Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 423 of 500
JDY014
· བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་སྒྲུབ་པ་ཆེན་པོའི་ཁོག་དབུབ་འཆི་མེད་བདུད་རྩིའི་རོལ་མཚོ།
སྣང་གི་ཡུམ་དང་བཅས་པའོ། །སྙིང་གནས་འོད་ཟེར་འཕྲོས་པས་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ[ས་སྤྱན་དྲངས། འདབ་མ་བརྒྱད་ལ་འཁོད་པ་ནི།] སྟོད་ལྷའི་ལུས་ཅན་ཐལ་མོ་སྦྱར་བ། སྦྲུལ་མགོའི་གདེངས་ཀ་དང་ལྡན་པའི་སྨད་སྤྲུལ་མཇུག་ཏུ་འཁྱིལ་ཞིང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་འཁོར་དང་བཅས་པར་[བལྟས་ལ།] ཨོཾ་བཛྲ་སཏྭ་ཨཥྚ་མཧཱ་…
JDY014
· བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་སྒྲུབ་པ་ཆེན་པོའི་ཁོག་དབུབ་འཆི་མེད་བདུད་རྩིའི་རོལ་མཚོ།
དེ་རྣམས་ཀྱིས་བཀུར་སྟི་ཆེན་པོས་ས་འོག་གི་གཞིར་སྤྱན་དྲངས་པར་བསམ་ཞིང་།] ཨོཾ་མཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་ས་པ་རི་ཝཱ་ར་གཙྪ། [ཞེས་པས་ཀླུ་རྣམས་རང་གནས་སུ་གཤེགས།] ཛཿཧཱུྃ་བྃ་ཧོཿས་རྡོ་རྗེ་སེམས་དཔའ་རང་ལ་ཐིམ་པར་[མོས། མཆོད་གཏོར་མཎྜལ་གྱི་ཚོམ་བུ་རྣམས་ཆུར་གཤེགས་ཤིང་རེ་ཁཱ་ཡང་བཀྲུ། གང་དུ་རྡུལ་ཚོན་བླུགས་པའི་བུམ་པ་དེ་ཆུས་བཀང་ནས…
JDY014
· བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་སྒྲུབ་པ་ཆེན་པོའི་ཁོག་དབུབ་འཆི་མེད་བདུད་རྩིའི་རོལ་མཚོ།
ལྕམ་རྣམས༔ མི་འབྲལ་འགྲོགས་པའི་ཏིང་འཛིན་རྩེ་གཅིག་གིས༔ ས་བཅུ་རིམ་གྱིས་ཁྱད་པར་བགྲོད་པར་ཤོག༔ ནམ་ཞིག་ཚེ་འཕོས་འཆི་བའི་དུས་བྱུང་ཚེ༔ མ་རིག་དབང་གིས་འཁོར་བར་ལྷུང་སྲིད་ན༔ སྣང་གསལ་མར་མེས་མ་རིག་སྡུག་བསྔལ་སོལ༔ ཉོན་མོངས་དབང་གིས་རིགས་དྲུག་གནས་འཁྱམས་ན༔ སྣང་གསལ་མར་མེས་འགྲོ་དྲུག་སྡུག་བསྔལ་སོལ༔ རྒྱུ་མཆོག་འདི་ཡིས་ས་བཅུ་ཡ…
JDY014
· བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་སྒྲུབ་པ་ཆེན་པོའི་ཁོག་དབུབ་འཆི་མེད་བདུད་རྩིའི་རོལ་མཚོ།
དཀྱུས་སུ་བསྟན་པ་ལྟར་སྨོན་ལམ་ནན་ཏན་དུ་བྱའོ། །བདུན་པ་བཀྲ་ཤིས་བརྗོད་པ་ནི། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་གི་ཆར་དབབ་ལ། ཞལ་ནས་གསུངས་པའི་ཐོག་དྲངས་ལས་བྱང་ནས་འབྱུང་བས་མཚོན་ཤིས་པ་རྒྱ་ཆེར་བརྗོད་ཅིང་རོལ་མོ་སྣ་ཚོགས་ཀྱི་སྒྲ་སྙན་ལ་ཡུན་རིང་བར་བསྒྲག་གོ །བརྒྱད་པ་དགའ་སྟོན་དང་གནས་སྲུང་བ་ནི། སླར་ཡང་ཞག་ལྔའམ་གསུམ་ལ་ས…
