Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      2841 results — page 25 of 143
      MJN002 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན། > བཅོ་བརྒྱད་པ་མཆོད་བསྟེན་ཚད་མེད་པའི་ལེའུ།
      གཞན་དོན་དུ་ལུས་དང་སེམས་ཅན་ཀྱི་སྡུག་བསྔལ་ཉམས་སུ་མྱོང་བ་ལ་ཡང་། གཞན་ལ་ཕན་འདོད་ཀྱི་བྱམས་པས་འདིའི་ཆེད་དུ་འགྱུར་བས་འདི་ནི་སྡུག་བསྔལ་མ་ཡིན་གྱི་དང་དུ་བླང་བར་བྱ་བའི་མཆོག་ཡིན་ནོ་སྙམ་དུ་བདེ་བ་ཡི་འདུ་ཤེས་རྙེད་པ་ཡིས། དེས་ཅི་ལ་ཡང་མི་བཟོད་པ་མེད་པའི་བཟོད་པའི་སྡོང་པོ་ཡངས་ཤིང་རྒྱས་པར་འགྱུར་རོ། །དེ་ལྟར་བཟོད་པའི་སྡོང་པ…
      MJN002 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན། > བཅོ་བརྒྱད་པ་མཆོད་བསྟེན་ཚད་མེད་པའི་ལེའུ།
      འབྲས་བུ་འབྱུང་བ་ལྟར་བྱང་ཆུབ་སེམས་དཔའི་སྐྱེ་བ་དང་གཞན་སྨིན་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའ་རང་གི་སྨོན་ལམ་གྱི་དབང་གིས་དང་། ཡུལ་སེམས་ཅན་གཉིས་ཀའི་དབང་གིས་འགྲུབ་བོ། །དྲུག་པ་སྙིང་རྗེའི་ཡོན་ཏན་བསྔགས་པ་ལ་རྣམ་གྲངས་གསུམ་སྤྱིར་བསྟན་པ་དང་། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ཡོན་ཏན་ཆེན་པོ་འབྱུང་བ་ནི། སྙིང་…
      MJN002 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན། > བཅོ་བརྒྱད་པ་མཆོད་བསྟེན་ཚད་མེད་པའི་ལེའུ།
      ལྟར་སྡུག་བསྔལ་ཉེ་བར་ཞི་བའི་མྱང་འདས་ལའང་ཡིད་ནི་མི་ཆགས་ཤིང་མི་གནས་ན་འཇིག་རྟེན་པ་ལྟར་འཇིག་རྟེན་ཟག་བཅས་ཀྱི་བདེ་བ་དང་རང་གི་ལུས་དང་སྲོག་ལ་ཆགས་པར་འགྱུར་བ་སྨོས་ཅི་དགོས་ཏེ་དེའི་ཕྱིར་འཁོར་འདས་ཀྱི་ཆོས་གང་ལའང་མ་ཆགས་པ་ཡིན་ནོ། །གསུམ་པ་ཁྱད་པར་འཕགས་པའི་ཡོན་ཏན་ནི། འཇིག་རྟེན་ན་མས་བུ་ལ་བྱམས་པ་ལ་སོགས་པ་དེ་ལྟ་བུའི་བྱམས་…
      MJN002 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན། > བཅོ་བརྒྱད་པ་མཆོད་བསྟེན་ཚད་མེད་པའི་ལེའུ།
      ཆེས་པ་ཉིད་དོ། །ཇི་ལྟར་འཇིག་རྟེན་ལས་འདས་པ་ཡིན་ཞེ་ན། འཇིག་རྟེན་འདི་ན་དབང་པོ་རྣོན་པོ་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་བྱང་ཆུབ་པ་ཉིད་དུ་རང་སངས་རྒྱས་པའམ་རང་གིས་རྟོགས་པའི། རང་རྒྱལ་དགྲ་བཅོམ་པ་ལ་ཡང་བྱམས་པ་དེ་ལྟ་བུ་མེད་ན་དེ་ལས་གཞན་ཉན་ཐོས་དང་འཇིག་རྟེན་པ་ལ་སྨོས་ཀྱང་ཅི་དགོས་པ་དེ་ལྟ་བུའི་བརྩེ་བ་དང་བྱམས་པ་དེ་ཇི་ལྟར་ན་འཇ…
