Author
About 40% of texts have an author recorded — this list will grow as more are attributed.
815 results
— page 34 of 41
JTN010
· ཏཱ་ར་ནཱ་ཐ།
སྙིང་པོ་དོན་གསུམ་གྱི་ཁྲིད།
ཨོཾ་སྭཱ་སྟི། འདིར་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་ལུང༌། རྗེ་བཙུན་མི་ཏྲ་ཛོ་གིའི་གདམས་པ། སྙིང་པོ་དོན་གསུམ་གྱི་ཉམས་ལེན་མདོར་བསྡུས་པ་ནི་འདི་ཡིན་ཏེ། ཚེ་འདིར་རྒྱུན་གྱི་ཡི་དམ་བསྒོམ། །འཆི་ཁར་འཕོ་བའི་མན་ངག་བསྒོམ། །བར་དོར་བསྲེ་བ་བསྒོམ་པར་བྱ། །རྒྱུན་དུ་བསྒོམ་པ་ཀུན་གྱི་གནད།། ཅེས་གསུངས་ཏེ། ཚེ་འདིར་སྒོམ་པ་རྒྱུན་གྱི་ར…
JTN010
· ཏཱ་ར་ནཱ་ཐ།
སྙིང་པོ་དོན་གསུམ་གྱི་ཁྲིད།
ཡང་རྗེས་སུ་མི་འབྲང༌། ལས་བཟང་ངན་གྱི་དབང་གིས་རིགས་དྲུག་ཏུ་སྐྱེ་བ་ལེན་པ་ན། གང་དུ་སྐྱེས་ཀྱང་སྐྱིད་མེད་སྡུག་བསྔལ་འབའ་ཞིག་ཡིན་སྙམ་པ་དང༌། ཁམས་གསུམ་འཁོར་བ་ཐམས་ཅད་སྡུག་བསྔལ་ཡིན་པ། དེ་ཡང་ལེགས་པར་བརྟགས་ན་མཁའ་མཉམ་འགྲོ་དྲུག་གི་སེམས་ཅན་དྲིན་ཅན་ཕ་མ་རྣམས་སྡུག་བསྔལ་མཐའ་མེད་པ་མྱོང་བ་ཡིན་སྙིང་རེ་རྗེ། འདི་རྣམས་སྡུག་བསྔ…
JTN010
· ཏཱ་ར་ནཱ་ཐ།
སྙིང་པོ་དོན་གསུམ་གྱི་ཁྲིད།
སྐུའི་ངོ་བོ་ནི་དེ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །སྤྲུལ་སྐུའི་ངོ་བོ་ནི། སྒོ་རེ་རེ་ན་སངས་རྒྱས་རེ་རེ་བཞུགས་པ། སྐུ་གསུམ་དབྱེར་མེད་ཀྱི་ངོ་བོ་མཆོད་རྟེན་གྱི་བུམ་པའི་ནང་ན་རྩ་བའི་བླ་མ་སྐུ་དངོས་སམ། རྡོ་རྗེ་འཆང་གི་རྣམ་པ་ཅན་ནོ། །མོས་གུས་དུང་བྱས་ལ། སྐྱེ་མེད་ཆོས་སྐུའི་ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །འགག་…
JTN010
· ཏཱ་ར་ནཱ་ཐ།
སྙིང་པོ་དོན་གསུམ་གྱི་ཁྲིད།
དེ་ཡང་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་གྱུར་པའི་ངང་ལ་བཞག གནད་གསུམ་པ་རང་སེམས་སྐྱེ་མེད་བསྒོམ་པའི་གདམས་ངག་ནི། ལུས་གནད་བཅས། དབུགས་རང་བབས་སུ་བཞག སེམས་དུས་གསུམ་གྱི་རྣམ་རྟོག་སྤངས་ཏེ། རང་བབས་སུ་ཤིག་གེ་རང་ཞལ་ལ་བལྟས་པས་ངོས་བཟུང་ཐམས་ཅད་དང་བྲལ་བ་ནི། གཞི་གཉུག་མ་གནས་པ་ལམ་དུ་བྱེད་པའོ། །གཟུགས་སྒྲ་དྲི་རོ་རེག་བྱའི་སྣང་བ་དང༌…