JDY014
· བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་སྒྲུབ་པ་ཆེན་པོའི་ཁོག་དབུབ་འཆི་མེད་བདུད་རྩིའི་རོལ་མཚོ།
ལས་ཐུན་བཞིའི་ངེས་པ་མ་འགྲུབ་ཀྱང་རུང་། འགྲུབ་ན་བདག་འཇུག་རེ་ལེན། ནུབ་ཐ་མར་དངོས་གྲུབ་ལེན་པ་དང་། ལྕོགས་ན་རྒྱས་པའི་སྦྲིན་སྲེག་བྱ། དཀྱིལ་འཁོར་བསྡུ་བ་དང་། ཕུར་བུ་ཕྱུང་ལ་རྡུལ་ཚོན་དབྱེ་ཞིང་ཆུ་བོར་གཤེགས། མར་མེ་སྨོན་ལམ་དང་ཤིས་པ་བརྗོད་པས་མཐའ་རྒྱས་པར་བྱས་པ་ཙམ་གྱིས་འགྲུབ་སྟེ་འདོར་ལེན་གྱི་དམིགས་ཕྱེད་ཤེས་པར་བྱའོ། །ས…
JDY014
· བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་སྒྲུབ་པ་ཆེན་པོའི་ཁོག་དབུབ་འཆི་མེད་བདུད་རྩིའི་རོལ་མཚོ།
པདྨ་བདག་གིས་ཕྱི་རབས་བསླུས༔ ཚེ་སྒྲུབ་བྱེ་བ་ཕྲག་བརྒྱ་ཡིས༔ སྙིང་པོ་སྲོག་གི་ཐིག་ལེར་བསྡུས༔ རིན་ཆེན་གཏེར་གཅིག་ཁོ་ནའོ༔ ཞེས་བདེན་གསུང་རྡོ་རྗེའི་གསུང་གི་རྗེས་སུ་གདམས་པ་ཉིད་ནམ་ཡང་མི་བསླུ་བའི་ཚད་མ་མཆོག་ཏུ་ངེས་པ་ཡིན་ནོ། །འཆི་མེད་སྒྲུབ་པའི་གདམས་ཟབ་རྨད་དུ་བྱུང་བ། །འཆི་མེད་རིག་འཛིན་པདྨའི་ཐུགས་ཀྱི་བཅུ། །འཆི་མེད་སྲ…
JDY014
· བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་སྒྲུབ་པ་ཆེན་པོའི་ཁོག་དབུབ་འཆི་མེད་བདུད་རྩིའི་རོལ་མཚོ།
ཡི་གེར་འབེབས་པ་པོ་ནི་ལྷོ་མོན་ཙནྡན་ནགས་མའི་ལྗོངས་ཀྱི་རིགས་བྱེད་པ་བསོད་ནམས་རྒྱལ་མཚན་གྱིས་བགྱིས་པའོ། །འདིས་ཀྱང་ཟབ་ཆོས་ཀྱི་འཕྲིན་ལས་ཕྱོགས་མཐར་ཁྱབ་ཅིང་རྟག་པ་དང་སྐལ་བཟང་རྣམས་རིང་པོར་འཚོ་བའི་དགའ་སྟོན་ལ་སྤྱོད་བཞིན་པདྨ་ཚེ་མཐའ་ཡས་པའི་གོ་སར་བདེ་མྱུར་ཏུ་བཀྲི་བའི་གཞིར་གྱུར་ཅིག །། སརྦ་དཱ་མངྒ་ལཾ།། །།]
JDY014
· བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་འཕྲིན་ལས་དང་འབྲེལ་བར་རྒྱས་པའི་སྦྱིན་སྲེག་གི་ཆོ་ག་ཚེ་དབང་བདེ་ཆེན་རབ་འབར།
༄༅། །ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་འཕྲིན་ལས་དང་འབྲེལ་བར་རྒྱས་པའི་སྦྱིན་སྲེག་གི་ཆོ་ག་ཚེ་དབང་བདེ་ཆེན་རབ་འབར་ཞེས་བྱ་བ་བཞུགས་སོ། །
JDY014
· བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་འཕྲིན་ལས་དང་འབྲེལ་བར་རྒྱས་པའི་སྦྱིན་སྲེག་གི་ཆོ་ག་ཚེ་དབང་བདེ་ཆེན་རབ་འབར།
