Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      258 results — page 7 of 13
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། བྱ་བཏང་ཀུ་ས་ལི་པ་མི་ཉག་རྒྱལ་སྒོའི་བླ་མ་སངས་རྒྱས་ཚེ་འཕེལ་གྱི་ཞབས་བརྟན་གསོལ་འདེབས་བདེན་ཚིག་གྲུབ་པའི་དབྱངས་སྙན།
      PKZ002 · རྫོགས་ཆེན་པདྨ་སྐལ་བཟང་།
      རིག་སྟོང་ཟུང་འཇུག་མི་ཕྱེད་གཉུག་མའི་ལྷ།། འཕོ་བྲལ་འཆི་མེད་གཡུང་དྲུང་དམ་པའི་མགོན།། རྩ་གསུམ་ལྷ་དང་སྲུང་མ་རྒྱ་མཚོའི་ཚོགས།། རྡོ་རྗེའི་བདེན་ཚིག་ཆེན་པོས་ཉེར་དགོངས་ཤིག། ཕུལ་བྱུང་ཐུགས་བསྐྱེད་ཟླ་བའི་དཀྱིལ་འཁོར་ལ།། ཡ་མཚན་མཛད་བཟང་རི་དྭགས་གཟུགས་བཀྲ་བ།། དགེ་བའི་བཤེས་མཆོག་བསྟན་འཛིན་འགྲོ་བའི་མིག། ཐུབ་བསྟན་སྙིང་པོའི་…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། གཡུ་ཁོག་བྱ་བྲལ་གྱི་ཡང་སྤྲུལ་དམ་པ་མཉམ་མེད་རང་བྱུང་རྡོ་རྗེའི་ཞབས་བརྟན་གསོལ་སྨོན་འཆི་མེད་གྲུབ་པའི་རྔ་སྒྲ།
      PKZ002 · རྫོགས་ཆེན་པདྨ་སྐལ་བཟང་།
      ཨོཾ་སྭ་སྟི། བསླུ་མེད་མཆོག་གསུམ་རྩ་གསུམ་རྒྱ་མཚོ་དང་།། མཐའ་ཡས་རབ་འབྱམས་ཚེ་ལྷའི་དཀྱིལ་འཁོར་གཙོ།། ཕོ་ཉ་མགྱོགས་མ་གྲུབ་པའི་དྲང་སྲོང་གིས།། དེང་འདིར་བདེན་ཚིག་གྲུབ་པའི་དགེ་ལེགས་སྩོལ།། མཆོག་ཏུ་མི་འགྱུར་བདེ་ཆེན་རྡོ་རྗེའི་ཁམས།། སྟོང་ཆེན་དབྱིངས་ཀྱི་ངོ་བོར་རྟག་བརྟན་པ།། ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན་གྱི་དངོས།། འཕོ་བ…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། རྡོ་གྲུབ་མཁན་ཆེན་རྣམ་བཞིའི་ཡ་གྱལ་མགར་བ་མཁན་པོའི་ཡང་སྤྲུལ་འཇིགས་མེད་འོད་གསལ་མཆོག་གི་ཞབས་བརྟན་གསོལ་འདེབས་བཀྲ་ཤིས་གྲུབ་པའི་དབྱངས་སྙན།
      PKZ002 · རྫོགས་ཆེན་པདྨ་སྐལ་བཟང་།
      ཨོཾ་སྭ་སྟི་སིདྡྷི། དགེ་ལེགས་ཡོན་ཏན་བྱེ་བའི་དཔལ་གྱི་མཛོད།། མཐའ་ཡས་ཤེས་བྱའི་ཁམས་ལ་རྟག་ཁྱབ་པ།། དཔག་མེད་ཚེ་ལྷའི་དཀྱིལ་འཁོར་རབ་འབྱམས་ཀྱིས།། དེང་འདིར་བདེན་ཚིག་གྲུབ་པའི་མཐུ་བྱིན་སྩོལ།། བརྟན་གཡོ་འཁོར་འདས་སྲིད་ཞིའི་དྭངས་མའི་བཅུད།། མི་འགྱུར་ཚེ་ཡི་སྙིང་པོར་འདྲིལ་བའི་སྲོག། འཕོ་མེད་རྡོ་རྗེའི་ཆོས་སུ་རྟག་བརྟན་པ།། …
