །རང་གི་ཚོགས་ལྡན་འཛིན་བ་ང་། །འཇིག་རྟེན་འཇིག་རྟེན་འདས་པ་ང་། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ང་། །འགྲོ་བ་ཐམས་ཅད་ང་ལས་བྱུང་། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན…
      CMR051 · མཁས་གྲུབ་ཀརྨ་ཆགས་མེད།
      དཔལ་ནཱ་རོ་པ་ཆེན་པོའི་གེགས་སེལ་གཟེར་ལྔའི་མན་ངག
      གསང་སྔགས་གྲོལ་བྱེད་རྫོགས་རིམ་སྒོམ་པའི་ལམ་སྐལ་ཆད་པའོ། །དེ་ལྟར་ན་སེམས་ཀྱི་རོ་སྙོམས་གསུམ་པོ་དེ་རང་གི་རྒྱུད་ལ་གང་འཐད་པ་གཅིག་གམ། ཡང་ན་གཉིས་ཀའི་སྒོ་ནས་རྣལ་འབྱོར་པ་ལ་ན་ཚ་སྡུག་བསྔལ་ཅི་བྱུང་ཡང་འདྲེ་མ་ཡིན་པར་ཤེས་པར་བྱའོ། །གལ་ཏེ་དེ་ལྟར་ཕྱི་འབྱུང་བའི་རོ་སྙོམས་དང་། ནང་སེམས་ཀྱི་རོ་སྙོམས་དང་གཉིས་བྱས་ཀྱང་། ནད་ཀྱི་ཟ…
      CMR051 · མཁས་གྲུབ་ཀརྨ་ཆགས་མེད།
      དཔལ་ནཱ་རོ་པ་ཆེན་པོའི་གེགས་སེལ་གཟེར་ལྔའི་མན་ངག
      ནི། དེས་མ་སེལ་ན་བདེ་བའི་གོ་ཆ་བསྒོམ་པར་བྱ་སྟེ། གནད་བཞི་ལས། དུས་དང་ཡུལ་དང་། ལུས་གསུམ་སྔ་མ་དང་མཐུན། ཤེས་པའི་གནད་ནི། ན་ས་སྟོང་པར་བསྒོམ་པའི་ས་དེར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཐིག་ལེ་དངུལ་ཆུ་ལྟར་དཀར་དམར་གྱིས་གང་བས། ན་ཚ་དེ་ཉིད་བདེ་བར་གྱུར་ནས། བདེ་བ་ཕྲིལ་ཕྲིལ་བའམ། བདེ་སྟོང་དབྱེར་མེད་དུ་བསྒོམ། གསུམ་པ་ནི། དེས་ཀྱ…
      CMR051 · མཁས་གྲུབ་ཀརྨ་ཆགས་མེད།
      དཔལ་ནཱ་རོ་པ་ཆེན་པོའི་གེགས་སེལ་གཟེར་ལྔའི་མན་ངག
      སྟེ། གོ་ཆ་གོང་མ་གསུམ་གྱི་གྲོགས་སུ་ཡང་འགྲོའོ། །ལྔ་པ་ནི། ཐབས་དེ་དག་གིས་མ་སེལ་ན། བསོད་ནམས་བསགས་པ་དང་། དམ་ཚིག་ཉམས་པའི་སྐྱོན་ཡོད་པ་ཡིན་སྲིད་པས་ན། བླ་མའི་གོ་ཆ་བསྒོམ་པར་བྱ་སྟེ། རང་གི་བླ་མ་ལ་བསྟེན་ནས་བསོད་ནམས་བསགས་ཤིང་དམ་ཚིག་སྐོང་བའི་ཐབས་ལ། གནད་བཞི་ལས་གསུམ་སྔ་མ་དང་འདྲ། ཤེས་པའི་གནད་ནི། ན་ས་སྟོང་པར་བསྒོམ་པའི་…