      MJN002 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན། > བཅོ་བརྒྱད་པ་མཆོད་བསྟེན་ཚད་མེད་པའི་ལེའུ།
      ཚོགས་མྱོང་དགོས་པ་དང་། སེམས་ཅན་སྡུག་བསྔལ་ཅན་མང་པས་དེའི་སྡུག་བསྔལ་རང་གི་ཁུར་དུ་བླངས་ན་རང་སྡུག་བསྔལ་ལས་ནམ་ཡང་ག་ལ་ཐར་སྙམ་དུ་བསམས་ནས་སེམས་ཞུམ་པར་མི་བྱ་སྟེ། ཅིའི་ཕྱིར་ན་སེམས་ཅན་ལ་བརྩེ་བས་སྡུག་བསྔལ་བར་གྱུར་པ་གང་ཡིན་པ་བཤད་མ་ཐག་པ་དེ་ལྟ་བུ་ལ་དང་པོར་མོས་སྤྱོད་ཀྱི་ས་ན་ཀུན་ཏུ་སྐྲག་པ་སྐྱེ་བ་ཙམ་ཡོད་དེ། བདག་གཞན་མཉམ…
      MJN002 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན། > བཅོ་བརྒྱད་པ་མཆོད་བསྟེན་ཚད་མེད་པའི་ལེའུ།
      དང་མི་ལ་སོགས་པ་འཇིག་རྟེན་གྱི་བདེ་བ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་ཞིང་། རང་དོན་བྱས་པ་ཉན་རང་དགྲ་བཅོམ་པ་རྣམས་ཀྱང་བདེ་བ་དེ་ལྟ་བུ་དང་མི་ལྡན་པ་གང་ཡིན་པ་དེ་ལས་ངོ་མཚར་ཆེ་བ་ཅི་ཞིག་ཡོད་ཅེས་སོ། །དེ་ལྟར་ས་ཐོབ་ཕན་ཆད་འཁོར་བའི་སྡུག་བསྔལ་གྱིས་མི་འཇིགས་པ་ཡིན་ཡང་། མོས་སྤྱོད་ཀྱི་ས་ནས་འཁོར་བའི་རང་བཞིན་འབའ་ཞིག་ལ་བསམས་ན་…
      MJN002 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན། > བཅོ་བརྒྱད་པ་མཆོད་བསྟེན་ཚད་མེད་པའི་ལེའུ།
      སེམས་བསྐྱེད་པར་བྱས་ནས་སངས་རྒྱས་བྱང་སེམས་རྣམས་ལ་དེ་ལྟར་འགྲུབ་པའི་གསོལ་བ་བཏབ་ཅིང་དགེ་བའི་རྩ་བ་རྣམས་དེ་ལྟ་བུའི་ཆེད་དུ་ཡོངས་སུ་བསྔོ་བ་བྱས་ན་ཐེག་པ་ཆེན་པོའི་ལམ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་མྱུར་དུ་འཇིགས་པ་མེད་པར་དབུགས་དབྱུང་བར་འགྱུར་རོ། །བརྟན་པ་བྱང་ཆུབ་སེམས་དཔས་གཞན་ལ་བརྩེ་བ་དང་ལྡན་པའི་སྦྱིན་པ་ལེན་དང་རྣམ་ས…
      MJN002 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན། > བཅོ་བརྒྱད་པ་མཆོད་བསྟེན་ཚད་མེད་པའི་ལེའུ།
      པ་ཡིན་ན་སྙིང་རྗེ་ཅན་དེ་རྣམས་སེམས་ཅན་གཞན་ལ་ཕན་པའི་ཕྱིར། དེ་དག་གི་སྡུག་བསྔལ་ཅི་སྟེ་དང་དུ་ལེན་པའམ་ཁས་ལེན་བྱེད་པར་མི་འགྱུར་ཏེ། གཞན་གྱི་སྡུག་བསྔལ་མཐའ་དག་དང་དུ་ལེན་པ་ཉིད་དོ། །བརྩེ་བ་དང་ལྡན་པ་བྱང་ཆུབ་སེམས་དཔའི་སྙིང་རྗེའི་སྦྱིན་པ་གང་ཡིན་པ་དང་ལོངས་སྤྱོད་དང་ནི་ཞེས་པ་འོག་གི་འཕེལ་བར་འགྱུར་ཞེས་པའི་ཚིག་འདི་མཐའི་ག…