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། བླ་མ་ཚེ་འགྱུར་རིན་པོ་ཆེའི་ཡང་སྲིད་ཀྱི་ཞབས་བརྟན་གསོལ་འདེབས།
      PKZ002 · རྫོགས་ཆེན་པདྨ་སྐལ་བཟང་།
      མཐའ་ཡས་བརྟན་དང་གཡོ་བའི་དྭངས་མའི་བཅུད།། ཟད་མེད་ཚེ་ཡི་སྙིང་པོར་འདྲིལ་མཛད་ལྷ།། དབང་མདོག་ཞུན་མའི་མཚན་དཔེར་ཡོངས་ཤར་བ།། བཅོམ་ལྡན་ཚེ་ཡི་ལྷ་ཚོགས་དེང་འདིར་དགོངས།། སྲིད་ཞིའི་ངོ་མཚར་དཔལ་རྣམས་གཅིག་བསྡུས་པ།། གཉིས་ལ་མི་གནས་མཁྱེན་གཉིས་ཡེ་ཤེས་དཔལ།། སྦྱིན་སོགས་ཚོགས་གཉིས་བྱེ་བས་བསྐྲུན་པའི་ཐབས།། འདོམ་མཁས་དམ་པའི་རྒྱུ་འ…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། མཁན་ཆེན་པདྨ་ཚེ་དབང་ལ་བརྟན་བཞུགས་འབུལ་སྐབས་ཀྱི་ལེགས་སྦྱར།
      PKZ002 · རྫོགས་ཆེན་པདྨ་སྐལ་བཟང་།
      ཨོཾ་སྭ་སྟི། མཚུངས་མེད་སྟོན་པ་དེའི་གསུང་དམ་པའི་ཆོས།། དེ་འཛིན་དགེ་འདུན་འཕགས་ཚོགས་འདུས་པའི་སྡེ།། རྣམ་གསུམ་རིན་ཆེན་གྲགས་པའི་གདུགས་དཀར་ཅན།། བསླུ་མེད་མཆོད་འོས་སྤྱི་བོའི་རྒྱན་དུ་བསྙེན།། མ་ལུས་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་གར།། སྐྱེ་འཆིའི་འཇིགས་བྲལ་རྡོ་རྗེའི་སྐུ་བརྙེས་པ།། རྒྱལ་བའི་དབང་པོ་པདྨ་ཀཱ་ར་ཞེས།། རྒྱལ་བ…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། རྟོགས་ལྡན་བློ་གྲོས་རྒྱ་མཚོ་རིན་པོ་ཆེར་བརྟན་བཞུགས་འབུལ་སྐབས་ཀྱི་ལེགས་སྦྱར།
      PKZ002 · རྫོགས་ཆེན་པདྨ་སྐལ་བཟང་།
      བཀྲ་ཤིས་པར་གྱུར་ཅིག ལྷ་ཡི་ལྷ་མཆོག་དྲི་མ་མེད།། འདྲེན་པ་རྒྱལ་རིགས་ཤཱཀྱའི་སྲས།། གཙུག་གི་རྒྱན་དུ་གུས་མཆོད་དེ།། འདི་ན་གཏམ་གྱི་ཕྲེང་བ་སྤེལ།། ཡིད་འོང་འདབ་མ་བཀྲ་བའི་གེ་སར་དབུས།། མཚན་དཔེའི་གཟི་འོད་སྟོང་འབར་མཚོ་སྐྱེས་རྗེ།། སྙིང་དབུས་ཙིཏྟའི་གནས་སུ་རྟག་རོལ་ནས།། ཤིས་པའི་མེ་ཏོག་དུས་ཀུན་ཆར་དུ་སྙིལ།། གྲུབ་པའི་དབང་ཕ…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། དུས་རབས་ཉེར་གཅིག་པའི་དུས་འགོའི་རྫོགས་ཆེན་པའི་གལ་ཆེའི་མཛད་སྒོའི་ལེགས་སྦྱར་ཞིག་གི་ཐོག་མཐའི་རྩོམ།
