Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      621 results — page 1 of 32
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། རིག་འཛིན་ལུང་རིག་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ཆེན་པོའི་དཀར་ཆག་ཨུཏྤལ་ཕྲེང་བ།
      YJT001 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅། རིག་འཛིན་ལུང་རིག་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ཆེན་པོའི་དཀར་ཆག་ཨུཏྤལ་ཕྲེང་བ་ཞེས་བྱ་བ་བཞུགས་སོ།། ༄༅། ཨོཾ་སྭ་སྟི་སིདྡྷི། འོད་མཚན་སྟོང་འབར་རྒྱལ་བའི་གསང་གསུམ་གར། །སྐྱེ་འཆི་འཇིགས་བྲལ་འཆི་མེད་རྡོ་རྗེའི་སྐུ། །འཕགས་བོད་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། །རྒྱལ་དབང་ཨོ་རྒྱན་ཆེན་པོར་སྙིང་ནས་འདུད། …
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། སྤྲུལ་པའི་གཏེར་སྟོན་ཆེན་པོ་གང་གི་མཛད་རྣམ་རགས་བསྡུས་སུ་བཀོད་པ།
      YJT001 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      དང་པོ་ནི། རྒྱལ་དབང་ཨོ་རྒྱན་ཆེན་པོས། མ་འོངས་བསྐལ་མཐའ་བཞི་བཅུའི་མར་འགྲིབ་དེར༔ སངས་རྒྱས་བྱང་སེམས་སྤྲུལ་པ་མང་པོ་འབྱུང་༔ ཨོ་རྒྱན་ང་སྤྲུལ་ཉི་མའི་ཟེར་དང་མཚུངས༔ སྟོང་གསུམ་འགྲོ་དྲུག་འཛམ་གླིང་ཡོངས་ལ་ཁྱབ༔ དག་དང་མ་དག་སྣ་ཚོགས་གཟུགས་སུ་འོང་༔ སྤྲུལ་པ་སྣ་ཚོགས་འགྲོ་བ་ཐབས་ཀྱིས་འདུལ༔ ཞེས་དང་། མ་འོངས་འགྲོ་ལ་ཆོས་སྦྱིན་ཟ…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། གཏེར་ཆོས་གླེགས་བམ་རྣམས་ཀྱི་བཞུགས་བྱང་དཀར་ཆག་དངོས་འགོད་པ།
      YJT001 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༈ གཉིས་པ་བཞུགས་བྱང་དཀར་ཆག་དངོས་ལ། གླེགས་བམ་དང་པོར། མཚན་བརྒྱད་ཆོ་གའི་བརྒྱུད་འདེབས་ཉུང་ངུ་བྱིན་རླབས་ཆུ་རྒྱུན། གུ་རུ་མཚན་བརྒྱད་ཀྱི་བརྒྱུད་འདེབས་བྱིན་རླབས་ནོར་བུའི་ཕྲེང་མཛེས། བླ་མ་གུ་རུ་པདྨ་མཚན་བརྒྱད་ཀྱི་སྒྲུབ་ཐབས་པད་དཀར་ཕྲེང་མཛེས། སྨན་མཆོད་ལྡེབ་ཤར། དངོས་གྲུབ་ལེན་པ་ལྡེབ་ཤར། བསྐང་བ་ཡིད་བཞིན་འདོད་འཇོ། གུ་…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། སྨིན་གྲོལ་མན་ངག་གི་བླ་མ་བརྒྱུད་པའི་རིམ་པ་བསྟན་པ།