      MJN002 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན། > བཅོ་བརྒྱད་པ་མཆོད་བསྟེན་ཚད་མེད་པའི་ལེའུ།
      འཕེལ་བ་དང་སྦྱིན་པ་དེ་ཡི་མཐུས་བྱས་པའི་བདེ་བ་ནི་སྦྱིན་པའི་དབང་གིས་བྱང་ཆུབ་སེམས་དཔའ་རྣམས་ལོངས་སྤྱོད་ཕོངས་པ་མེད་པ་དང་ལྡན་པར་གྱུར་ནས་སེམས་ཅན་ལ་ཕན་འདོགས་པའི་མཐུ་ཡོད་པར་གྱུར་པའི་ཕྱིར། དེའི་མཐུས་བྱས་པའི་བདེ་བ་བྱང་ཆུབ་སེམས་དཔའ་རྣམས་ལ་འཕེལ་བར་འགྱུར་ཏེ། ལོངས་སྤྱོད་མེད་ན་སྦྱིན་པར་འདོད་ཀྱང་ཕ་རོལ་གྱི་རེ་བ་རྫོགས་པ…
      MJN002 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན། > བཅོ་བརྒྱད་པ་མཆོད་བསྟེན་ཚད་མེད་པའི་ལེའུ།
      དྲང་བར་བྱ་ཞིང་། བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལ་རིམ་པར་བཀྲི་བའམ་འཁྲིད་པར་བྱ་ཞེས། སེམས་ཅན་གཏོང་བ་ལ་གོམས་པའི་ཤུགས་ཞེན་པ་རྣམས་ལ་བསྐུལ་ཞིང་རབ་ཏུ་སྨྲ་བ་དང་འདྲའོ། །སེམས་ཅན་ཕྲག་དོག་ཅན་རྣམས་ཕ་རོལ་བདེ་བར་མཐོང་ན་མི་དགའ་ཞིང་སྡུག་བསྔལ་བར་མཐོང་ན་དགའ་བར་འགྱུར་ཡང་། བྱང་ཆུབ་སེམས་རྣམས་དེ་ལས་བཟློག་པ་སྟེ། སྙིང་རྗེས་…
      MJN002 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན། > བཅོ་བརྒྱད་པ་མཆོད་བསྟེན་ཚད་མེད་པའི་ལེའུ།
      སློབ་མ་ལྟ་བུ་ལ་འདོམས་པ་དང་འདྲ་བའི་ཚུལ་དུ་འགྲེལ་པ་ལས་གསུངས་ཀྱང་། དོན་འདྲ་ལ་གོ་བདེ་བས་འདི་ལྟར་བཤད་ཀྱང་ཆོག་པར་མཐོང་ངོ་། །གལ་ཏེ་ལོངས་སྤྱོད་རྣམས་ཀྱིས་གཞན་བདེ་བར་བྱས་ཀྱང་། དེའི་འབྲས་བུ་རང་འབའ་ཞིག་ལ་ཐོབ་པར་རེ་བས་སྦྱིན་པ་ནི་བྱང་ཆུབ་སེམས་དཔའི་ཆ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་རང་དོན་དང་གཞན་དོན་ཐ་དད་དུ་མི་འདོ…
      MJN002 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན། > བཅོ་བརྒྱད་པ་མཆོད་བསྟེན་ཚད་མེད་པའི་ལེའུ།
      གཞན་ལ་སྙིང་ཐག་པ་ནས་བཏང་བར་བྱས་ཏེ་སྦྱིན་པ་པོ་བྱང་ཆུབ་སེམས་དཔའ་རང་དོན་ལ་མ་ཆགས་པ་རྣམས་ལོངས་སྤྱོད་མི་འདོད་ཀྱང་རུང་སྟེ། ལོངས་སྤྱོད་ཤིན་ཏུ་མང་ལ་དངོས་པོ་བཟང་པོ་དང་འཕྲད་པ་རྒྱུ་འབྲས་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ནོ། །དེ་ལྟར་གྱུར་པའི་ཚེ་ན་ཡང་བདག་ནི་ཟག་བཅས་ཀྱི་ལོངས་སྤྱོད་པའི་བདེ་བ་འདོད་པ་མ་ཡིན་ཏེ། ལོངས་སྤྱོད་འབྱོ…
