Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      512 results — page 14 of 26
      གསུང་འབུམ་པོད་ལྔ་པ། དཀོར་བདག་སྨད་ལེའུའི་གཞུང་།
      DNJ005 · དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
      དཀོར་བདག་སྨད་ལེའུའི་གཞུང་བྱང་ནི༔ དང་པོ་འགུགས་ཤིང་བསྟིམ་པ་ནི༔ ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་གར་དབང་ཕྱུག༔ ཁྲག་འཐུང་ཁྲོ་རྒྱལ་ཡོངས་ཀྱི་ངོ་བོ་ཉིད༔ ཆོས་སྐྱོངས་དམ་ཅན་རྒྱ་མཚོའི་སྤྱི་དཔལ་མཆོག༔ རབ་འབྱམས་ཕྲིན་ལས་བསྒྲུབ་པའི་ཕོ་ཉ་བ༔ ཡིད་བཞིན་པདྨ་དབང་རྒྱལ་ལྷ་ཚོགས་རྣམས༔ ཆོས་ཉིད་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་༔…
      གསུང་འབུམ་པོད་ལྔ་པ། དམར་བྱང་གཤིན་རྗེའི་རྐན་སྒྲ།
      DNJ005 · དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
      ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ ཡིད་བཞིན་དབང་གི་རྒྱལ་པོ་ཡི༔ ཕྲིན་ལས་སྒྲོལ་བའི་ཕྱག་རྒྱ་ལས༔ དམར་བྱང་གཤིན་རྗེའི་རྐན་སྒྲ་བཞུགས༔ ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །དམར་བྱང་ཟབ་མོ་འདི་མེད་ན༔ ལས་ཐབས་རྔམ་ལ་སྤྱོད་ལོའང་༔ བསམ་ངན་མཚོན་ཆ་རང་ལ་འཁོར༔ ཕྱི་མ་ངན་སོང་རྒྱུ་རུ་བས༔ གང་གིས་དགོངས་གནད་འདི་ལྡན་པས༔ བདག་ལ་སྡིག་པར་མི་…
      གསུང་འབུམ་པོད་ལྔ་པ། དུས་གསུམ་རྒྱལ་བའི་ཕྲིན་ལས་གར་དབང་།
      DNJ005 · དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
      ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་གར་དབང་ཕྱུག༔ ཁྲག་འཐུང་ཁྲོ་རྒྱལ་ཡོངས་ཀྱི་ངོ་བོ་ཉིད༔ ཆོས་སྐྱོང་དམ་ཅན་རྒྱལ་མཚོའི་སྤྱི་དཔལ་མཆོག༔ རབ་འབྱམས་ཕྲིན་ལས་བསྒྲུབ་པའི་ཕོ་ཉ་བ༔ ཡིད་བཞིན་པདྨ་དབང་རྒྱལ་ལྷ་ཚོགས་རྣམས༔ ཆོས་ཉིད་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་༔ ཐུགས་རྗེས་རྔམས་པའི་ཆོ་འཕྲུལ་ཅིར་ཡང་བསྒྱུར༔ སེམས་ཅན་དོན་དུ་དྲ…
      གསུང་འབུམ་པོད་ལྔ་པ། དགྲ་བོའི་བླ་ཚེ་འགུགས་པའི་སྔགས་བྱང་།
      DNJ005 · དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
      དཀོར་བདག་སྨད་ལེའུ་ནང་འཕྱོངས་ལས༔ དགྲ་བོའི་བླ་ཚེ་འགུགས་པའི་སྔགས་བྱང་བཞུགས་སོ༔ ཨོཾ་བཛྲ་སརྦ་ཤ་ཏྲུཾ་ཨ་མུ་ཁ་ཛ་ཛ༔ སརྦ་རཱུ་པ་ཛ་ཡ་ཏྲི་ཁུག་ཁུག༔ སརྦ་བེ་སྟིང་མ་ཁུ་ར་ཏ་ཁུག་ཛ༔ སརྦ་ཀ་ཡ་ཝཀྐ་ཙིཏྟ་ཁུག་ཛ༔ སརྦ་ཏྲི་ཛ་བིགྣན་ཁུག་ཛ༔ སརྦ་ཡཀྴ་བིགྣན་ཁུག་ཛ༔ སརྦ་བིགྣན་རཀྴ་ཁུག་ཛ༔ སརྦ་བིགྣན་མ་ནུཥྛ་ཁུག་ཛ༔ སརྦ་སྲི་ཏི་ཙ་ལ་ཁུག་ཛ༔ སརྦ…