JTN010
· ཏཱ་ར་ནཱ་ཐ།
སྙིང་པོ་དོན་གསུམ་གྱི་ཁྲིད།
ལིངས་ཀྱིས་སོང༌། རང་སེམས་ལྷ་སྐུས་ཨོཾ་ཨཱཿཧཱུཾ། ཞེས་བརྗོད་པས། རང་ལུས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་འཕགས་ཚོགས་ཐམས་ཅད་སྤྱན་དྲངས། ཨོཾ་ཨཱཿཧཱུཾ་ཁོ་ན་བཟླ྄་བཞིན་པས། དང་པོར་རྩ་བའི་བླ་མ། དེ་ནས་བརྒྱུད་པའི་བླ་མ། ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་ཆོས་སྐྱོང་སྲུང་མ་རྣམས་ལ་ཕུལ་བས་ད…
JTN010
· ཏཱ་ར་ནཱ་ཐ།
སྙིང་པོ་དོན་གསུམ་གྱི་ཁྲིད།
ཞིག་ནར་གྱིས་བྱུང་ནས། རང་སྤྱན་རས་གཟིགས་སུ་གསལ་བ་འོད་ཀྱི་སྦུ་གུ་དེའི་ནང་དུ་ཆུད་པར་བསམ་སྟེ། ལམ་བཙལ་བའི་མན་ངག་གོ །དེ་ལྟར་མན་ངག་དེ་གསུམ་ནི་འཕོ་བའི་སྔོན་འགྲོའོ། །དེ་ནས་བྱམས་པའི་ཐུགས་ཀར་འཕོ་དགོས་པའི་འདུན་པ་དྲག་པོ་བྱས་པས། ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པ་སྦུ་གུའི་ནང་ན་མར་བྱུང༌། རང་སྤྱན་རས་གཟིགས་སུ་ག…
JTN010
· ཏཱ་ར་ནཱ་ཐ།
སྙིང་པོ་དོན་གསུམ་གྱི་ཁྲིད།
ཕྱི་གཟུགས་སུ་སྣང་ཚད་སྤྱན་རས་གཟིགས་ཀྱི་སྐུ་དང༌། སྒྲ་གྲགས་ཚད་སྔགས་སུ་མོས་པ་བྱ། ནང་རང་ལུས་སྤྱན་རས་གཟིགས་ཀྱི་སྐུ་དང༌། ངག་སྔགས་སུ་མོས་པ་བྱ། གསང་བ་སེམས་རང་སེམས་སྐྱེ་མེད་སྒོམ་པའི་སྐབས་སུ་བསྟན་པ་ལྟར་གནས་ལུགས་ལ་མཉམ་པར་འཇོག་པ་སྟེ། བསྒྱུར་བ་གསུམ་མོ། །རྗེས་ནི་བདག་གཞན་འགྲོ་དྲུག་གི་སེམས་ཅན་སྣོད་དང་བཅས་པ་ཐམས་ཅད་བད…
JTN010
· ཏཱ་ར་ནཱ་ཐ།
བཀའ་བབས་བདུན་དང་ལྡན་པའི་མན་ངག་གི་གཞུང་རྡོ་རྗེའི་ལམ་བཟང་པོ།
བཀའ་བབས་བདུན་དང་ལྡན་པའི་མན་ངག་གི་གཞུང་རྡོ་རྗེའི་ལམ་བཟང་པོ་ཞེས་བྱ་བ་སློབ་དཔོན་ཆེན་པོ་བདེ་ཆེན་རྡོ་རྗེ་ཤྲཱི་མཱདྡྷེ་རུ་ཀ་ཞི་བ་སྦས་པས་མཛད་པ་བཞུགས།
JTN010
· ཏཱ་ར་ནཱ་ཐ།
བཀའ་བབས་བདུན་དང་ལྡན་པའི་མན་ངག་གི་གཞུང་རྡོ་རྗེའི་ལམ་བཟང་པོ།