      PKZ002 · རྫོགས་ཆེན་པདྨ་སྐལ་བཟང་།
      ཨོཾ་སྭ་སྟི། བཀྲ་ཤིས་དགའ་བ་གཡས་འཁྱིལ་ནོར་བུའི་མཛོད།། ཕུན་ཚོགས་དགེ་མཚན་མགྲོན་དུ་འགུག་པའི་གཉེན།། རིན་ཆེན་གསུམ་གྱི་གྲགས་སྙན་བ་དན་དཀར།། སྲིད་ན་མཐོ་བས་གཏན་དུ་སྲུང་གྱུར་ཅིག། རྒྱལ་རྣམས་གསང་གསུམ་གཅིག་བསྡུས་མཚན་དཔེའི་འཕྲུལ།། ངོ་མཚར་པདྨའི་སྡོང་པོའི་རྩེར་སྨིན་པ།། འཕོ་ཆེན་དྭངས་མའི་སྐུ་བརྙེས་འགྲོ་བའི་མགོན།། མཚོ་ས…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། མཁའ་འགྲོ་མ་ཟླ་གསལ་དབང་མོ་དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་གྱི་ལེགས་སྦྱར།
      PKZ002 · རྫོགས་ཆེན་པདྨ་སྐལ་བཟང་།
      ཨོཾ་སྭ་སྟི། གང་མཚན་གྲགས་པའི་འོད་ཟེར་སྟོང་འབར་བའི།། ཆ་ཙམ་གྱིས་ཀྱང་སྐྱེ་འཆིའི་རྒུད་མུན་སེལ།། ཚེ་དཔག་མེད་མགོན་རྒྱལ་བའི་ཉིན་བྱེད་དབང་།། ནུབ་མེད་དད་བརྒྱའི་མཁའ་ལ་རྟག་པར་བཞུགས།། མཐའ་ཡས་རྒྱལ་བའི་མ་ལུས་འཕྲིན་ལས་བདག། ཟླ་གཞོན་བྱེ་བའི་མདངས་འཛིན་རྒྱལ་བའི་ཡུམ།། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཚེ་འཕེལ་མས།། ཚེ་དབང་འདོད་…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། མཁྱེན་འབྲུག་ཁྲི་སྟོན་གྱི་ལེགས་སྦྱར།
      PKZ002 · རྫོགས་ཆེན་པདྨ་སྐལ་བཟང་།
      ཨོཾ་སྭ་སྟི། སྟོན་མཆོག་ལྷ་མིའི་མཆོད་འོས་ཤཱཀྱའི་ཏོག། འགོག་ལམ་བདེན་པའི་ངོ་བོ་དམ་པའི་ཆོས།། རིག་གྲོལ་ཡོན་ཏན་མཆོག་ལྡན་དགེ་འདུན་ཏེ།། རིན་ཆེན་རྣམ་གསུམ་སྤྱི་བོའི་རྒྱན་དུ་བསྙེན།། མདོ་རྒྱུད་མན་ངག་ཆུ་གཏེར་བྱེ་བའི་མཛོད།། མཁས་དང་གྲུབ་པའི་གདེངས་ཅན་རོལ་བའི་གནས།། མ་དྲོས་ཀླུ་དབང་རྒྱལ་བ་རྫོགས་ཆེན་པ།། ཡབ་སྲས་རིག་འཛིན་བ…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། རྫོགས་ཆེན་མཆོག་གླིང་ཡང་སྲིད་ཁྲི་འདོན་སྐབས་ཀྱི་ལེགས་སྦྱར།
      PKZ002 · རྫོགས་ཆེན་པདྨ་སྐལ་བཟང་།
