Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 422 of 500
      CMR048 · མཁས་གྲུབ་ཀརྨ་ཆགས་མེད།
      བྱང་ཆུབ་ལམ་གྱི་གེགས་སེལ་མདོར་བསྡུས་པ།
      ལྟར་བྱིང་རྒོད་སྐྱོན་གཉིས་བསལ། །བདེ་དང་གསལ་དང་མི་རྟོག་པའི། །ཉམས་བཟང་རྣམས་ལ་མ་ཆགས་ཤིང་། །སེམས་སློང་རྩུབ་འཁྲུགས་མགོ་ནོན་ནས། །ཤོར་ས་གསུམ་དེར་མ་ཤོར་བར། །རྒྱུན་བསྲིང་ཉམས་སུ་བླང་ནུས་ན། །ནམ་ཞིག་བསོད་ནམས་དགེ་སྦྱོར་མཐུས། །བླ་མའི་བྱིན་རླབས་སེམས་ལ་འཇུག །བལྟ་རྒྱུ་ལྟ་མཁན་གཅིག་ཏུ་འདྲེས། །འདི་བསྒོམ་གཏད་སོ་གཅིག་ཀྱང་…
      CMR048 · མཁས་གྲུབ་ཀརྨ་ཆགས་མེད།
      བྱང་ཆུབ་ལམ་གྱི་གེགས་སེལ་མདོར་བསྡུས་པ།
      གནས་དང་གཅིག་པུ་གཉིས། །ཨེ་མཉམ་བོགས་སུ་ཅི་ཐོན་ལྟ། །བོགས་འདོན་བླ་མའི་གསོལ་འདེབས་དང་། །སྤྲོས་བཅས་དགེ་སྦྱོར་ཉུང་བཅུག་ལ། །ངོ་བོ་ཉིད་ལ་ཨུ་ཚུགས་བསྐྱེད། །སྤྱོད་ལམ་རྣམས་དང་ཨེ་འདྲེས་ཚད། །འདི་ནས་འདྲེས་ན་འདྲེས་ངེས་ཡིན། །བྷེ་རྒྱུ་ཅི་ཡང་མི་གདའ་བས། །བསྒྱུར་ནས་བཞག་པས་འཐུས་གདའ་བསམ། །སྤྲོས་བྲལ་མེད་པའི་སྟོང་རྗེས་ཁྱེར། …
      CMR048 · མཁས་གྲུབ་ཀརྨ་ཆགས་མེད།
      བྱང་ཆུབ་ལམ་གྱི་གེགས་སེལ་མདོར་བསྡུས་པ།
      གཏད་ནས་བསྒོམ་ཙམ་ན། །འདི་ཕན་གཟུགས་དང་འདི་ཚུན་སེམས། །ཕྱེ་རྒྱུ་མེད་པར་དབྱེར་མེད་དུ། །ཉམས་ལེན་དེ་དང་ངོ་བོ་གཅིག །དེ་བཞིན་སྣང་སྲིད་འཁོར་འདས་ཀུན། །རང་གི་སེམས་དང་དབྱེར་མེད་ཅིང་། །རང་སེམས་ཡེ་ནས་སྟོང་པ་ཉིད། །སྟོང་དང་མི་སྟོང་འཛིན་པ་བྲལ། །ཕྱི་རོལ་ཡུལ་སྣང་སྣ་ཚོགས་ལ། །ཆུ་ནང་ཟླ་བའི་གཟུགས་བརྙན་ལྟར། །གསལ་ཡང་ངོ་བོ་སྟ…
      CMR048 · མཁས་གྲུབ་ཀརྨ་ཆགས་མེད།
      བྱང་ཆུབ་ལམ་གྱི་གེགས་སེལ་མདོར་བསྡུས་པ།