ཨོཾ་སྭཱ་སྟི། ཨོཾ་བཛྲ་དྷཱ་ར་ཡ་ན་མོ། རྒྱ་གར་སྐད་དུ། བཛྲ་སུ་མརྒྒ་ནཱ་མཿ བོད་སྐད་དུ། རྡོ་རྗེའི་ལམ་བཟང་པོ་ཞེས་བྱུང་བ། རྡོ་རྗེའི་འཛིན་པ་ལ་ཕྱག་འཚལ་ལོ། །མགོན་པོ་བདེ་བ་ཆེན་པོ་ནི། །བླ་མ་རྡོ་རྗེ་ཅན་ཞབས་འདུད། །མ་ལུས་རྒྱུད་རྣམས་ཐམས་ཅད་ཀྱི། །དེ་ཉིད་རབ་ཏུ་གསལབཤད་བྱ། །རྒྱུད་ཀྱི་དང་པོར་ཨེ་ཝཾ་ཡིག །ཕུང་པོ་ཀུན་གྱི་སྣོད་…
JTN010
· ཏཱ་ར་ནཱ་ཐ།
བཀའ་བབས་བདུན་དང་ལྡན་པའི་མན་ངག་གི་གཞུང་རྡོ་རྗེའི་ལམ་བཟང་པོ།
བསྐྱེད་པའི་རིམ་པ་ལེགས་གནས་པའི། །རྫོགས་པའི་རིམ་པ་འདིར་བསྒོམ་བྱོས། །རྟེན་དང་བརྟེན་པའི་རྒྱུ་ཡི་ཕྱིར། །ལུས་མེད་པ་ལ་བདེ་མེད་པས། །ལུས་ནི་དག་པའི་དཀྱིལ་འཁོར་ལ། །སེམས་ཀྱང་ཡང་དག་བདེ་བར་འགྱུར། །བསྙེན་པ་ཉེ་བའི་བསྙེན་པ་དང༌། །བསྙེན་པ་ཆེ་དང་སྒྲུབ་པར་བྱ། །བསྙེན་པ་ཉེར་སྒྲུབ་སྒྲུབ་པ་དང༌། །སྒྲུབ་པ་ཆེན་པོ་བསྒོམ་བྱ་ཞིང༌…
JTN010
· ཏཱ་ར་ནཱ་ཐ།
བཀའ་བབས་བདུན་དང་ལྡན་པའི་མན་ངག་གི་གཞུང་རྡོ་རྗེའི་ལམ་བཟང་པོ།
གློ་བུར་བ། །རང་བཞིན་སྐྱེ་འགག་མེད་པ་དང༌། །ཆོས་ཀུན་མཆོག་ཏུ་རྒྱས་བཏབ་ཚེ། །འདོད་ཆགས་ཆགས་བྲལ་ཀུན་ལས་འདས། །སྟོང་པ་མ་ཡིན་མི་སྟོང་མིན། །ཡོད་དང་མེད་དང་ཡོད་མེད་འདས། །རྣམ་པར་རྟོག་པའི་ཡུལ་ཀུན་སྤངས། །ཚིག་དང་མིང་དུ་བརྗོད་པ་བྲལ། །བསམ་གཏན་རྫུན་པས་མ་བསླད་པ། །འབད་རྩོལ་རྒྱུ་དང་བྲལ་བ་ཡང༌། །བླ་མའི་དྲིན་གྱིས་རྟོགས་པར་འགྱ…
JTN010
· ཏཱ་ར་ནཱ་ཐ།
བཀའ་བབས་བདུན་དང་ལྡན་པའི་མན་ངག་གི་གཞུང་རྡོ་རྗེའི་ལམ་བཟང་པོ།
རྒྱས་པ། །རྣམ་པ་ཀུན་ལྡན་ཆོས་གང་གིའང༌། །མ་གོས་མཆོག་ཏུ་དབེན་པའོ། །ཞེས་པ་ནི་ཕྱག་རྒྱ་ཆེན་པོའོ། ། ཨེ་ཝཾ་མཱ་ཡཱ་ཡི་གེ་མཆོག །འཁོར་ལོ་བཞི་ལ་རྣམ་པར་གནས། །སྤྲུལ་པ་ཆོས་དང་ལོངས་སྤྱོད་དང༌། །དེ་བཞིན་བདེན་ཆེན་འཁོར་ལོའོ། །བདུན་ཁྲི་ཉིས་སྟོང་དང༌། བརྒྱ་ཕྲག་ཉི་ཤུ་ལྷག་པ་དང༌། སུམ་ཅུ་རྩ་གཉིས་དང༌། རྩ་གསུམ་དང༌། ཨ་ཝ་དྷཱུ་ཏཱི་ད…
JTN010
· ཏཱ་ར་ནཱ་ཐ།
བཀའ་བབས་བདུན་དང་ལྡན་པའི་མན་ངག་གི་གཞུང་རྡོ་རྗེའི་ལམ་བཟང་པོ།