      རླབས་ཆེན་སྨོན་ལམ་ལྔ་བརྒྱའི་མཐུས།། བསྐལ་བཟང་འདྲེན་པ་སྟོང་རྩའི་དབུས།། པད་དཀར་ལྟར་བསྔགས་རྐང་གཉིས་གཙོ།། ཉི་མའི་གཉེན་མཆོག་གཙུག་ཏུ་མཆོད།། མ་ཆགས་པདྨ་རྒྱས་པའི་རྩེར།། རང་བྱུང་མཚན་རྫོགས་སྤྲུལ་པའི་སྐུ།། འཆི་མེད་དྭངས་མའི་སྐུ་བརྙེས་པ།། པདྨ་ཀཱ་རས་མི་འབྲལ་སྐྱོངས།། རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་ཡི་བརྒྱུད།། གང་ཟག…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། རྫོགས་ཆེན་གླིང་བླ་སྤྲུལ་སྐུ་ཁྲི་སྟོན་སྐབས་ཀྱི་ལེགས་སྦྱར།
      PKZ002 · རྫོགས་ཆེན་པདྨ་སྐལ་བཟང་།
      སྐུ་གསུམ་དབྱེར་མེད་ཀུན་བཟང་རྡོ་རྗེ་འཆང་།། དགོངས་བརྡ་སྙན་ཁུང་ཤོག་སེར་ཚིག་བརྒྱུད་སོགས།། དགུ་ལྡན་བརྒྱུད་པ་སྲུང་མར་བཅས་པ་ཡིས།། དེང་འདིར་དགེ་ལེགས་རྟག་པའི་ཤིས་པ་སྒྲུབས།། ཁོར་ཡུག་ལྷ་ཡིས་སྲུང་བའི་གྲགས་སྙན་ཏོག། མེས་པོས་རལ་བའི་གཙུག་ན་མངོན་མཆོད་པའི།། ལོ་རྒྱུས་དར་དཀར་རིང་མོའི་སྙན་ཤར་ལ།། ཉམས་མེད་ལེ་ཚན་གསར་པའི་རེ…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། ཡོངས་ཀྱི་དགེ་བའི་བཤེས་གཉེན་རྫ་ལྕང་མའི་མཁན་ཆེན་ཐུབ་བསྟན་ཆོས་འཕེལ་གྱི་ཡང་སྲིད་ཁྲི་འདོན་ལེགས་སྦྱར་གྱི་ཐོག་མཐའི་རྩོམ།
      PKZ002 · རྫོགས་ཆེན་པདྨ་སྐལ་བཟང་།
      སྲིད་ན་ཆེ་བའི་ཚངས་དབང་བདེ་འབྱུང་འཁོར་ལོས་སྒྱུར་རྒྱལ་ལྷ་མིའི་དབང་ཕྱུག་ཆེ་དགུ་ཡི།། རལ་བའི་ཆུན་འཕྱང་ནོར་བུས་མཚན་པའི་རྩེ་མོའི་ཏོག་གིས་གང་ཞབས་རྡུལ་དམར་མཆོད་བྱེད་པའི།། སྟོབས་བཅུའི་སྟོབས་རྫོགས་དབང་བཅུ་མངའ་བ་བཅོམ་ལྡན་ཞི་བ་མི་འཁྲུགས་གསང་བ་གསུམ་གྱི་བདག། མི་མཆོག་མཉམ་མེད་ཤཱཀྱའི་སྲས་པོ་ལྷ་ཡི་ཡང་ལྷས་དེང་འདིར་དགེ་…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། མཆོག་སྤྲུལ་ཟུང་ཞིག་ཁྲི་འདོན་སྐབས་ཀྱི་ལེགས་སྦྱར།
      PKZ002 · རྫོགས་ཆེན་པདྨ་སྐལ་བཟང་།
      བཀྲ་ཤིས་དཔལ་གྱི་འོད་ཟེར་གྱིས།། ས་གསུམ་འགེངས་པའི་ཡ་མཚན་ཅན།། མཆོག་གསུམ་ཉིན་བྱེད་འབར་བ་ཡིས།། བཀྲ་ཤིས་སྣང་བའི་བྱིན་གཡང་ཕོབས།། མཁྱེན་རབ་ཡེ་ཤེས་གཏེར་གྱི་མེ་ལོང་ངོས།། མི་འཕྲོག་སྤོབས་པའི་གཟུངས་དང་ཚངས་པའི་དབྱངས།། མ་འདྲེས་གཅིག་ཏུ་འཆར་བའི་ཨེ་ཝཾ་གཟུགས།། མི་ཤིགས་མཁའ་ཡི་ཕྱག་རྒྱས་དེང་འདིར་སྲུངས།། བདེ་མཆོག་སྒྱུ་མ་ས…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། མཆོག་སྤྲུལ་སྡེ་སྣོད་འཛིན་པ་འགའ་ཁྲི་འདོན་སྐབས་ཀྱི་ཆེད་བརྗོད།