      YJT001 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༈ གསུམ་པ་སྨིན་གྲོལ་མན་ངག་གི་བླ་མ་བརྒྱུད་པའི་རིམ་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། རིག་འཛིན་ལུང་རིག་གླིང་པ། འགྱུར་མེད་བློ་གྲོས་མཐའ་ཡས། ཀེ་འཕན་བླ་མ་ཁྱེའུ་ཐར། གཡུ་རོང་བླ་མ་རིག་འཛིན་རྒྱ་མཚོ། གར་དབང་རྒྱལ་མཆོག་གླིང་པའམ་སྟོབས་ལྡན་རྟ་ཁྱུ…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། མཚན་བརྒྱད་ཆོ་གའི་བརྒྱུད་འདེབས་ཉུང་ངུ་བྱིན་རླབས་ཆུ་རྒྱུན།
      YJT001 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅།། མཚན་བརྒྱད་ཆོ་གའི་བརྒྱུད་འདེབས་ཉུང་ངུ་བྱིན་རླབས་ཆུ་རྒྱུན་བཞུགས། ཨོཾ་ཨཱ༔ཧཱུྃ། ཆོས་སྐུ་ཀུན་བཟང་རྡུལ་སྙེད་ཞིང་གི་འཁོར། །རྒྱལ་བ་དགོངས་བརྒྱུད་བླ་མར་གསོལ་བ་འདེབས། །ལོངས་སྐུ་རིགས་ལྔ་ས་བཅུའི་སེམས་དཔའི་འཁོར། །རིག་འཛིན་བརྡ་བརྒྱུད་བླ་མར་གསོལ་བ་འདེབས། །སྤྲུལ་སྐུ་པད་འབྱུང་རྗེ་འབངས་གྲོགས་ཀྱི་འཁོར། །གང་ཟག་སྙན་…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། མཚན་བརྒྱད་ཀྱི་བརྒྱུད་འདེབས་བྱིན་རླབས་ནོར་བུའི་ཕྲེང་མཛེས།
      YJT001 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅། གུ་རུ་མཚན་བརྒྱད་ཀྱི་བརྒྱུད་འདེབས་བྱིན་རླབས་ནོར་བུའི་ཕྲེང་མཛེས་བཞུགས། ཨེ་མ་ཧོ། སེམས་ཉིད་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་། །ཉིད་ལས་མི་གཞན་སངས་རྒྱས་བྱང་ཆུབ་སེམས། །སྒྲ་ཚིག་བརྗོད་བྲལ་དགོངས་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་སྨིན་ཅིང་གྲོལ། །གཞན་དོན་འབད་མེད་འགྲུབ་པར་བྱིན་གྱིས་རློབས། །རིག་རྩལ་ལོངས་སྐ…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། བླ་མ་གུ་རུ་པདྨ་མཚན་བརྒྱད་ཀྱི་སྒྲུབ་ཐབས་པད་དཀར་ཕྲེང་མཛེས།
      YJT001 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལསཿ བླ་མ་གུ་རུ་པདྨ་མཚན་བརྒྱད་ཀྱི་སྒྲུབ་ཐབས་པད་དཀར་ཕྲེང་མཛེས་བཞུགས༔ གུ་རུ་པདྨ་ཀཱ་ར་ན་མསྫ་ཡ་སིདྡྷི་ཧཱུྃ༔ རང་བྱུང་པདྨའི་སྡོང་པོར་ལེགས་འཁྲུངས་ཤིང་༔ རྒྱུ་རྐྱེན་ཀུན་བྲལ་མི་ཤིགས་རྡོ་རྗེའི་སྐུ༔ དུས་གསུམ་རྒྱལ་བ་ཀུན་དང་དབྱེར་མེད་པ༔ བླ་མ་མཚུངས་མེད་ཐོད་ཕྲེང་རྩལ་ལ་འདུད༔ བདག་འདྲ་བུད་མེ…
      YJT001 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅།། ཨོཾ་ཨཱ༔ཧཱུྃ༔ དུག་ལྔ་བདུད་རྩིའི་སྨན་ཆེན་འདི། །ལྷ་རྣམས་དགྱེས་བསྐྱེད་རྒྱུད་དྲུག་དག་པའི་རྫས། །འཁོར་འདས་མཉམ་པར་རོལ་པའི་དཔལ་དུ་འབུལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཨེ་མ་ཧོ། སེམས་ཉིད་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་། །བརྡ་ཚིག་བློ་འདས་སྟོན་འཁོར་དབྱེར་མེད་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །སརྦ་པཉྩ…