ཨོཾ་སྭསྟི། འགྲིབ་མེད་ལང་ཚོ་འབར་བའི་ཞུགས་ཀྱི་ལྕེས། །མཚན་མའི་ཀུན་རྟོག་བསྲེག་བྱ་འབུམ་ཟོས་ཏེ། །བདེ་ཆེན་སྣང་པ་འོད་དུ་གསལ་མཛད་པ། །བླ་མ་འཆི་མེད་པདྨས་དགེ་བར་སྲུངས། །[དེའང་འཆི་མེད་སྲོག་གི་ཐིག་ལེའི་སྒྲུབ་ཕྲིན་དང་འབྲེལ་བར་ཚེ་བསོད་རྒྱས་པའི་སྲེག་བླུགས་ཀྱི་ཆོ་ག་ཟབ་མོ་བསྒྲུབ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །…
JDY014
· བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་འཕྲིན་ལས་དང་འབྲེལ་བར་རྒྱས་པའི་སྦྱིན་སྲེག་གི་ཆོ་ག་ཚེ་དབང་བདེ་ཆེན་རབ་འབར།
ཙམ་བྱས་རྗེས། རྒྱལ་པོའི་བང་མཛོད་ཀྱི་འོག་དང་ཞིང་ས་བཟང་པོ་སོགས་དཔལ་ཅན་གྱི་ས་ལས་བསྐྲུན་པའི་ཐབ་སྟེགས་གྲུ་བཞི་ཁོད་སྙོམས་པར་བྱས་པའི་སྟེང་དུ་ཐབ་ཁུང་གྲུ་བཞི་རྒྱར་ཁྲུ་དོ་དཔངས་སུ་ཁྲུ་གང་བ། ཐབ་ཀྱི་སྟེང་དུ་མུ་རན་ནམ་མཆུ་སོར་བརྒྱད་དོར་བའི་རྒྱར་དཔངས་སོར་བརྒྱད་པའི་ཁ་ཁྱེར་བགས་ཀྱིས་གཞོལ་བའི་ཁ་ཁྱེར་ལ་རིན་པོ་ཆེའི་ཕྲེང་བ…
JDY014
· བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་འཕྲིན་ལས་དང་འབྲེལ་བར་རྒྱས་པའི་སྦྱིན་སྲེག་གི་ཆོ་ག་ཚེ་དབང་བདེ་ཆེན་རབ་འབར།
བརྒྱད་པའི་ལྟེ་བར་སོར་དྲུག་པའི་རིན་པོ་ཆེས་མཚན་པ། མཆུའམ་མུ་རན་ལ་མེ་རི་སེར་པོ་གཡས་བསྐོར་དུ་འབར་བ་དང་། ཁ་ཁྱེར་རིན་པོ་ཆེའི་ཕྲེང་བས་བསྐོར་ཞིང་ཟུར་བཞི་ལའང་རིན་པོ་ཆེ་འབར་བ་རེ་བཅས་བྲི། དེར་ཚེར་མ་མེད་པའི་འབྲས་བུ་ཅན་གྱི་ཤིང་འོ་མར་བཅས་པའི་གུར་གུམ་གྱི་ཆབ་ཀྱིས་བྲན་པས་ཁྲུ་གང་ཙམ་དུ་གྲུ་བཞིར་བརྩིགས་པའི་ནང་གི་ཤར་ལྷོའ…
JDY014
· བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་འཕྲིན་ལས་དང་འབྲེལ་བར་རྒྱས་པའི་སྦྱིན་སྲེག་གི་ཆོ་ག་ཚེ་དབང་བདེ་ཆེན་རབ་འབར།
ལས་བུམ། རྡོ་དྲིལ་བར་དུ་དགང་བླུགས་ཁ་སྦྱར་བ་བཅས་བཞག །གཞན་ཡང་མེ་དར་རླུང་གཡབ་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ལེགས་པར་འདུ་བྱས་ལ། སློབ་དཔོན་རྒྱན་ཆས་སེར་པོ་བགོས་ཏེ་དགའ་བའི་སེམས་ཀྱིས་དར་ཟབ་སོགས་སྟན་སེར་བོ་ལ་བཟང་པོའི་སྟབས་ཀྱིས་ཁ་བྱང་དུ་ཕྱོགས་པས་འཁོད་ནས་བདག་གི་རྣལ་འབྱོར་ལ་གནས་པས་ལས་རིམ་ལ་འཇུག །སྒྲུབ་མཆོད་དང་འབ…
JDY014
· བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་འཕྲིན་ལས་དང་འབྲེལ་བར་རྒྱས་པའི་སྦྱིན་སྲེག་གི་ཆོ་ག་ཚེ་དབང་བདེ་ཆེན་རབ་འབར།