      PKZ002 · རྫོགས་ཆེན་པདྨ་སྐལ་བཟང་།
      བརྗོད་འདོད་གཡོ་བར་བྱེད་པའི་རླུང་ཤུགས་ཀྱིས།། རྣམ་དཔྱོད་བློ་གྲོས་གསར་པ་ཉེར་བསྐུལ་བས།། སྙན་པར་སྨྲ་བ་གཡས་འཁྱིལ་མགྲིན་པའི་དུང་།། བསྟོད་དབྱངས་ཤིས་པ་སྒྲུབ་པའི་གདངས་སུ་འཕོས།། སྟོན་མཚན་མཁའ་ལ་འཕྱོ་བའི་རི་བོང་འཛིན།། ཇི་སྙེད་ཆུ་མཚོའི་རྗེས་འགྲོ་ངོ་མཚར་འཕྲུལ།། དེ་བཞིན་སྔོན་སྨོན་ཐུགས་བསྐྱེད་བཟང་པོའི་མཐུ།། འགོག་མེད…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། སྤྲུལ་སྐུ་ཁྲི་འདོན་ཞིག་གི་སར་ངོ་ཚབ་ཏུ་བསྐུར་བའི་ལེགས་སྦྱར་གྱི་ཐོག་མཐའ།
      PKZ002 · རྫོགས་ཆེན་པདྨ་སྐལ་བཟང་།
      མཚུངས་མེད་འདྲེན་པ་ལྷ་མིའི་གཙོ།། ཀུན་མཁྱེན་རྒྱལ་ལ་གུས་བཏུད་དེ།། འདི་ན་ལེགས་པར་སྨྲ་བའི་གཏམ།། ཡ་རབས་སྐྱེ་བོའི་རྣ་ཆར་སྤེལ།། གང་ཞིག་ལེགས་བྱས་བསོད་ནམས་བྱེ་བའི་གཟུགས།། ཁོར་ཡུག་ལྷུན་པོའི་ཕྲག་པར་ཐེག་མིན་པའི།། ཚོགས་གཉིས་དཔལ་གྱིས་བརྗིད་པའི་ངོ་མཚར་འབུམ།། ཕུན་ཚོགས་སྣང་བ་གསར་པ་གླིང་འདིར་མཛེས།། མཁའ་ལམ་ཉི་ཟླའི་དཀྱི…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། ཁྲི་འདོན་ཞིག་གི་ལེགས་སྦྱར།
      PKZ002 · རྫོགས་ཆེན་པདྨ་སྐལ་བཟང་།
      ཨོཾ་སྭ་སྟི། མཚུངས་མེད་འདྲེན་པ་སྟོབས་བཅུའི་བདག། རྐང་གཉིས་གཙོ་ལ་གུས་བཏུད་དེ།། དམ་པའི་ཆོས་རབ་འཕེལ་བའི་ཟུངས།། ཚོགས་གཉིས་སྙིང་པོའི་དཔལ་དུ་ལེན།། འདི་ན་རྒུད་པའི་སྟོབས་ཚོགས་རིང་ནས་བདོ།། ལེགས་བྱས་སྙིང་པོའི་བཅུད་ཀྱང་ཉམ་དམའི་ཚེ།། ངོ་མཚར་ཕུལ་བྱུང་ཕྲིན་ལས་གསར་པའི་གཟི།། མགྲོན་དུ་འགུགས་པའི་སྐལ་བཟང་ཅི་ཡིས་མཚོན།། ཤུ…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། དགུ་རུ་ཐུབ་ཚེའི་ཡང་སྲིད་ཁྲི་འདོན་སྐབས་ཀྱི་ལེགས་སྦྱར་གྱི་ཐོག་མཐའ།
      PKZ002 · རྫོགས་ཆེན་པདྨ་སྐལ་བཟང་།