      YJT001 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅།། ཨོཾ་ཨཱ༔ཧཱུྃ༔ སྐུ་གསུམ་ལྷུན་རྫོགས་སྟོན་པ་མཚོ་སྐྱེས་རྗེ། །མཐུ་སྟོབས་ཐོགས་མེད་མཚན་བརྒྱད་རྗེ་འབངས་གྲོགས། །དངོས་གྲུབ་སྩོལ་མཛད་དཀྱིལ་འཁོར་ལྷ་ཚོགས་ཀྱིས། །མི་འགྱུར་རྡོ་རྗེ་སྐུ་ཡི་དངོས་གྲུབ་སྩོལ། །འགག་མེད་རྡོ་རྗེ་གསུང་གི་དངོས་གྲུབ་སྩོལ། །འཁྲུལ་མེད་རྡོ་རྗེ་ཐུགས་ཀྱི་དངོས་གྲུབ་སྩོལ། །རྩ་སྔགས་དང་། ཀཱ་ཡ་སིདྡ…
      YJT001 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ཡང་ཟབ་གུ་རུའི་ཐུགས་སྒྲུབ་ལས༔ བསྐང་བ་ཡིད་བཞིན་འདོད་འཇོ་བཞུགས༔ རིག་འཛིན་གཙོ་ལ་ཕྱག་འཚལ་འདུད༔ བྱིན་རླབས་རྩ་བའི་བླ་མ་སྟེ༔ ཀུན་འདུས་རང་བྱུང་པདྨ་འབྱུང་༔ མཚན་བརྒྱད་སྒྲུབ་པ་ཉམས་ལེན་ཚེ༔ ཉམས་ཆག་བཤགས་དང་བར་ཆད་སེལ༔ དུས་འཁྲུག་བཟློག་དང་འདོད་དོན་འགྲུབ༔ བསོད་ནམས་ཚོགས་གཉིས་སྤེལ་བའི་ཐབས༔ བསྙེན་དང་སྒྲུབ་པ་གཞུང་བཞིན་བརྩ…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། བསྐང་བསྡུས་བཅུད་དྲིལ་ནོར་བུའི་བུམ་བཟང་།
      YJT001 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅།། གུ་རུ་མཚན་བརྒྱད་ཀྱི་ཆོ་གའི་བསྐང་བསྡུས་བཅུད་དྲིལ་ནོར་བུའི་བུམ་བཟང་བཞུགས། ༄༅།། ན་མོ་གུ་རུ། ཆོ་གའི་ཚོགས་ཀྱི་སྐབས་བསྐང་བ་རྒྱས་པ་གཞུང་ལྟར་མི་ནུས་ན་ཅུང་ཟད་བསྡུས་པ་འདི་བཞིན་ནོ། །ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་བྱིན་བརླབས་སྔོན་དུ་འགྲོ་བས། ཧཱུྃ་ཧྲཱིཿ མ་སྐྱེས་ཆོས་དབྱིངས་སྟོང་པའི་ངང་ཉིད་ལས། །ཏིང་འཛིན་བདེན་མེད་ས…
      YJT001 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅།། བསྐང་བ་ཤིན་ཏུ་བསྡུས་པ་བཞུགས། ཨེ་མ་ཧོ། སྟོང་ཉིད་དབྱིངས་ལས་ཏིང་འཛིན་སྒྱུ་མའི་འཕྲུལ། །དངོས་བཤམས་ཡིད་སྤྲུལ་བསྐང་རྫས་ཡོ་བྱད་ཚོགས། །ཀུན་བཟང་མཆོད་པའི་སྤྲིན་དུ་བྱིན་བརླབས་ནས། །རྩ་གསུམ་བདེ་གཤེགས་ཡོངས་རྫོགས་ཐུགས་དམ་བསྐང་།། ཧཱུྃ་ཧྲཱིཿ སྐུ་བཞིའི་བདག་ཉིད་སྟོན་པ་བླ་ན་མེད། །རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་དམ…
