Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      621 results — page 30 of 32
      YJT008 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༈ བདེ་ལྡན་ལ་བརྟགས་ལུང་གནང་བ། ཨེ་མ་ཧོ༔ སྐྱེ་མེད་ཆོས་སྐུའི་མཁའ་ལས་རང་ཤར་བ༔ འགགས་མེད་ལོངས་སྤྱོད་རྫོགས་སྐུའི་ཉི་གཞོན་དལ༔ རྩོལ་མེད་ཐུགས་རྗེའི་ཟེར་ཕྲེང་འབུམ་འཕྲོ་བ༔ སྐུ་གསུམ་བླ་མས་ཁྱོད་ལ་ཤིས་པ་སྩོལ༔ རང་བབ་མ་བཅོས་གཉུག་མའི་རང་མདངས་རྩལ༔ དུས་སུ་རྟེན་འབྲེལ་སྣ་ཚོགས་སྒྱུ་མའི་འཕྲུལ༔ ལྷན་སྐྱེས་ཡེ་ཤེས་ཌཱཀྐིས་ངོ་སྤྲ…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། ཆུང་སྤྲུལ་ཞིག་ལ་བརྟགས་ལུང་ཕབ་པ།
      YJT008 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༈ ཆུང་སྤྲུལ་ཞིག་ལ་བརྟགས་ལུང་ཕབ་པ། སྐྱབས་ཀུན་བདག་ཉིད་གྲུབ་དབང་བླ་མར་འདུད། །མངོན་སུམ་ཚད་མ་ལས་འདས་ལྐོག་གྱུར་དོན། །རྒྱལ་དང་དེ་སྲས་འཕགས་ཆེན་སྤྱོད་ཡུལ་ལས། །སོ་སྐྱེས་བྱིས་བློས་གཞལ་བ་གད་མོའི་གནས། །འོན་ཀྱང་དྲིས་དོན་ལྷ་དང་བླ་མ་ལ། །གསོལ་བཏབ་འཁྲུལ་སྣང་ཉམས་ཀྱི་རྫུན་རིས་ངོར། །ལུས་མེད་སྙིང་ལ་ཉལ་བའི་སྡིག་ཅན་འགས། །ར…
      YJT008 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༈ བཟང་པོ་ལ་གནང་བའི་ལུང་བྱང་། ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་ལསཿ མ་རུང་གདུག་པ་བདུད་རྒྱལ་ཧོར་ཞེས་གྲགསཿ ཤིང་ཏོག་རྗེ་ལེན་ཇི་བཞིན་མི་རིགས་བརྗེཿ རེས་མཐོ་རེས་དམའ་ལྟ་སྤྱོད་ཡ་མ་ཟུངཿ མ་ཁང་བྲག་གསུམ་མི་མཐུན་རྩོད་པའི་སརཿ ཆོས་གྲྭ་ཆེན་པོ་ཆུ་གནས་ཉ་ཡི་མིངཿ རྟོག་གེ་སེར་གཟུགས་ཕལ་ཆེར་ཁྱིམ་བཙུན་རྣམསཿ མི་མཐུན་མཁའ་ལ་སེ…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། འཇིགས་མེད་རང་གྲོལ་ལ་བསྩལ་བའི་ལུང་བྱང་།
      YJT008 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༈ འཇིགས་མེད་རང་གྲོལ་ལ་བསྩལ་བའི་ལུང་བྱང་། ཞིང་རབ་འབྱམས་ཀྱི་རྒྱལ་བའི་སྤྱི་གཟུགས་མཆོག །མགོན་ཨོ་རྒྱན་གྱི་སློབ་དཔོན་པདྨ་རྒྱལ། །གང་མི་གཟུགས་ཀྱི་རྫོགས་སྤྲུལ་བཞི་པ་ཡི། །ཞབས་ཉིན་བྱེད་དབང་བདག་ཡིད་པདྨོར་རོལ། །གང་སྔོན་ལས་འབྲེལ་གྱི་སྨོན་ལམ་ཆར་རྒྱུན་དང་། །སྲས་བཅས་རྒྱལ་བ་ཡི་ཐུགས་བསྐྱེད་འོད་སྟོང་དལ། །ཟུང་འཇུག་སྤྲུལ…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། སྤྲུལ་སྐུ་བྷ་ཝའི་མཚན་ཅན་ལ་བརྟགས་ལུང་གནང་བ།