      འཕྲུལ་སེམས་དང་བསྲེ་ཞིང་བསྒོམ། །སྙིང་རྗེ་སེམས་བསྐྱེད་དྲག་ཏུ་བསྒོམ། །དུས་གསུམ་རྒྱལ་བའི་ཐུགས་རྒྱུད་དང་། །འགྲོ་དྲུག་སེམས་ཅན་སེམས་རྒྱུད་གཉིས། །དབྱེར་མེད་ངོ་བོ་གཅིག་ཏུ་རྟོགས། །སེམས་དང་ནམ་མཁའ་ཆོས་ཀྱི་དབྱིངས། །དབྱེར་མེད་ཆེ་ཆུང་མེད་པར་རྟོགས། །སྣོད་བཅུད་འཁོར་འདས་ཐམས་ཅད་ཀུན། །ལན་ཚྭ་ཆུ་རུ་ཐིམ་པ་ལྟར། །རང་སེམས་ངང…
      CMR048 · མཁས་གྲུབ་ཀརྨ་ཆགས་མེད།
      བྱང་ཆུབ་ལམ་གྱི་གེགས་སེལ་མདོར་བསྡུས་པ།
      དྲུག་ཅུའི་དོན། །དགའ་རབ་ཤྲཱི་སེང་པདྨ་འབྱུང་། །བི་མ་མི་ཏྲ་ལ་སོགས་པ། །རིག་འཛིན་རྗེ་འབངས་ཐུགས་ཀྱི་བཅུད། །བསྒོམ་ནི་མི་དགོས་བལྟས་པས་གྲོལ། །རྫོགས་ཆེན་ཐོད་རྒལ་ཉམས་སུ་ལོངས། །འཇའ་འོད་ཐིག་ལེ་ཐིག་ཕྲན་དང་། །རང་སེམས་ངོ་བོ་བསྲེས་ལ་ལྟོས། །གསལ་སྟོང་དབྱེར་མེད་མངོན་སུམ་མཐོང་། །གལ་ཏེ་སེམས་ངོ་མི་ཤེས་ཀྱང་། །དེ་ལ་བལྟས་པས་…
      CMR048 · མཁས་གྲུབ་ཀརྨ་ཆགས་མེད།
      བྱང་ཆུབ་ལམ་གྱི་གེགས་སེལ་མདོར་བསྡུས་པ།
      ནམ་མཁའི་དཀྱིལ་ནས་འོད་ཀྱི་ལམ། །མིག་གི་དཀྱིལ་དུ་ཟུག་ནས་འོང་། །དེ་ཡི་རྒྱུད་ནས་རྣམ་ཤེས་འཕོ། །རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ། །རྫོགས་ཆེན་ཉེ་ལམ་ངོ་མཚར་ཆེ། །དེ་ལས་ཟབ་དང་སླ་བའི་ཆོས། །འཇིག་རྟེན་གང་དུའང་མེད་པར་གསུངས། །ཨོ་རྒྱན་པདྨའི་ཟབ་ཁྱད་ཡིན། །རྒྱུན་དུ་དགེ་སྦྱོར་གང་བྱེད་ཀྱང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །འ…
      CMR048 · མཁས་གྲུབ་ཀརྨ་ཆགས་མེད།
      བྱང་ཆུབ་ལམ་གྱི་གེགས་སེལ་མདོར་བསྡུས་པ།
      གཅིག་འདི་ཉིད་ལ། །ཕྱག་རྒྱ་ཆེན་པོ་འགྲུབ་པར་ཤོག །དེ་སྐད་རཱ་ག་ཨ་སྱས་སྨྲས། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
      CMR048 · མཁས་གྲུབ་ཀརྨ་ཆགས་མེད།
      ལོ་འོར་ལ་གདམས་པ་མགུར་ཚན་གསུམ།
      ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡེ། བླ་མ་ཡི་དམ་དབྱེར་མེད་པའི། །ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ། །དད་པ་དང་ལྡན་པའི་ལོ་འོར་གྱིས། །སེམས་ལ་ཕན་པ་གཅིག་དགོས་ཟེར་བ། །སེམས་ལ་གང་ཤར་གཅིག་འཕྲལ་དུ་བརྗོད། །བསྐལ་པ་ནི་བྱེ་བ་བརྒྱ་སྟོང་ལ། །སངས་རྒྱས་ནི་འབྱོན་པ་ད་རེས་ཙམ། །ད་རེས་ནི་བསྐལ་པ་བཟང་པོར་སྐྱེས། །ངན་སོང་ནི་ས་ཆེན་རྡུལ་གྲངས་ཙམ།…