      YJT001 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      གུ་རུའི་ཐུགས་ཀྱི་སྒྲུབ་པ་ལས༔ དབང་ཆོག་བདུད་རྩིའི་བུམ་བཟང་བཞུགས༔ ན་མོ་བིདྱཱ་དྷ་ར་པདྨ་ཀཱ་ར་ཡེ༔ སྐུ་གསུམ་སྟོན་པ་ཀུན་འདུས་པའི༔ རིགས་ཀུན་བདག་ཉིད་པད་འབྱུང་མཆོག༔ སྒྲུབ་ཐབས་ཟབ་མོ་ཉམས་ལེན་པའི༔ རྩ་བ་དབང་མཆོག་འདི་ལ་རག༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ དང་པོ་དབེན་ཞིང་ཉམས་དགའི་སར༔ མཎྜལ་བློ་རིམ་དག་དང་བསྟུན༔ ཚོན་ནམ…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། རྗེ་འབངས་ཉེར་ལྔའི་དབང་གི་ཁ་འཚབ། རྡོ་གྲུབ་རིན་པོ་ཆེ་འཇིགས་མེད་ཕྲིན་ལས་འོད་ཟེར།
      YJT001 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅། མཚམས་བརྒྱད་དབང་ཆོག་བདུད་རྩིའི་བུམ་བཟང་ལས། དེ་ནས་འབངས་རིགས་གཞན་རྣམས་ལ༔ ཚིག་ཕྲད་སྦྱར་ཏེ་དབང་བསྐུར་སྦྱིན༔ ཞེས་གསུངས་པས་བཀའ་བབ་སྙིང་གི་བུ་དགུའི་དབང་བསྐུར་གྲུབ་མཚམས་འབངས་རིགས་གཞན་རྣམས་ཀྱི་དབང་བསྐུར་བ་ནི། ཧྲཱིཿ སློབ་དཔོན་རྗེ་དང་བཻ་རོ་ཙཱ་ན་ཡིས། །རྗེས་བཟུང་རྒྱལ་མོ་གཡུ་སྒྲ་སྙིང་པོ་ཞེས། །རྟོགས་པ་མཆོག་ལྡན་…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། པདྨ་རྒྱལ་པོའི་ཕྲིན་ལས་ཁམས་གསུམ་ཡིད་འགུགས།
      YJT001 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      གུ་རུའི་ཐུགས་སྒྲུབ་པད་ཕྲེང་ལས༔ པདྨ་རྒྱལ་པོའི་ཕྲིན་ལས་ཁམས་གསུམ་ཡིད་འགུགས་བཞུགས༔ པདྨ་རཱ་ཛ་དྷ་ར་ན་མོ༔ བདག་ཉིད་ཆེན་པོ་ཨོ་རྒྱན་རྗེའི༔ ཐུགས་སྒྲུབ་ཁམས་གསུམ་ཡིད་འགུགས་ལ༔ དབེན་པར་རང་རྒྱུད་སྔོན་འགྲོས་སྦྱངས༔ རྫས་དང་དཀྱིལ་འཁོར་སྤྲོས་པ་དོར༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ནི༔ དཀོན་མཆོག་ཀུན་འདུས་ཨོ་རྒྱན་རྗེ༔ གུ་རུ་…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། བཀའ་བསྲུང་དབང་གི་མ་མོ་བསེ་གདོང་དམར་མོའི་གཏོར་འབུལ།
      YJT001 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      པདྨ་རྒྱལ་པོའི་ལས་ཚོགས་ལས༔ བཀའ་བསྲུང་དབང་གི་མ་མོ་བསེ་གདོང་དམར་མོའི་གཏོར་འབུལ་ཉུང་ངུ་བཞུགས་སོ༔ ཟངས་དམར་སྣོད་དམ་བསེ་ཕོར་དུ༔ གཞོན་ནུ་མ་ཡི་ལུས་རྡུལ་དང་༔ འབྲས་དམར་ཕྱེ་ལ་གཏོར་མ་ནི༔ ཟླ་གམ་རིལ་བུ་ཅི་མང་བསྐོར༔ ཉི་ཟླའི་རྒྱན་དང་ལེ་བརྒན་གུར༔ བུར་སྦྲང་ཆང་ལ་གསེར་གཡུ་བརྡར༔ ཆབ་བྲན་འབྲུ་གསུམ་སྔགས་ཀྱིས་སྦྱངས༔ རང་ཉིད་པ…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། ཉི་མ་འོད་ཟེར་གྱི་སྒྲུབ་ཐབས་འོད་ཟེར་སྟོང་འབར།