      YJT008 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༈ སྤྲུལ་སྐུ་བྷ་ཝའི་མཚན་ཅན་ལ་བརྟགས་ལུང་གནང་བ། རབ་འབྱམས་ཞིང་གི་རྒྱལ་ཀུན་ཐུགས་རྗེའི་གཟུགས། །གཅིག་བསྡུས་སྐྱེ་རྒུའི་ཉི་མ་ཨོ་རྒྱན་རྗེ། །འཇིགས་བརྒྱད་འཁོར་མཚོ་ལས་སྒྲོལ་འཕགས་མ་དང་། །དབྱེར་མེད་གྲུབ་དབང་བྱང་ཆུབ་རྡོ་རྗེར་འདུད། །ཀྱེ་ཧོ། སྔོན་འདས་ད་ལྟ་མ་འོངས་དུས་ཀྱི་མཐའ། །ཇི་བཞིན་མཁྱེན་འདི་རྫོགས་སངས་རྒྱས་ལས་སུ། །…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། ལུང་ཟིན་སྐལ་ལྡན་ཞིག་གི་དྲིས་ལན་ལུང་བསྟན།
      YJT008 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༈ ལུང་ཟིན་སྐལ་ལྡན་ཞིག་གི་དྲིས་ལན་ལུང་བསྟན། པདྨ་འབྱུང་དང་འཇིགས་སྒྲོལ་འཕགས་མ་ལ། །གུས་པས་བཏུད་དེ་རང་དང་ཚེ་སྔོན་ནས། །པདྨའི་ལུང་གིས་སྦྲེལ་བའི་སྐལ་ལྡན་དེར། །དྲིས་ལན་གང་ཤར་རོལ་མོའི་སྒྲ་སྙན་འབུལ། །འདི་ལོ་ནས་བཟུང་བགྲང་བྱ་ང་དྲུག་བར། །ལོ་ལྟར་སྔོན་ལས་འཕྲལ་རྐྱེན་དུས་སྨིན་པས། །མི་འདོད་ཉེར་འཚེའི་ནད་ཀྱི་ཟུག་རྔུ་དང་…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། སྤྲུལ་སྐུ་ཞིག་ལ་བསྩལ་བའི་བརྟགས་ལུང་།
      YJT008 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༈ སྤྲུལ་སྐུ་ཞིག་ལ་བསྩལ་བའི་བརྟགས་ལུང་། རྩ་གསུམ་རྒྱལ་བའི་སྤྱི་གཟུགས་མཚོ་སྐྱེས་རྗེ། །ཚེ་རབས་ཀུན་ཏུ་མགོན་མཛད་སྒྲོལ་མ་ཡུམ། །བྱང་ཆུབ་སྙིང་པོའི་གོ་འཕང་ལག་མཐིལ་དུ། །སྦྱིན་མཛད་རྩ་བའི་བླ་མར་སྙིང་ནས་འདུད། །གང་ཁྱོད་གེགས་ཞི་དོན་གཉིས་འགྲུབ་བྱིན་རློབས། །སྙིགས་དུས་གཞན་རྐྱེན་ཉེར་འཚེའི་འཚུབས་མ་མང་། །བདེ་སྡུག་མཐའ་གཅི…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། སྐལ་ལྡན་སྐྱེས་བུ་ཞིག་ལ་བསྩལ་བའི་ལུང་བྱང་།