      གསུང་འབུམ་པོད་ལྔ་པ། བཀའ་སྲུང་གཉན་པོའི་དམོད་བཅོལ་དུས་ཀྱི་ཞགས་པ།
      DNJ005 · དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
      ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ བཀའ་སྲུང་གཉན་པོའི་དམོད་བཅོལ་དུས་ཀྱི་ཞགས་པ་ཞེས་བྱ་བ་བཞུགས་སོ༔ བི་ཧ་ར་སྨ༔ ཧོ་དགོངས་སུ་གསོལ་ལོ༔ ལན་གསུམ༔ ན་མོ་བརྒྱུད་གསུམ་རིག་འཛིན་གྱི་བླ་མ༔ རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས་གནས་གསུམ་ཡེ་ཤེས་ཀྱི་མཁའ་འགྲོ༔ དམ་ཅན་ཆོས་སྐྱོངས་རྒྱ་མཚོ༔ ཁྱད་པར་དུ་རྣལ་འབྱོར་བདག་ལ་མགོན་སྐྱབས་སྡོང་གྲོགས་…
      གསུང་འབུམ་པོད་ལྔ་པ། དཀོར་སྲུང་དབང་གི་རྒྱལ་པོའི་ཟོར་བཟློག་དགྲ་བགེགས་དཔུང་འཇོམས།
      DNJ005 · དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
      ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ དཀོར་སྲུང་དབང་གི་རྒྱལ་པོའི་ཟོར་བཟློག་དགྲ་བགེགས་དཔུང་འཇོམས་བཞུགས་སོ༔ བརྡ་ཡིག །ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ རྣལ་འབྱོར་གང་ཞིག་དབང་ཐོབ་ཀྱི༔ བསྙེན་བསྒྲུབ་ཟབ་མོ་མཐར་ཕྱིན་ནས༔ ལས་ལ་སྦྱོར་བར་འདོད་པ་ཡི༔ མངོན་སྤྱོད་ཕྲིན་ལས་འདི་ལ་འབད༔ གསང་སྔགས་ཐབས་ཀྱི་སྒོ་ཡངས་བས༔ གདབ་པ་ཕུར་བུའི་ལས་དང་གཅིག…
      གསུང་འབུམ་པོད་ལྔ་པ། གནོད་སྦྱིན་དཀོར་གྱི་བདག་པོའི་ནོར་སྒྲུབ་འཁོར་ལོའི་བསྒྱུར་བའི་དཔལ་སྟེར།
      DNJ005 · དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
      ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ གནོད་སྦྱིན་དཀོར་གྱི་བདག་པོའི་ནོར་སྒྲུབ་འཁོར་ལོའི་བསྒྱུར་བའི་དཔལ་སྟེར་བཞུགས་སོ༔ བརྡ་ཡིག །ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ གནོད་སྦྱིན་དཀོར་གྱི་བདག་པོ་ཡི༔ ནོར་སྒྲུབ་ཕྱྭ་གཡང་འགུག་འདོད་པས༔ དབང་དང་རྒྱས་པའི་གནས་མཆོག་ཏུ༔ བུམ་གཏེར་ལ་སོགས་སྒྲུབ་པའི་རྟེན༔ སྤྱི་ལྟར་གཡང་རྟེན་གཡང་འགུགས་རྫས༔ ཚེ་…
      DNJ005 · དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
      བཅའ་ཐབས་ནི། ཡི་དམ་གང་ཡིན་གྱི་གཏོར་མ་དང་། གཡང་གཏོར་རྒྱལ་མཚན་ཐོག་ཏུ་ནོར་བུ་ཡོད་པ་བཞི་དང་། མཚམས་བཞིར་རུ་འདྲེན་སོགས། མཐའ་བསྐོར་གཡང་ལྷ་ཐམས་ཅད་ལ་གཏོར་ཟླུམ་བ་ལིང་སོགས་བྱས་ལ། བསེ་རག་རི་བོང་ཞོན་པ། ཡི་དྭགས་ཁ་འབར་མ། མུ་ལ་ཐལ་འགམ་གསུམ་གྱི་འཁོར་དུ་མུ་གེ་ཅན་ནི། མཐའ་བསྐོར་རླུང་ཟ་བའི་སྦྲུལ། གཡས་སུ་ཁ་སོས་པས་སྦལ་བ། གཡ…