པའི་དགང་གཟར་བླུགས་མཚན་ཉིད་ཐམས་ཅད་དང་ལྡན་པ། རང་གི་སྙིང་གནས་འོད་ཟེར་འཕྲོས་ཡེ་ཤེས་ལྷའི་ཐུགས་རྒྱུད་བསྐུལ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡེ་ཤེས་སེམས་དཔའ་འོད་ཟེར་གྱི་ཚུལ་དུ་བཀུག །དགང་བླུགས་ལ་ཐིམ་པས་དངོས་གྲུབ་འབྱུང་པོའི་དམ་ཚིག་གི་ཡོ་བྱད་དུ་གྱུར་[པར་བསམ། ཕྱི་ནང་གི་མཆོད་རྫས་རྣམས་བསང་སྦྱངས་ཏེ་བྱིན་གྱིས་བརླབ་པ་ལས་…
JDY014
· བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་འཕྲིན་ལས་དང་འབྲེལ་བར་རྒྱས་པའི་སྦྱིན་སྲེག་གི་ཆོ་ག་ཚེ་དབང་བདེ་ཆེན་རབ་འབར།
ཀུ་ཤུ་སྔོ་ལྗང་དྲི་མ་མེད་པ་ལས་བུམ་གྱིས་ཆུས་བྲན་ཏེ།] ཨོཾ་ཧྱ་གྲཱི་ཝ་བིགྷྣན་ན་ཤ་ཡ་ཧཱུྃ་ཕཊ༔ [ཅེས་བསང་ལ།] ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་ནི་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱཧཱ། [ཞེས་ཀུ་ཤ་ཐབ་ཀྱི…
JDY014
· བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་འཕྲིན་ལས་དང་འབྲེལ་བར་རྒྱས་པའི་སྦྱིན་སྲེག་གི་ཆོ་ག་ཚེ་དབང་བདེ་ཆེན་རབ་འབར།
ཞལ་གཅིག་ཕྱག་བཞི་པ། གཡས་དང་པོས་དབྱུག་ཏོ། གཉིས་པ་ན་བགྲང་ཕྲེང་། གཡོན་དང་པོ་ན་རིལ་བ་སྤྱི་བླུགས། གཉིས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན་དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར། [དྲིའི་ཐིག་ལེ་གནས་གསུམ་དུ་བཀོད་ཚུལ་བྱས་ལ།] དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། བདག་གི་ཐུགས་ཀ་ནས་འ…
JDY014
· བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་འཕྲིན་ལས་དང་འབྲེལ་བར་རྒྱས་པའི་སྦྱིན་སྲེག་གི་ཆོ་ག་ཚེ་དབང་བདེ་ཆེན་རབ་འབར།
གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག༔ ཨོཾ་སྭབྷ་ཝ་ཤུདྡྷོཿསྭཱཧཱཿ བདག་ཅག་མེ་ཏོག་སྤོས་རབ་དང་༔ མར་མེ་དྲི་ཆབ་ལྷ་ཡི་བཤོས༔ སྦྱིན་སྲེག་མཆོད་པ་འདི་འབུལ་གྱིས༔ བཞེས་ནས་བདག་ལ་དགྱེས་པར་མཛོད༔ ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿ[ནས་ཤཔྡའི་བར་གྱིས་མཆོད།] ཧཱུྃ༔ གཟི་བརྗིད་ཆེན་པོ་མེ་ཡི་ལྷ༔ འདོད་པ་ཐམས་ཅད་སྩོལ་མཛད་པའི༔ བདག་གཞན་དོན་གྲ…
JDY014
· བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་འཕྲིན་ལས་དང་འབྲེལ་བར་རྒྱས་པའི་སྦྱིན་སྲེག་གི་ཆོ་ག་ཚེ་དབང་བདེ་ཆེན་རབ་འབར།