      MJN002 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན། > བཅོ་བརྒྱད་པ་མཆོད་བསྟེན་ཚད་མེད་པའི་ལེའུ།
      འབྲས་བུ་རྣམ་པར་སྨིན་པའང་བདག་གིར་མི་བྱེད་པར་ཤིན་ཏུ་གཞན་ལ་གཏོང་བ་ཡིན་ནོ་ཞེས་སྙིང་རྗེས་སྦྱིན་པ་ལ་སྨྲས་པའི་ཚུལ་གྱིས་ལུས་ལོངས་སྤྱོད་དགེ་བའི་རྩ་བ་ཐམས་ཅད་ལ་རང་དོན་དུ་མ་ཆགས་པར་གཞན་ལ་ཡོངས་སུ་གཏོང་བའི་ཚུལ་ལ་བློ་སྦྱོང་ཚུལ་བསྟན་པ་ཡིན་ནོ། །སྙིང་རྗེས་སྦྱིན་པའི་ཡོན་ཏན་གྱི་དོན་བསྡུས་ཏེ་བསྔགས་པ། རྒྱལ་སྲས་རྣམས་ཀྱི་བར…
      MJN002 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན། > བཅོ་བརྒྱད་པ་མཆོད་བསྟེན་ཚད་མེད་པའི་ལེའུ།
      བསྔལ་བ་དང་། གནོད་སྦྱིན་སྲིན་པོ་སོགས་མ་རུང་བ་ལ་འཁོར་སྦྱིན་པ་སོགས་མདོར་ན་རང་ལ་དབང་བའི་འཁོར་རྣམས་ལ་གནོད་པ་མེད་པ་ནི། རྗེས་སུ་སྲུང་བ་དང་བཅས་པར་སྦྱིན་པའོ། །འཚོལ་བ་མེད་པར་སྦྱིན་པ་ནི། སེམས་ཅན་ཕོངས་པར་ཤེས་ནས་དེ་དག་གིས་ཆེད་དུ་མ་སློང་ཡང་དེ་ལ་ཕན་པའི་ཆེད་དུ་རང་གི་ལག་ནས་སྦྱིན་ཀྱི་སྦྱིན་གནས་གཞན་ཡོངས་སུ་མི་འཚོལ་བའམ…
      MJN002 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན། > བཅོ་བརྒྱད་པ་མཆོད་བསྟེན་ཚད་མེད་པའི་ལེའུ།
      གཏོང་བ་ནི་གོང་དུ་དག་པའི་གཞི་སྦྱིན་པ་དང་དོན་གཅིག་སྟེ་དངོས་པོ་དག་པ་གཏོང་བ་དང་། བྱང་ཆུབ་ཏུ་བསྔོ་བ་གཏོང་བ་ནི། སྦྱིན་པ་བྱས་པ་སྟེ་མཐོ་རིས་ཀྱི་བདེ་བ་དང་ཉན་རང་གི་མྱང་འདས་ཀྱི་ཕྱིར་མི་བསྔོ་བར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་བསྔོ་བས་བླ་མེད་བྱང་ཆུབ་ལ་གཞོལ་བ་དང་། དགེ་བ་བསྔོ་བའི་གཏོང་བ…
      MJN002 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན། > བཅོ་བརྒྱད་པ་མཆོད་བསྟེན་ཚད་མེད་པའི་ལེའུ།
      ཐལ་བ་འདྲ། །བྱིན་ནས་དགའ་བར་འགྱུར་གྱི་གླིང་ཐོབ་དེ་ལྟར་མིན། །ཞེས་གསུངས་པ་བཞིན་ནོ། །བདུན་པ་སྙིང་རྗེ་སྐྱེ་བའི་རྒྱུ་བཤད་པ་ནི། ཕར་ཕྱིན་དྲུག་སྒྲུབ་པ་དང་བྲལ་བའི་སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེ་སྟེ་སེར་སྣའི་དབང་གིས་སེམས་རྒྱུད་བཀྲེན་ཅིང་འཇུངས་པར་གྱུར་ནས་ཅུང་ཟད་གཏོང་མི་ནུས་པ་རྣམས་ལ་སྙིང་བརྩེ་བས་སེར་སྣའི་སྐྱོན་དང་ས…