པར་དག་ལས་བདེ་ཆེན་སྐྱེ། །སངས་རྒྱས་ཡེ་ཤེས་སྐུ་ཡི་རྒྱལ། །རང་བཞིན་དང་ནི་མས་དང་ཡང༌། །རྣལ་འབྱོར་རྣམས་ཀྱི་གཏུམ་མོའོ། །གང་དུ་སེམས་སྤྱོད་དེར་རླུང་ཡང༌། །ཐིམ་འགྱུར་འདི་ལས་མཆོག་གཞན་མེད། །ཐིག་ལེའི་ཡི་གེ་རྩ་ལ་སོགས། །གང་བསྒོམ་དེས་ཀྱང་མཆོག་ཏུ་འགག །གཉིས་འགག་པ་ལས་འབར་བའམ། །འབར་ལས་དབུ་མ་འབྱེད་པར་འགྱུར། །རྩ་གཉིས་ལས་འགྲ…
JTN010
· ཏཱ་ར་ནཱ་ཐ།
བཀའ་བབས་བདུན་དང་ལྡན་པའི་མན་ངག་གི་གཞུང་རྡོ་རྗེའི་ལམ་བཟང་པོ།
དགའ་བ་དང༌། གཡོ་བ་དང༌། འདར་བ་ནི་དགའ་བ་བཞིའོ། །གང་བ་དང༌། མཆོག་དགའ་དང༌། འཆར་བ་དང༌། ནུབ་པ་ནི་མཆོག་དགའ་བཞིའོ། །འབར་བ་དང༌། ཁྱད་པར་གྱི་དགའ་བ་དང༌། སེམས་དང༌། ཐིག་ལེ་ནི་ཁྱད་པར་གྱི་དགའ་བ་བཞིའོ། །ཨོཊྚ་དང༌། ལྷན་ཅིག་སྐྱེས་པ་དང༌། གཉིད་དང༌། ནཱ་ད་ནི། ལྷན་སྐྱེས་བཞིའོ། ། འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་འཇུག་པར་མི་…
JTN010
· ཏཱ་ར་ནཱ་ཐ།
བཀའ་བབས་བདུན་དང་ལྡན་པའི་མན་ངག་གི་གཞུང་རྡོ་རྗེའི་ལམ་བཟང་པོ།
མའི་བྱེད་པ་ཅན། །སྣ་ཚོགས་དེ་བཞིན་རྣམ་སྨིན་དང༌། །རྣམ་ཉེད་དང་ནི་མཚན་ཉིད་བྲལ། །འདི་ཤེས་སྒྲུབ་ལ་རབ་འཇུག་སྟེ། །བློ་བརྟན་ནུས་དང་བཅས་པས་སོ། །སྦྱོར་བས་ལུས་ནི་དག་བྱས་ལ། །སྟེང་འོག་སྦྱོར་བས་གཅིག་ཏུ་བྱ། །སྒོ་དབྱེ་བཙན་ཐབས་སྦྱོར་བ་ནི། ། སྔགས་དང་འཁྲུལ་འཁོར་རབ་སྦྱོར་བའོ། །རྗེས་སུ་ཆགས་པས་སེམས་དབབ་སྟེ། །འདི་ལས་རང་བཞིན…
JTN010
· ཏཱ་ར་ནཱ་ཐ།
བཀའ་བབས་བདུན་དང་ལྡན་པའི་མན་ངག་གི་གཞུང་རྡོ་རྗེའི་ལམ་བཟང་པོ།
དང་ནི་རེག་པ་ཉིད། །འགྲོ་བ་སྒྱུ་མ་ཇི་བཞིན་བྱ། །གང་ཞིག་རྡོ་རྗེ་སེམས་སོགས་ཀྱི། །གཟུགས་བརྙན་སྣ་ཚོགས་རབ་བསྒྱུར་ཏེ། །གང་གང་སེམས་ཀྱི་ཡོང་སྤྲུལ་པས། །མི་སྐྱེ་དེ་ལས་ལེན་པ་འགགས། ཡང་ན་བཙན་ཐབས་སྦྱོར་བ་ཡིས། །ཚངས་པའི་སྒོ་ནི་དབྱེ་བར་བྱ། །དཔལ་ལྡན་བདེ་ཆེན་མགོན་པོ་ཡི། །ཞལ་གྱི་རིམ་པ་ལས་འོངས་པའོ། ། སྤྲིན་བྲལ་མཁའ་ལ་མཉམ་གཞ…
JTN010
· ཏཱ་ར་ནཱ་ཐ།