      གསུང་འབུམ་པོད་ལྔ་པ། ཡིད་བཞིན་དབང་གི་རྒྱལ་པོའི་གཡང་གི་བྱིན་འབེབས་བཀྲ་ཤིས་ཆར་འབེབས།
      DNJ005 · དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
      ཡིད་བཞིན་དབང་གི་རྒྱལ་པོའི་གཡང་གི་བྱིན་འབེབས་བཀྲ་ཤིས་ཆར་འབེབས་ཞེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །ཆོས་དབྱིངས་ཀུན་སྣང་དཀྱིལ་འཁོར་ནས༔ མ་ལུས་རབ་འབྱམས་འཁོར་ལོའི་བསྒྱུར༔ མོས་པའི་ཡིད་ཀྱིས་ཕྱག་རྒྱ་བཞིའི༔ གཡང་གི་རྫས་ལ་སྤྱན་དྲངས་ཕྱིར༔ སྲི་ཞུའི་གུས་པས་རོལ་མོ་སྦིར༔ དེ་ནས་ཚིག་གིས་འབོད་བསྐུལ་དུ༔ ཨ…
      གསུང་འབུམ་པོད་ལྔ་པ། ཁྲུས་ཆོག་དག་བྱེད་རྒྱུན་བཟང་།
      DNJ005 · དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
      ཁྲུས་ཆོག་དག་བྱེད་རྒྱུན་བཟང་བཞུགས༔ བསང་ཁྲུས་ནི༔ ལས་ལྷ་སྨེ་བརྩེགས་ཀྱི་བྱིན་གྱིས་བརླབས་པ་ནི༔ ཧཱུྃ༔ བསང་ཆུ་ཁྲོ་བོ་སྨེ་བ་བརྩེགས༔ མཐིང་ནག་ཕྱག་གཉིས་སྡིགས་མཛུབ་བསྣོལ༔ ཉི་སྟེང་གྱད་ཆེན་དོར་སྟབས་འགྱིང་༔ ཁྲོ་བོའི་ཆ་ལུགས་ཐམས་ཅད་རྫོགས༔ ཐུགས་ཀར་ཧཱུྃ་ལ་སྔགས་ཀྱི་འཁོར༔ བཟླས་པས་འཁོར་འདས་སྟོང་སྲོག་ཐོབ༔ ཨོ་བྷུར་ཀཾ ༴ བརྒ…
      གསུང་འབུམ་པོད་ལྔ་པ། དཀོར་བསྲུང་བསང་མཆོད་བདུད་རྩིའི་ཆར་པ།
      DNJ005 · དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
      ཡེ་ཤེས་སྒྱུ་འཕྲུལ་རོལ་བ་ལས༔ དཀོར་བསྲུང་བསང་མཆོད་བདུད་རྩིའི་ཆར་པ་ཞེས་བྱ་བ་བཞུགས་སོ༔ དཀོར་སྲུང་ཡིད་བཞིན་དབང་རྒྱལ་གྱི༔ བསངས་མཆོད་རྩོག་གྲིབ་མུན་པའི་སྤྲིན༔ སེལ་བྱེད་ཤེས་རབ་ཡེ་ཤེས་ཀྱི༔ རླུང་ལྔ་དབྱིངས་ཀྱི་ལྷ་མོ་ནི༔ རབ་དངེས་དག་བྱེད་མཚམས་སྦྱར་བ༔ པདྨ་ཀཱ་རའི་བསྟན་ནས་སོང་༔ ༼ སྟྲ༔ ༽ དེ་ལས་དང་པོ་རབས་བྱུང་བའང་༔ རྫ…
      གསུང་འབུམ་པོད་ལྔ་པ། གནོད་སྦྱིན་དཀོར་གྱི་བདག་པོའི་བསང་མཆོད་བཀྲ་ཤིས་ལྷུན་གྲུབ།
      DNJ005 · དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
      ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ གནོད་སྦྱིན་དཀོར་གྱི་བདག་པོའི་བསང་མཆོད་བཀྲ་ཤིས་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ༔ བརྡ་ཡིག །ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ དཀར་དམར་ཆང་སོགས་འདོད་དགུའི་རྫས༔ གསེར་གཡུ་དུང་དང་མཚལ་གྱི་ཤིང་༔ ལ་སོགས་དྲི་ལྡན་སྣ་ཚོགས་པ༔ བྱིན་གྱིས་རླབས་ཕྱིར་གཙང་ཆབ་བྲན༔ རྃ༔ གོས་དཀར་མོ་ཡི་ཐབ་ཆེན་དག་པའི་ཞུགས༔ དམ་ཚིག…