ཨོཾ་བི་མ་ལ་ཨགྣ་ཡེ་སྭཱཧཱ། [ཞེས་གཡས་པའི་བླུགས་གཟར་བདུན་གྱིས་གཡོན་པའི་དགང་གཟར་བཀང་བའི་གཟར་བུ་ཁ་སྦྱར་པུས་མོའི་ནང་ལས་ཕྱིར་མི་འདའ་བས་གཡས་སུ་བསྐོར་ཞིང་།] ཨོཾ་པཱ་བ་ཀ་ཨགྣ་ཡེ་[ཞེས་པའི་མཐར།] རྣལ་འབྱོར་པ་བདག་ཅག་[གམ།] སྐྱེས་མཆོག་རིག་པ་འཛིན་པ[འམ།] སྦྱིན་པའི་བདག་པོ་[སོགས་སྐབས་ཐོབ་བཞིན་ཁ་བསྒྱུར་ལ།] སློབ་དཔོན་འཁོར་ད…
JDY014
· བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་འཕྲིན་ལས་དང་འབྲེལ་བར་རྒྱས་པའི་སྦྱིན་སྲེག་གི་ཆོ་ག་ཚེ་དབང་བདེ་ཆེན་རབ་འབར།
པ་ཐམས་ཅད༴ [ཏིལ།] ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱཧཱ༔ སྡིག་སྒྲིབ་ཞི་བ་ཕུན་སུམ་ཚོགས་པ༴ [ཞོ་ཟན་ནམ་ཟས་མཆོག །]ཨོཾ་སརྦ་སམྤ་དེ་སྭཱཧཱ༔ བདེ་བ་ཕུན་སུམ་ཚོགས་པ༴ [འབྲས།] ཨོཾ་བཛྲ་པུཥྚ་ཡ་སྭཱཧཱ༔ བསོད་ནམས་ཕུན་སུམ་ཚོགས་པ༴ [ནས།] ཨོཾ་མཧཱ་བེ་ག་ཡ་སྭཱཧཱ༔ ཤུགས་ཕུན་སུམ་ཚོགས་པ༴ [སོ་བ།] ཨོཾ་བཛྲ་བི་ཛ་ཡ་སྭཱཧཱ༔ ནོར་དང་འབྲུ་ཕུན་སུམ…
JDY014
· བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་འཕྲིན་ལས་དང་འབྲེལ་བར་རྒྱས་པའི་སྦྱིན་སྲེག་གི་ཆོ་ག་ཚེ་དབང་བདེ་ཆེན་རབ་འབར།
སུ་སྐྱོབ་པའི་ཕྱིར༔ ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ༔ རིགས་སྔགས་གྲུབ་པའི་དྲང་སྲོང་ཚུལ༔ ཉོན་མོངས་སྲེག་པའི་ཤེས་རབ་འོད༔ བསྐལ་པའི་མེ་བཞིན་གཟི་བརྗིད་འབར༔ མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན༔ ཐབས་ཀྱི་སྤྲུལ་པའི་ཐེག་པ་བཅིབས༔ བགྲང་ཕྲེང་འཛིན་ཞིང་རིག་སྔགས་གསུང༔ བདུད་རྩིའི་བཅུད་ལྡན་གུནྡྷེ་བསྣམས༔ ཆོས་ཀྱི་བདུད་རྩི་ཡོངས་ལ་…
JDY014
· བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་འཕྲིན་ལས་དང་འབྲེལ་བར་རྒྱས་པའི་སྦྱིན་སྲེག་གི་ཆོ་ག་ཚེ་དབང་བདེ་ཆེན་རབ་འབར།
པར་དུ་མཛད་དུ་གསོལ། མཁྱེན་པ་དང་བརྩེ་བ་མཐུ་སྟོབས་ནུས་རྩལ་ཉམས་དང་རྟོགས་པ་ས་ལམ་གྱི་ཡོན་ཏན་དཀར་པོའི་བསམ་སྦྱོར་ཐམས་ཅད་གོང་ནས་གོང་དུ་འཕེལ་བར་མཛད་དུ་གསོལ། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་ཀྱི་ཡོན་ཏན་ཇི་སྙེད་པ་ཐམས་ཅད་དབྱར་གྱི་ཆུ་གཏེར་དང་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། པུཥྚ…