      YJT001 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      མཚན་བརྒྱད་ཐུགས་སྒྲུབ་པད་ཕྲེང་ལས༔ ཉི་མ་འོད་ཟེར་གྱི་སྒྲུབ་ཐབས་འོད་ཟེར་སྟོང་འབར་བཞུགས་སོ༔ པདྨ་འབྱུང་གནས་རང་ཉིད་ཀྱི༔ ཐུགས་སྒྲུབ་ཉི་མ་འོད་ཟེར་བསྟན༔ དཀྱིལ་འཁོར་རང་ལུས་གཞལ་ཡས་ཁང་༔ དུར་ཁྲོད་མེ་རི་རྡོར་ཕྲེང་དང་༔ དུར་བདག་གྲུབ་ཐོབ་མེ་མཚོ་ཤིང་༔ ཡོངས་རྫོགས་དབུས་སུ་པད་ཉི་དང་༔ ཟླ་སྟེང་རང་སེམས་ཧཱུྃ་གསེར་མདོག༔ ཡོངས་…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། ཤཱཀྱ་སེང་གེའི་སྒྲུབ་ཐབས་བསྟན་པའི་གསལ་བྱེད།
      YJT001 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      གུ་རུའི་ཐུགས་སྒྲུབ་པད་ཕྲེང་ལས༔ ཤཱཀྱ་སེང་གེའི་སྒྲུབ་ཐབས་བསྟན་པའི་གསལ་བྱེད་བཞུགས་སོ༔ འགྲོ་བའི་བླ་མ་ཟས་གཙང་སྲས༔ མཉམ་མེད་ཤཱཀྱའི་དབང་པོར་འདུད༔ དབེན་ཅིང་ཉམས་དགའ་ས་ཕྱོགས་གཙང་༔ བཀྲ་ཤིས་ཡིད་འོང་གནས་དེ་རུ༔ དཀྱིལ་འཁོར་སྟེང་དུ་འབྲས་ཚོམ་ལྔ༔ དབུས་སུ་བསྟན་པའི་བདག་པོའི་སྐུ༔ བྲིས་འབུར་རབ་གནས་ལྡན་པ་དང་༔ གཡས་སུ་གསེར་ར…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། བློ་ལྡན་མཆོག་སྲེད་སྒྲུབ་ཐབས་ཤེས་རབ་འབྲུག་སྒྲ།
      YJT001 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      མཚན་བརྒྱད་ཐུགས་ཀྱི་སྒྲུབ་པ་ལས༔ བློ་ལྡན་མཆོག་སྲེད་སྒྲུབ་ཐབས་ཤེས་རབ་འབྲུག་སྒྲ་བཞུགས༔ རབ་འབྱམས་རྒྱལ་ཀུན་མཁྱེན་པའི་དཔྱིད༔ མགོན་པོ་འཇམ་དཔལ་དབྱངས་ཉིད་ཀྱི༔ སྒྲུབ་ཐབས་ཤེས་རབ་འབྲུག་སྒྲ་ཞེས༔ བློ་ལྡན་མཆོག་སྲེད་ཐུགས་སྒྲུབ་བསྟན༔ ས་མ་ཡཱ༔ ཤིན་ཏུ་དབེན་ཅིང་ཉམས་དགའི་སར༔ དུས་ཚེས་གཟའ་སྐར་འཕྲོད་སྦྱོར་ལེགས༔ བདེ་བའི་སྟན་ལ…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། ཟབ་ཆོས་རྡོ་རྗེ་གྲོ་ལོད་ཀྱི་གསོལ་འདེབས་བྱིན་རླབས་ཆར་རྒྱུན།
      YJT001 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅།། ཟབ་ཆོས་རྡོ་རྗེ་གྲོ་ལོད་ཀྱི་གསོལ་འདེབས་བྱིན་རླབས་ཆར་རྒྱུན་ཞེས་བྱ་བ་བཞུགས་སོ། ། ཁྱབ་བདག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་། །དཔལ་ཆེན་སྟོབས་ལྡན་ལྷ་མཆོག་ཧེ་རུ་ཀ ། གྲུབ་བརྒྱའི་ཁྱུ་མཆོག་ཤནྟིཾ་གརྦྷའི་ཞབས། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །རྒྱལ་ཀུན་སྤྱི་གཟུགས་ཨོ་རྒྱན་ཐོད་ཕྲེང་རྩལ། །ཤེས་རབ་དབྱིངས་ཀྱི…