      YJT008 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༈ སྐལ་ལྡན་སྐྱེས་བུ་ཞིག་ལ་བསྩལ་བའི་ལུང་བྱང་། སྲིད་གསུམ་འགྲོ་བའི་སྡུག་བསྔལ་སེལ་བའི་སྨན། །བདེ་ལེགས་ཕུན་ཚོགས་ཡོན་ཏན་འབྱུང་བའི་གཏེར། །དམ་ཆོས་རིན་ཆེན་མ་ལུས་མཛོད་འཛིན་པ། །བླ་མེད་བླ་མ་པདྨ་འབྱུང་གནས་རྒྱལ། །དམ་པའི་ཆོས་ལ་ཐུགས་བརྩོན་མི་དམན་པའི། །སྐལ་ལྡན་སྐྱེས་བུའི་བཞེད་དོན་གང་ཡིན་པ། །འགྲུབ་པའི་དཔང་པོར་ཨོ་རྒྱན་ཆ…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། ཆོས་བདག་སློབ་བུ་ཞིག་ལ་བསྩལ་བའི་ལུང་བྱང་།
      YJT008 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༈ ཆོས་བདག་སློབ་བུ་ཞིག་ལ་བསྩལ་བའི་ལུང་བྱང་། ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་ལས། དཔལ་གྱི་མཆོད་གནས་མ་ཡི་སྤྲུལ་པ་ནི༔ རིགས་བཟང་བློ་གསལ་རྒྱུད་དུལ་ཤེས་རབ་ཆེ༔ འབྲུག་གམ་སྦྲུལ་གྱི་ལོ་པ་སྙིང་སྨེ་ཅན༔ གསལ་ལམ་གྲགས་པའི་མིང་ཅན་སྐྱེས་བུ་དེ༔ ཕྱི་སྒྲུབ་ཐུགས་ཆེན་ཟླ་བ་སྤྲིན་བྲལ་དང༔ ནང་སྒྲུབ་དབང་ཆེན་སྣང་སྲིད་ཟིལ་གནོན་ག…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། ལུང་ཟིན་སྐལ་ལྡན་ཞིག་ལ་བསྩལ་བའི་བརྟགས་ལུང་།
      YJT008 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༈ ལུང་ཟིན་སྐལ་ལྡན་ཞིག་ལ་བསྩལ་བའི་བརྟགས་ལུང་། དྲི་མེད་དྭངས་པའི་ཆུ་གཏེར་དབུས། །རང་བྱུང་ལྷུན་གྲུབ་སྤྲུལ་པའི་སྐུ། །བཀའ་དྲིན་མཚུངས་མེད་ཨོ་རྒྱན་རྗེ། །བྱང་ཆུབ་བར་དུ་སྤྱི་བོས་མཆོད། །གསོན་དང་སྐལ་བ་ལྡན་པ་ཁྱོད། །ད་ལྟ་ཆོས་དང་བླ་མ་འཛོམས། །རང་ཡང་སྔོན་གྱི་ལས་འཕྲོ་བཟང་། །ལྷ་དང་བླ་མའི་ལུང་གིས་ཟིན། །འོན་ཀྱང་ད་ལྟའི་སྐ…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། དམ་པ་ཞིག་གི་མཛད་པ་ལ་བར་ཆད་བཟློག་པའི་བརྟགས་ལུང་།
      YJT008 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༈ དམ་པ་ཞིག་གི་མཛད་པ་ལ་བར་ཆད་བཟློག་པའི་བརྟགས་ལུང་། མཆོག་གསུམ་གསོལ་བཏབ་རྟེན་འབྲེལ་ལས། །དམ་པའི་མཛད་པ་ཕལ་མོ་ཆེར། །ཉེར་འཚེའི་སྐྱི་བསེར་ལིང་མ་ལོངས། །བཟློག་ཐབས་རྒྱལ་དབང་པད་འབྱུང་གི། །མཛད་པ་ངོ་མཚར་རྨད་བྱུང་བའི། །གསོལ་འདེབས་རྒྱུན་ཁྱེར་ཞལ་འདོན་དང་། །ཡར་ངོའི་ཚེས་བཅུར་ཨོ་རྒྱན་དང་། །མར་ངོའི་ཚེས་བཅུར་སྒྲོལ་མ་ཡི། …