      ཨོཾ་སྭ་སྟི། སྟོབས་བཅུའི་སྟོབས་མངའ་རྣམ་འདྲེན་རྫོགས་སངས་རྒྱས།། ཞི་བསིལ་རྟག་ཏུ་དགེ་བ་དམ་པའི་ཆོས།། རིག་གྲོལ་ཡོན་ཏན་མཆོག་ལྡན་དགེ་འདུན་ཏེ།། མཆོད་འོས་རྣམ་གསུམ་སྤྱི་བོའི་རྒྱན་དུ་མཆོད།། བྱིན་རླབས་མཛོད་འཛིན་བརྒྱུད་གསུམ་བླ་མའི་ཚོགས།། དངོས་གྲུབ་རྩ་བ་ཡི་དམ་ཞི་དང་ཁྲོ།། ཕྲིན་ལས་སྒྲུབ་མཛད་གནས་གསུམ་མཁའ་འགྲོ་སྟེ།། རྩ…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། རྨ་ཆེན་གངས་ཅན་རིག་མཛོད་དབུ་འབྱེད་ལ་བསྐུར་བའི་ལེགས་སྦྱར།
      PKZ002 · རྫོགས་ཆེན་པདྨ་སྐལ་བཟང་།
      འཛམ་གླིང་ས་གཞིའི་མཛེས་རྒྱན། གདོང་དྲུག་མེས་པོའི་བླ་རི། ཕྱི་གངས་དཀར་ཤེལ་གྱི་ལྷུན་པོ། ནང་ཟོ་དོར་དགྲ་བླའི་སྐུ་མཁར། གསང་བ་རྩ་གསུམ་ཀུན་འདུས་ཀྱི་དཀྱིལ་འཁོར། ལྷ་གཉན་རྨ་ཆེན་སྤོམ་རའི་ཉེ་འཁོར། ནུ་བོ་དགྲ་འདུལ་དབང་ཕྱུག་གི་ལྷ་རི་གཉན་པོའི་མདུན་ཞོལ། སྟག་ཐང་གཡང་གི་ར་བ་སེང་འབྲུག་འཁྱིལ་བའི་གདན་སྟེང་། མདོ་སྨད་ས་ཡི་གསང་…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། རྫོགས་ཆེན་རྟོགས་ལྡན་བླ་མ་བློ་གྲོས་རྒྱ་མཚོ་རིན་པོ་ཆེ་མྱུར་འབྱོན་གསོལ་འདེབས་དོན་གཉིས་ལྷུན་འགྲུབ་བཞུགས།
      PKZ002 · རྫོགས་ཆེན་པདྨ་སྐལ་བཟང་།
      ཀུན་ཁྱབ་རིག་སྟོང་མི་ཕྱེད་གཉུག་མའི་ཁམས།། བདེ་ཆེན་རྡོ་རྗེའི་ཕྱག་རྒྱར་ཡོངས་བསྡམས་པའི།། ཀ་དག་གདོད་མའི་གཞི་དབྱིངས་ཆེན་པོ་ལས།། ལྷུན་གྲུབ་དག་པའི་རོལ་རྩལ་འགག་མེད་སྒྱུར།། བློས་བྱས་འཁྲུལ་དང་འཁྲུལ་འཛིན་བག་ལ་ཉལ།། རང་ཞི་རང་སར་གྲོལ་བའི་གདམས་ཟབ་མཛོད།། གཞི་གྲོལ་ལྷན་སྐྱེས་བདེ་ཆེན་གསང་བའི་ལམ།། དགོངས་རྒྱུད་བྱིན་རླབས་འ…
      སྙན་རྩོམ་འབེལ་གཏམ་གཅེས་བཏུས། བརྡ་བྱང་མེ་ལོང་གསར་པའི་གཟུགས་བརྙན།
      PKZ002 · རྫོགས་ཆེན་པདྨ་སྐལ་བཟང་།
      བྱང་ཕྱོགས་མཁའ་མཐའ་མཐིང་ཞུན་དྭངས་མའི་མདངས།། སྤྲིན་དཀར་བླ་བྲེས་མཛེས་པའི་བ་གམ་ནས།། མི་འགྱུར་གསེར་གྱི་རྡོ་རྗེ་ཨས་མཚན་པ།། རུ་དམ་ཚེ་ཡི་བྲག་ལ་ལྡིང་ཞིང་བབས།། ཡང་གཅིག་འགྲོ་བའི་མགོན་པོ་ཎིརྨ་ཀ། རིགས་བདག་གྲུབ་པའི་དབང་ཕྱུག་འཇིགས་བྲལ་པས།། ནོར་མེད་མཚན་གྱི་བརྡ་བྱང་ངེས་བཟུང་ནས།། རིང་མིན་འབོད་པའི་ཕོ་ཉ་སྦྲོན་ཅིག་ཅེས།།…