      CMR048 · མཁས་གྲུབ་ཀརྨ་ཆགས་མེད།
      ལོ་འོར་ལ་གདམས་པ་མགུར་ཚན་གསུམ།
      རེས་དམ་ཆོས་ཤིག་མ་བསྒྲུབས་ན། །རང་གི་རང་ཉིད་བསླུ་ཚབས་ཆེ། །ཆོས་བྱེད་བསམ་ཅིག་ཡོད་པས་མི་ཕན་ཏེ། །ལོ་ཟླ་འདི་སོང་བཞིན་འཆི་ལ་ཉེ། །མི་ཚེ་ནི་ཟད་པ་མི་ཚོར་རོ། །ཟས་གོས་ནི་ཟད་སྙམ་སེར་སྣ་སྐྱེ། །ཚེ་ཟད་ནས་འཆི་བ་ཡང་རེ་རེ་ཅེས། །ནད་རིགས་དང་གདོན་རིགས་འདི་རླུང་ལྟར་འཚུབ། །ཚེ་སྲོག་འདི་རླུང་གསེབ་མར་མེ་འདྲ། །ངེས་པར་འཆི་བདག་ཁོ…
      CMR048 · མཁས་གྲུབ་ཀརྨ་ཆགས་མེད།
      ལོ་འོར་ལ་གདམས་པ་མགུར་ཚན་གསུམ།
      ཚུད། །དགེ་བ་ནི་འདོད་ཀྱང་ཚོལ་ཁོངས་མེད། །སྡིག་པ་ལ་འགྱོད་ཀྱང་དེ་ནས་འཕྱིས། །དམྱལ་བའི་མེ་ལྕེ་ཚ་ངར་ཆེ། །གཤིན་རྗེའི་ལས་མཁན་སྙིང་རྗེ་མེད། །དེ་འདྲ་སོམ་ལ་དམ་ཆོས་མཛོད། །ཅེས་པ་བློ་སེམས་ཆོས་ལ་འཇུག་པའི་ཀླུའོ།། ༈ །།ན་མོ་གུ་རུ། ཁྱེད་ལོ་འོར་དམ་ཆོས་མཛད་དགོངས་ན། །ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །ཁྱེད་ལུས་ལ་སྙིང་པོ་…
      CMR048 · མཁས་གྲུབ་ཀརྨ་ཆགས་མེད།
      ལོ་འོར་ལ་གདམས་པ་མགུར་ཚན་གསུམ།
      ལ་རློམ་སེམས་སྐྱར། །ཁྱེད་དུད་འགྲོའི་སྡུག་བསྔལ་སྤང་འདོད་ན། །ངག་ཚིག་ངན་སྤོངས་ལ་སྐུར་འདེབས་སྒྱུར། །ཁྱེད་ལྷ་མའི་སྡུག་བསྔལ་སྤང་འདོད་ན། །ལས་འཛིང་རྩོད་སྤོངས་ལ་དབྱེན་ཚིག་སྒྱུར། །ཁྱེད་ལྷ་ལུས་མི་ལུས་ཐོབ་འདོད་ན། །ལས་དགེ་བ་བཅུ་པོ་ཅི་འགྲུབ་གྱིས། །ཁྱེད་མཐར་ཐུག་སངས་རྒྱས་ཐོབ་འདོད་ན། །ཆོས་ཅི་བྱེད་འགྲོ་དྲུག་སྤྱི་ལ་བསྔ…
      CMR048 · མཁས་གྲུབ་ཀརྨ་ཆགས་མེད།
      ལོ་འོར་ལ་གདམས་པ་མགུར་ཚན་གསུམ།