      གསུང་འབུམ་པོད་ལྔ་པ། བསང་བསྡུས་བཀྲ་ཤིས་མེ་ཏོག་གི་སིལ་མ།
      DNJ005 · དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
      ཡིད་བཞིན་དབང་གི་རྒྱལ་པོ་ཡི༔ བསང་བསྡུས་བཀྲ་ཤིས་མེ་ཏོག་གི་སིལ་མ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །སྔོན་དུ་བྱིན་གྱིས་བརླབས་པའི་ཕྱིར༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་གདབས་ ༼ བརླབས་དཔྱད། ༽ ༔ རྃ་ཡྃ་ཁྃ༔ ཨ་ཨཱཿཧཱུྃ༔ ཀྱཻ༔ ཡེ་ཤེས་སྤྱན་ལྡན་ཐུགས་རྗེའི་ཁྱབ་འཇུག་དཔལ༔ ཡིད་བཞིན་པདྨ་དབང་རྒྱལ་འཁོར་དང་བཅས༔ འདིར་གཤེག…
      གསུང་འབུམ་པོད་ལྔ་པ། གནོད་སྦྱིན་དཀོར་གྱི་བདག་པོའི་དབང་བསྐུལ་ཕྲིན་ལས་ལྷུན་གྲུབ།
      DNJ005 · དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
      གནོད་སྦྱིན་དཀོར་གྱི་བདག་པོའི་དབང་བསྐུལ་ཕྲིན་ལས་ལྷུན་གྲུབ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ འགུགས་པ་སྔོན་དུ་འགྲོ་བྱས་ཏེ༔ ཧཱུྃཿཛ༔ སྔོན་ཚེ་ཀློང་གསལ་རྡོ་རྗེ་བདུད་འདུལ་ལས༔ ཁས་བླངས་ཇི་བཞིན་དགོངས་ལ་གནས་བསྐྱོད་དེ༔ རྣལ་འབྱོར་བདག་ལ་ཕྲིན་ལས་རབ་འབྱམས་བསྒྲུབ༔ ལས་བཞི་འདམ་མེད་སླད་ཆར་འདིར་སྡོམ་ཅིག༔ གང་ཞིག་བཅོམ་ལྡན་…
      གསུང་འབུམ་པོད་ལྔ་པ། གཡང་འབོད་བསྡུས་པ།
      DNJ005 · དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
      དེ་ནས་གཡང་འབོད་བསྡུས་པ་ནི༔ ཀྱཻ༔ འཁོར་འདས་ཡོངས་ཀྱི་ཆེ་བཙན་པདྨ་དབང་༔ གདུལ་བྱའི་དོན་དུ་དྲེགས་པའི་འདུལ་ཐབས་མཁས༔ ཁྱད་པར་སྙིགས་མའི་སེམས་ཅན་བློ་ཆུང་བས༔ ཡེ་ཤེས་ལྷ་ནི་མི་འགྲུབ་རིང་ངོ་སྙམ༔ སྔོན་གྱི་ཆོས་སྐྱོངས་ད་ཙམ་ཨེ་ཡོད་ཅེས༔ ཡུལ་དུས་མངོན་སུམ་བསྐལ་ལས་ཐེ་ཚོམ་ཞིང་༔ གསལ་བརྟན་ཏིང་འཛིན་མེད་པའི་སྒྱིད་ལུགས་དང་༔ འཁོར…
      གསུང་འབུམ་པོད་ལྔ་པ། དཀོར་སྲུང་དབང་གི་རྒྱལ་པོའི་ཕྱུགས་གཏའ་སྡོམ་པ།
      DNJ005 · དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
      དཀོར་སྲུང་དབང་གི་རྒྱལ་པོའི་ཕྱུགས་གཏའ་སྡོམ་པ་བཞུགས་སོ༔ ཕྲིན་ལས་གཞུང་བཞིན་ཉེར་བསྡོགས་ཀུན༔ མ་ཚང་མེད་པར་ཚོགས་བྱས་ལ༔ སྔགས་དང་ཕྱག་རྒྱའི་བྱིན་གྱིས་བརླབས༔ རང་ཉིད་ཡི་དམ་ང་རྒྱལ་གྱིས༔ བགེགས་མགྲོན་ཆུང་གསུམ་གླུད་ཀྱིས་བརྔན༔ དེ་ནས་ལྷ་ལ་བརྟེན་གཏའ་འཛུགས༔ ཧཱུྃ༔ རྒྱུད་དང་སྒྲུབ་སྡེའི་དཀྱིལ་འཁོར་གྱི༔ སྤྱི་གཟུགས་འགྲོ་ལ་ས…