      YJT008 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅། བརྟགས་ལུང་མཇུག་མི་ཚང་བ་ཞིག རྟེན་འབྱུང་བསླུ་མེད་སྟོང་ཉིད་ཟབ་མོའི་གཤིས། །རྟེན་འབྲེལ་ཚུལ་གྱིས་ངེས་པར་ཐུགས་ཆུད་ནས། །རྟེན་འབྲེལ་ལས་ཀུན་གདུལ་བྱའི་འགྲོ་ལ་སྟོན། །རྟེན་འབྲེལ་ཀུན་མཁྱེན་ཤཱཀྱའི་རྒྱལ་པོར་འདུད། །བདག་འདྲ་སོ་སྐྱེས་བྱིས་པའི་ངང་ཚུལ་ཅན། །སྔ་མའི་གཏམ་གྱི་བཤད་འཕྲོ་བརྗེད་འགྱུར་ན། །གཞན་ལ་སྔ་ཕྱིའི་སྐྱེ་…
      YJT008 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅། རྒྱ་བླ་བྲང་ལ་ལུང་བསྟན་སྐུ་རིམ། མཆོག་གསུམ་གསོལ་བཏབ་རྟེན་འབྲེལ་བརྟགས་པར། །རང་བབས་གཤིས་ཀྱི་གནས་ལུགས་གདངས། །རྟེན་འབྲེལ་རོལ་པར་སྟོན་མཛད་པ། །གུ་རུ་པདྨ་རྫོགས་ཆེན་པ། །དབྱེར་མེད་མོས་པས་སྙིང་ནས་བརྟེན། །རང་རྩལ་ཌཱཀྐིའི་ལུང་བྱང་ལས། །ལོ་གཅིག་རང་ཁྱིམ་སྐྱ་སེར་དང་། །བུད་མེད་བྱིས་རྒན་རྟ་ནོར་ལ། །སྦྲུལ་གདུག་འཁྱིལ་འ…
      YJT008 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅༎ ངེས་ལེགས་བླ་བྲང་གི་བརྟགས་ལུང་། རྒྱལ་ཀུན་སྤྱི་གཟུགས་བླ་མ་ཨོ་རྒྱན་རྗེ། །འཇིགས་ཀུན་སྐྱོབས་མཛད་འཕགས་མ་ལྷག་པའི་ལྷ། །དབྱེར་མེད་རིགས་བརྒྱའི་ཁྱབ་བདག་རྫོགས་ཆེན་པ། །མི་འབྲལ་སྙིང་གི་པདྨོར་གུས་པས་མཆོད། །བདག་འདྲ་སོ་སྐྱེས་འཕགས་པའི་ཚུལ་བསྟན་ཀྱང་། །ལས་དང་ཉོན་མོངས་ཞགས་པས་དམ་འཆིང་ན། །ལྐོག་གྱུར་ཇི་བཞིན་གཟིགས་ལ་རེ་…
      YJT008 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅། གསེར་རྟའི་བརྟགས་ལུང་། ཡང་ཅིག་གསེར་གྱི་རི་ལ་མངའ་བདག་གབ༔ སྟག་གི་བྲོས་སོ་འབྲོང་གི་རི་ལ་ཉལ༔ ཚོ་གསུམ་དབུས་མ་མི་བདེའི་ཟུག་རྔུ་རགས༔ མགོན་པོའི་ལྷ་གྲལ་བཀའ་སྡོད་རྐྱང་བས་བཟུང༔ ལྷ་སྲུང་གོ་མཚོན་སྲ་བས་གཞན་མི་འབིགས༔ དགུ་བདུན་མཚམས་ནང་ཚངས་པའི་མེ་ཏོག་ཡལ༔ གོས་སྔོན་བདག་པོས་བཀའ་ཁྲིམས་སྔོན་མེད་འོང༔ ཐབས་ཀྱི་ཞགས་པས་བཟུ…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། རྩང་སྟོད་སྨད་ཀྱི་བརྟགས་ལུང་ཤོག་བྱང་།
      YJT008 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅། རྩང་སྟོད་སྨད་ཀྱི་བརྟགས་ལུང་ཤོག་བྱང་། ཁམས་གསུམ་འགྲོ་བའི་སྐྱབས་གཅིག་རྫོགས་ཆེན་པ། །དུས་གསུམ་ཀུན་ཏུ་སྐྱབས་གནས་ཁྱེད་ལས་སུ། །སྒོ་གསུམ་ཆོས་ལ་མོས་པའི་སྤྲང་བན་བདག །སྲིད་གསུམ་སྡུག་བསྔལ་ལས་འདོན་ཁྱེད་རང་མཁྱེན། །དུས་གསུམ་ཚེ་རབས་ཀུན་ཏུ་ཆོས་དམ་གྱིས། །སྒོ་གསུམ་འགལ་མེད་སྦྲེལ་བའི་རྡོ་རྗེའི་སྤུན། །སྐུ་གསུམ་རྒྱལ་བའ…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། གཡུ་ཁོག་དཔོན་ཚང་ལ་བརྟགས་ལུང་གནང་བ།