      MJN002 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན། > བཅོ་བརྒྱད་པ་མཆོད་བསྟེན་ཚད་མེད་པའི་ལེའུ།
      སྙིང་རྗེ་སྐྱེ་བའི་རྐྱེན་ནི་བཞི་སྟེ། དམིགས་རྐྱེན་ནི་ཁམས་གསུམ་ཟག་བཅས་ཀྱི་ཚེ་རབས་བདེ་བ་ཐམས་ཅད་ལ་འགྱུར་བའི་སྡུག་བསྔལ་གྱིས་ཁྱབ་པ་དང་སྡུག་བསྔལ་བའི་ཚོར་བ་ཐམས་ཅད་སྡུག་བསྔལ་གྱི་སྡུག་བསྔལ་གྱིས་ཁྱབ་པ་དང་། ཚོར་བ་བཏང་སྙོམས་ལ་འདུ་བྱེད་གྱི་སྡུག་བསྔལ་གྱིས་ཁྱབ་པས་གང་ཅི་ཚོར་བ་ཐམས་ཅད་སྡུག་བསྔལ་བ་ལས་མ་འདས་པས་དེ་ལ་དམིགས…
      MJN002 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན། > བཅོ་བརྒྱད་པ་མཆོད་བསྟེན་ཚད་མེད་པའི་ལེའུ།
      སྙིང་རྗེ་མཉམ་པ་ཉིད་ཀྱི་ཁྱད་པར་དུ་འཕགས་པ་ནི། བྱང་ཆུབ་སེམས་དཔའི་སྙིང་རྗེ་ནི་མཉམ་པར་ཤེས་པར་བྱ་སྟེ། ཇི་ལྟར་ན་འཇིག་རྟེན་པ་རྣམས་གཉེན་བཤེས་ཀྱི་ཚོགས་ལ་སྙིང་རྗེ་ཡང་དགྲ་ལ་སྙིང་རྗེ་མི་སྐྱེ་བར་ཞེ་སྡང་བར་བྱེད་ཅིང་བར་མ་རྣམས་ལའང་སྙིང་རྗེ་མི་སྐྱེ་བ་དང་། ཉན་རང་རྣམས་ཀྱིས་སྡུག་བསྔལ་བ་རྣམས་ལ་སྙིང་རྗེ་སྐྱེ་ཡི་ཐམས་ཅད་དུ་…
      MJN002 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན། > བཅོ་བརྒྱད་པ་མཆོད་བསྟེན་ཚད་མེད་པའི་ལེའུ།
      པ་ནི། སྤྱིར་བྱམས་སོགས་ཚད་མེད་པ་བཞི་པོ་བསྒོམ་པ་ཙམ་གཟུགས་ཁམས་ཀྱི་ལྷ་རྣམས་དང་ཉན་རང་ལ་ཡང་ཡོད་མོད་ཀྱི། བྱང་ཆུབ་སེམས་དཔའི་ཚད་མེད་བཞི་བསྒོམ་པ་ནི་མཆོག་ཏུ་འགྱུར་བའི་ཚུལ་ནི། བྱང་ཆུབ་སེམས་དཔའ་རྣམས་རང་གི་སེམས་ཀྱིས་བྱམས་པ་ལ་སོགས་པ་སྒོམ་པ་ནི། ཚེ་རབས་སྔ་མ་རྣམས་སུ་བྱམས་སོགས་བསྒོམ་པའི་བག་ཆགས་ཀྱིས་ཚེ་རབས་འདི་དང་ཕྱི་མ…
      MJN002 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན། > བཅོ་བརྒྱད་པ་མཆོད་བསྟེན་ཚད་མེད་པའི་ལེའུ།
      དུ་ཡིད་ཆེས་པའི་སེམས་རབ་ཏུ་དང་བ་སྐྱེས་ཤིང་། ཆོས་གོས་དང་ན་བཟའ་མེ་ཏོག་དང་བདུག་པ་ལ་སོགས་པའི་རྫས་ཀྱི་མཆོད་པ་དང་། ཕྱག་འཚལ་བ་དང་བསྟོད་པ་བསྒྲགས་པ་དང་བསྐོར་བ་བྱེད་པ་སོགས་དང་། བཀའ་བཞིན་གུས་པའི་བསྒྲུབ་པ་དང་བཅས་པའི་བཀུར་སྟི་ཆེན་པོས་ཤིན་ཏུ་མཆོད་པ་དང་། མཆོད་པ་དེ་ཡང་དུས་རེས་འགའ་ཙམ་མ་ཡིན་པར་ནམ་མམ་རྒྱུན་དུ་མཆོད་པར་བ…