      གསུང་འབུམ་པོད་ལྔ་པ། རྒབ་འདྲེ་མནན་པ་ཉུང་བསྡུས་དངོས་གྲུབ་འབྱུང་གནས།
      DNJ005 · དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
      ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ རྒབ་འདྲེ་མནན་པ་ཉུང་བསྡུས་དངོས་གྲུབ་འབྱུང་གནས་བཞུགས་སོ༔ ལིང་གཟུགས་ཐེའུ་བྲང་ཆ་ལུགས་ལ༔ འགུགས་གཞུགས་ལན་གསུམ་བྱས་ནས་སུ༔ ཧཱུྃ༔ དྲག་པོ་མངོན་སྤྱོད་རོལ་པའི་ལྷ༔ ཡིད་བཞིན་པདྨ་དབང་གི་རྒྱལ༔ ཕྲིན་ལས་ཕྱག་རྒྱ་ཆེན་པོ་ནི༔ སྟག་མདའ་མགོན་པོ་འཁོར་བཅས་ཀྱི༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ མ་རུང་…
      གསུང་འབུམ་པོད་ལྔ་པ། གནོད་སྦྱིན་དབང་གི་རྒྱལ་པོ་ལ་བརྟེན་ནས་རྡོ་རྗེའི་ཚེ་སྒྲུབ་པའི་ཆོ་ག་འཆི་མེད་དཔལ་སྟེར།
      DNJ005 · དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
      ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ གནོད་སྦྱིན་དབང་གི་རྒྱལ་པོ་ལ་བརྟེན་ནས་རྡོ་རྗེའི་ཚེ་སྒྲུབ་པའི་ཆོ་ག་འཆི་མེད་དཔལ་སྟེར་ཞེས་བྱ་བ་བཞུགས་སོ༔ འདིར་ཡང་རྡོ་རྗེའི་ཚེ་སྒྲུབ་ཐབས༔ རྒྱས་པར་ཟུར་བ་ལས་གསལ་ཀྱང་༔ འདིར་ནི་མདོར་བསྡུས་བསྟན་པ་ལ༔ འདི་ནི་གསུང་གི་དཀྱིལ་འཁོར་ལ༔ གསུང་གི་འབྲས་ཆོས་ལྔ་རྫོགས་པའི༔ ཡོན་ཏན་ཚེ་དཔལ་རྒྱས་པའི་…
      གསུང་འབུམ་པོད་ལྔ་པ། ཡིད་བཞིན་པདྨ་བསྟན་སྐྱོང་གིས་ཞི་བ་བདུད་རྩི་སྨན་སྒྲུབ།
      DNJ005 · དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
      ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ ཡིད་བཞིན་པདྨ་བསྟན་སྐྱོང་གིས་ཞི་བ་བདུད་རྩི་སྨན་སྒྲུབ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །འདི་ལ་སྦྱོར་བ་དངོས་གཞི་དང་༔ རྗེས་ཀྱི་རིམ་པ་གསུམ་ཡོད་དེ༔ དང་པོ་དཀྱིལ་འཁོར་ཟླུམ་པོའི་དབུས༔ གཏོར་མ་ཨ་རུ་ར་ཡི་དབྱིབས༔ ཕྱོགས་བཞི་ཕྱོགས་མདོག་མཚམས་བཞི་དཀར༔ ཡང་ན་འཁོར་ལ་བཤོས་ཟླུམ་རུང་༔ …
      གསུང་འབུམ་པོད་ལྔ་པ། ཚོགས་མཆོད་བསོད་ནམས་མཆོག་སྟེར།
      DNJ005 · དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
      ཡིད་བཞིན་དབང་གི་རྒྱལ་པོ་ཡི༔ ཚོགས་མཆོད་བསོད་ནམས་མཆོག་སྟེར་བཞུགས་སོ༔ བརྡ་ཡིག །ཧྱ་གྷྲི་ཝ་ལ་ན་མོ༔ ཡིད་བཞིན་དབང་གི་རྒྱལ་པོ་ཡི༔ ལས་བྱང་མཇུག་གི་རིམ་པ་ནི༔ ཚོགས་བསྐུལ་ཆད་བསྟན་རོལ་བའི་བྲོ༔ དངོས་གྲུབ་བཟོད་གསོལ་བསྡུ་ལྡང་བསྔོ༔ བཀྲ་ཤིས་ལ་སོགས་བཅུ་ཡིས་བསྟན༔ ས་མ་ཡཱ༔ དང་པོ༔ ཡོ་བྱད་བཟང་དགུ་ཚོགས་སུ་བཤམས༔ སྔགས་དང་ཕྱག་ར…