      པའི་ངོ་བོར་ལྟོས། །ཧྲིག་གེ་རྗེན་ནེ་ཡེ་རེ་ཞོག །དུག་ལྔ་ཤར་དུས་ངོ་བོར་ལྟོས། །རང་གྲོལ་ཡེ་ཤེས་ངང་ལ་ཞོག །འཚུབ་ན་རང་སེམས་ཀློད་ལ་ལྟོས། །གར་འགྲོ་ཐོངས་ལ་རྒྱང་སོ་ཚུགས། །བྱིང་རྨུག་འཐིབ་ན་བསྒྲིམ་ལ་ལྟོས། །བྱིང་རྨུག་རང་གསལ་ངང་ལ་ཞོག །ལྟ་བ་བཤད་ལུགས་མང་ན་ཡང་། །རང་ངོ་བལྟ་བ་ལྟ་བའི་མཆོག །སྒོམ་པ་བཤད་ལུགས་མང་ན་ཡང་། །ཡེངས་མ…
      CMR048 · མཁས་གྲུབ་ཀརྨ་ཆགས་མེད།
      ལོ་འོར་ལ་གདམས་པ་མགུར་ཚན་གསུམ།
      ཞེས་པ་སེམས་ལ་ཕན་ཕྱིར་འཕྲལ་དུ་དགེ་སློང་ཨ་རཱ་གས་སྣོན་ཟླ་བའི་ཡར་ཚེས་དགུ་ལ་སྨྲས་པའོ།།
      CMR048 · མཁས་གྲུབ་ཀརྨ་ཆགས་མེད།
      ཕར་ཕྱིན་དྲུག་སྙན་ངག་དང་སྦྱར་བའི་ཉམས་མགུར།
      ཕར་ཕྱིན་དྲུག་སྙན་ངག་དང་སྦྱར་བའི་ཉམས་མགུར་བཞུགས་སོ།
      CMR048 · མཁས་གྲུབ་ཀརྨ་ཆགས་མེད།
      ཕར་ཕྱིན་དྲུག་སྙན་ངག་དང་སྦྱར་བའི་ཉམས་མགུར།
      བསོད་ནམས་དགེ་ཚོགས་ལས་བྱུང་བའི་དཔལ་འབྱོར་ལོངས་སྤྱོད། །ད་ལྟ་རང་དབང་ཡོད་དུས་ཡར་མཆོད་མར་སྦྱིན་ཞིག་གྱིས་དང་། །དགྲ་འདྲེ་མཐའ་དམག་གིས་ཁྱེར་དུས་འགྱོད་ཀྱང་ནི་འཕྱིས་པ་གདའ་བས། །གྲོགས་སུ་དགེ་སེམས་ཞིག་བསྐྱེད་མཛོད་འབྱོར་ལྡན་གྱི་ཡོན་བདག །ཡངས་པའི་པད་ཚལ་དུ་རྒྱུ་བའི་སྟག་ཆུང་གི་བུང་བ། །རྩི་བཅུད་ཀྱིས་ཚང་མང་ཁེངས་དུས་བུང་…
      CMR048 · མཁས་གྲུབ་ཀརྨ་ཆགས་མེད།
      ཕར་ཕྱིན་དྲུག་སྙན་ངག་དང་སྦྱར་བའི་ཉམས་མགུར།
      བསྟན་པ་ལ་ཞུགས་པའི་རབ་བྱུང་གི་བཙུན་ཆུང་། །ད་ལྟ་གཙང་མར་ཡོད་དུས་ཚུལ་ཁྲིམས་ཤིག་བསྲུང་དང་། །བག་མེད་དུ་འཁྱལ་ནས་ངན་སོང་དུ་ལྟུང་ཚབས་ཆེ་ཉན་ཡོད་པས། །གྲོགས་སུ་བག་ཡོད་དྲན་ཤེས་བརྟེན་མཛོད་ཁྲིམས་ལྡན་གྱི་བནྡྷེ། །སྤང་ལྗོངས་མཐོན་མཐིང་ལས་འཁྲུངས་པའི་འདབ་རྒྱས་ཀྱི་པདྨ། །ད་ལྟ་བཀྲག་མདངས་ཟིལ་མངར་ལྡན་དུས་དཀོན་མཆོག་ཅིག་མཆོད་ད…
      CMR048 · མཁས་གྲུབ་ཀརྨ་ཆགས་མེད།
      ཕར་ཕྱིན་དྲུག་སྙན་ངག་དང་སྦྱར་བའི་ཉམས་མགུར།