      YJT008 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༈ གཡུ་ཁོག་དཔོན་ཚང་ལ་བརྟགས་ལུང་གནང་བ། ཡང་ཅིག་དམ་པ་ཉིད་ཀྱི་ཞལ་སྔ་ནས། །བདག་གི་རྒྱུད་ཚོད་བགམ་པའི་གསུང་སྒྲོས་ལ། །སྙིང་ནོར་གཡུ་དཔོན་ཡབ་སྲས་ཆབ་སྲིད་དང་། །སྤྱི་དཔོན་ཁྲོ་ཆེན་ཆུས་ཕྱྭར་བརྟགས་དགོས་སྐད། །འཇིག་རྟེན་མཐུན་འཇུག་བྱ་བའི་མིག་ཕྲ་ཡང་། །པད་འབྱུང་ཐུགས་རྗེས་ཆོས་སྤྱན་ཡངས་རློམ་བདག །བདག་མེད་གནས་ལུགས་རྟོགས་པའི་…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། ཁྲོ་སྐྱབས་རྒྱལ་པོར་བརྟགས་ལུང་ཕུལ་བ།
      YJT008 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅། ཁྲོ་སྐྱབས་རྒྱལ་པོར་བརྟགས་ལུང་ཕུལ་བ། ཞིང་རབ་འབྱམས་ཀྱི་རྒྱལ་བ་རྒྱ་མཚོ་ཡི༔ ཐུགས་མཁྱེན་བརྩེ་དང་ནུས་པའི་བཅུད་དྲིལ་བ༔ མགོན་ཨོ་རྒྱན་ཉིད་སླར་ཡང་བཤེས་གཉེན་གཟུགས༔ ཕ་གྲུབ་དབང་མཆོག་བྱང་ཆུབ་རྡོ་རྗེར་འདུད༔ ཆོས་ཐམས་ཅད་ཀུན་སྟོང་ཉིད་ནམ་མཁའི་བཞིན༔ རྩལ་རྟེན་འབྲེལ་ཆོས་འགགས་མེད་འཇའ་ཚོན་བཀྲ༔ ཉམས་གཞན་དབང་གི་བག་ཆགས་འལ་…
      YJT008 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༈ རི་ཁྲོད་གསར་བཞེངས་དགེའམ་མི་དགེ་ཞེས། །དྲིས་དོན་བརྟགས་པར་འཆར་ཚུལ་འདི་བཞིན་བྱུང་། །ས་བདག་སྒོ་ནས་ཀླུ་བཅོས་རྒྱས་པ་དང་། །ས་སྙིང་བུམ་གཏེར་ཆུ་སྦྱིན་འབུམ་ཕྲག་གཅིག །གུ་རུའི་གསོལ་འདེབས་ཚིག་བདུན་རྒྱུན་འདོན་དང་། །ལེའུ་བདུན་སུམ་བརྒྱ་བཀྲ་ཤིས་བརྩེགས་པའི་མདོ། །བརྒྱ་ཕྲག་ལྷག་བཅས་སྣང་བརྒྱད་མདོ་ཐིག་བརྒྱ། །སྔོན་དུ་སོང་…
      YJT008 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅། མ་འོངས་ལུང་བསྟན། ཁྲོ་ཡི་རྒྱལ་མཚན་སྤྲེའུའི་ཕྲག་ལ་འཁུར། །རྔ་ཡི་སྟག་ལ་གཡུལ་གྱི་མེ་སྟག་འཁྲུགས། །དབྱི་སང་འཐབ་པས་ཡུལ་འགའི་ཁྱི་སྤྱང་འདུར། །དགེ་བའི་བཤེས་ཀྱི་ཚོས་མདོག་ཁྲ་བོར་འགྱུར། །ཙི་ནའི་མི་ལ་རིགས་མི་མཐུན་པས་འཚེ། །དཔའ་བོ་སྟག་གི་༼རྟ་ཡི་༽འཚེར་སྒྲས་ཝ་མོ་འབྲོས། །ཞེས་གསུངས་སོ། །ཨ་ལུང་ལྕགས་ཀྱི་དྲ་བ་མགར་བས་གཏ…