བཀའ་བབས་བདུན་དང་ལྡན་པའི་མན་ངག་གི་གཞུང་རྡོ་རྗེའི་ལམ་བཟང་པོ།
སྲེད་དང་[པ་ནི་ཡིད་དུ་འོང་བ་དུས་གསུམ་ལ་དམིགས་ནས་ཞེན་པའོ།།] སྲེད་པ་བར་མ་དང༌། །ཤིན་ཏུ་སྲེད་དང་ཉེར་ལེན་དང༌། ། [ལེན་པ་སྲེད་པའི་ཡུལ་འཇུག་པར་བྱེད་པའི་སེམས་སོ། ]མི་དགེ་[པ་ནི་འགྱོད་པའོ། །]བཀྲེས་དང་སྐོམ་ཉིད་དང༌། །ཚོར་དང་ཚོར་བ་བར་མ་དང༌། །ཤིན་ཏུ་ཚོར་བའི་སྐད་ཅིག་དང༌། །རིག་པ་པོ་དང་རིག་འཛིན་བཞི། །སོ་སོར་རྟོག་དང་ངོ…
JTN010
· ཏཱ་ར་ནཱ་ཐ།
བཀའ་བབས་བདུན་དང་ལྡན་པའི་མན་ངག་གི་གཞུང་རྡོ་རྗེའི་ལམ་བཟང་པོ།
གྱ་ཚོམ་[ནི་ཐེ་ཚོམ་སྟེ་བྱ་དཀའ་ལ་སྦྱོར་མ་ནུས་པའམ་ཚོམ་ཚོམ།]ཆེན་པོ་དྲག་པོའོ། །[ནི་ཁྲོ་བ།]རྣམ་པར་སྒེག་དང་ཞེ་འགྲས་ཉིད། །དགེ་དང་[པའི་ལས་ལ་ཡིད་རངས་པའོ།།] ཚིག་གསལ་[པ་ནི་གཞན་གྱི་གོ་བ་འདུ་ཤེས་མ་སྒྱུར་པ།] བདེན་པ[ར་སྨྲ་བ་]དང༌། །མི་བདེན་པ་[འདུ་ཤེས་བསྒྱུར་བ་ནི་ཡི་དམ་བརྟན་པོར་མི་འདོད་པའི་གོ་ཆའོ། །]དང་དེ་བཞིན་ངེས། །…
JTN010
· ཏཱ་ར་ནཱ་ཐ།
བཀའ་བབས་བདུན་དང་ལྡན་པའི་མན་ངག་གི་གཞུང་རྡོ་རྗེའི་ལམ་བཟང་པོ།
པར་བླ་མ་མཆོག་བཤད་རྣལ་འབྱོར་པ་ཉིད་ཡུལ། །ཇི་ལྟར་སྤྲིན་ནི་སྣ་ཚོགས་ཤིང༌། །མདོག་དང་དབྱིབས་ནི་ཐ་དད་པ། །ནམ་མཁའི་དབྱིངས་སུ་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །དེ་བཞིན་རང་བཞིན་ཐམས་ཅད་ནི། །སྣང་བ་གསུམ་གྱི་རྒྱུ་ཅན་ཏེ། །མ་ལུས་ཡུལ་ལ་ཞུགས་ནས་ནི། །འོད་གསལ་བར་ནི་འཇུག་པར་འགྱུར། །སྣང་བ་ཀུན་དང་བུད་མེད་སྦྱོར་བ་དང༌།…
JTN010
· ཏཱ་ར་ནཱ་ཐ།
བཀའ་བབས་བདུན་དང་ལྡན་པའི་མན་ངག་གི་གཞུང་རྡོ་རྗེའི་ལམ་བཟང་པོ།
ནུས་བྲལ་སྤྱོད་པ་མ་འཁྲུལ་བས། །བདེ་དང་འཇིགས་དང་ཡིད་མི་བདེ། །གང་ལའང་སེམས་ཁྲལ་ཡོངས་སྤངས་ནས། །ཇི་ལྟར་གདུང་བ་མེད་པར་སྤྱད༌། །ལུས་ནི་རྒྱལ་བ་ཐམས་ཅད་དང༌། །དེ་བཞིན་སེམས་ཅན་དོན་སྒྲུབ་ཕྱིར། །ཡང་ན་གནོད་བྱེད་རྣམས་ལ་སྦྱིན། །སེམས་ཀྱི་གཡོ་བ་བཅད་པར་བྱ། །ཡིད་ནི་གཞན་དུ་མ་གྱུར་པར། །སྣ་ཚོགས་སྤྱོད་པས་རང་དང་གཞན། །མཉམ་པ་ཉིད་…