      པའི་དབུ་ནག་གི་མི་ཚོ། །དོན་མེད་ཚིག་རྩོད་འདྲ་བྱུང་དུས་བཟོད་པ་རེ་སྒོམ་དང་། །འཐབ་འཁྲུག་ནི་སྨས་ལ་ཐུག་ན་གཉིས་ཕུང་དུ་འགྲོ་བས། །གྲོགས་སུ་གཤིས་འཇམ་བརྟེན་མཛོད་ཤེས་ལྡན་གྱི་མི་ཕོ། །སྲ་བརྟན་གོ་ཆའི་རྒྱལ་པོ་རྦ་ཕུབ་ནི་ལིང་ཆེན། །ཉག་ཕྲན་མདའ་མོ་བྱུང་དུས་རང་རྟགས་ཤིག་སྟོན་དང་། །སྐྱེས་བུ་ཤི་སྨས་ཤོར་ན་དགོས་པ་ནི་སྟོར་བས། །…
      CMR048 · མཁས་གྲུབ་ཀརྨ་ཆགས་མེད།
      ཕར་ཕྱིན་དྲུག་སྙན་ངག་དང་སྦྱར་བའི་ཉམས་མགུར།
      བས། །ཡེངས་མེད་བསམ་གཏན་སྒོམ་མཛོད་སྒོམ་ཆེན་གྱི་གསར་བུ། །རས་དཀའ་སྣུམ་གྱིས་སྦགས་པའི་སྣང་གསལ་གྱི་སྒྲོན་མེ། །ད་ལྟ་བཀྲག་མདངས་གསལ་དུས་རྟེན་གསུམ་ལ་མཆོད་དང་། །རླུང་ནག་འཚུབ་མ་འདྲ་ལྡང་ན་རང་དབང་ནི་མེད་པས། །གྲོགས་སུ་རླུང་ཡོལ་བརྟེན་མཛོད་ཞུན་མར་གྱི་དྷི་པཾ། །ཤེས་རབ་ཕར་ཕྱིན་རྟོགས་པའི་སྒོམ་ཆེན་ནི་རྙིང་པ། །ད་ལྟ་ལུས་སེམ…
      CMR048 · མཁས་གྲུབ་ཀརྨ་ཆགས་མེད།
      ཕར་ཕྱིན་དྲུག་སྙན་ངག་དང་སྦྱར་བའི་ཉམས་མགུར།
      བདག་བསྒྲུབ་པའི་བར་ཆད་བསལ་དུ་གསོལ། །བདག་གྲོང་ཆོག་གི་འདྲེ་འདུལ་བྱས་ལགས་ཀྱང་། །འཕྲལ་ཁ་སྐྱིད་ཀྱི་ཞིམ་ལྟོ་མ་གཏོགས་པ། །བློ་གཞན་ཕན་གྱི་བྱང་སེམས་མ་འབྱོངས་པས། །འཕྲལ་བསྒྲུབ་པ་འདི་མཐའ་རུ་འདོན་ན་བསམ། །བདག་འཕོ་འདེབས་དང་བདུན་ཚིགས་བྱས་ལགས་ཀྱང་། །འཕྲལ་འབུལ་ནོར་ཞིག་ཅི་རྙེད་མ་གཏོགས་པ། །བློ་མི་རྟག་དང་སྙིང་རྗེ་མི་སྐྱེ་…
      CMR048 · མཁས་གྲུབ་ཀརྨ་ཆགས་མེད།
      ཕར་ཕྱིན་དྲུག་སྙན་ངག་དང་སྦྱར་བའི་ཉམས་མགུར།
      སྡུད་བྱས་ལགས་ཀྱང་། །འཕྲལ་དགྲ་རྐུན་གྱི་གཡབ་མོ་མ་གཏོགས་པ། །ཞིང་དག་པ་ལ་བརྒྱ་འབུལ་མི་ཁྱོག་པས། །འཕྲལ་བསྒྲུབ་པ་འདི་མཐའ་རུ་འདོན་ན་བསམ། །བདག་ཆོས་ར་དང་ཁྲོམ་དབང་བྱས་ལགས་ཀྱང་། །འཕྲལ་སྒར་ཆུང་གི་ཁ་ཐོན་མ་གཏོགས་པ། །རྒྱུད་སྨིན་གྲོལ་གྱི་ནུས་པ་མི་ཐོབ་པས། །འཕྲལ་བསྒྲུབ་པ་འདི་མཐའ་རུ་འདོན་ན་བསམ། །བདག་སུས་ཟེར་གྱི་སྐུ་ཕུད་…