Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      6649 results — page 13 of 333
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      འདུལ་བ་རྒྱ་མཚོའི་དཀའ་གནད་མདོར་བསྡུས་ནོར་བུའི་ཕྲེང་བ།
      ཡོངས་སྦྱོང་གཞི་ལ་གང་གིས་གླེང་བ་པོ། །སྡོམ་དག་ལྟ་མཐུན་གླེང་བྱར་ཞེ་འགྲས་མིན། །བུད་མེད་ཀྱིས་གླེང་ཚེ་ན་མཚན་མཐུན་འང་དགོས། །གང་ལ་གླེང་ཡུལ་སྡེ་ལྔ་གསོ་རུང་ལྡན། །ནད་པ་གནས་ཕྱུངས་དགེ་འདུན་འབྱེད་ནུས་མིན། །ལ་སོགས་བརྒྱད་ལྡན་ནོ་དབེན་པའི་གནས་སུ་གླེང༌། །ཚོགས་དབུས་གླེང་གསུངས་ཚོགས་ནང་ཉེས་བྱས་ཡིན། །གླེང་ཚེ་དང་པོར་བསམ་བྱ…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      འདུལ་བ་རྒྱ་མཚོའི་དཀའ་གནད་མདོར་བསྡུས་ནོར་བུའི་ཕྲེང་བ།
      ལས་ཕྱེའི་གཞིར་གསུངས་ཆོས་ནི་མདོ་མངོན་ནོ། །ཆོས་མིན་ཕྱོགས་ལ་རིས་བརྒྱད་ཕྱག་མི་བྱ། །འོན་ཀྱང་དགེ་སློང་མ་སོགས་སྟན་ལས་ལྡང༌། །དེ་ལ་བཟོད་པར་བྱ་བ་གསོལ་བཞིའི་ལས། །དེ་རྗེས་མཐུན་པ་སྦྱིན་པ་གསོལ་བཞིའི་ལས། །དེ་འོག་མཐུན་པའི་གསོ་སྦྱོང་སྦྱིན་གསོལ་བཞི། །དེ་འོག་ལྷན་ཅིག་མཐུན་པའི་གསོ་སྦྱོང་བྱ། །མི་རུང་གཞི་བཅུ་ཞི་བྱེད་བཀྲ་ཤ…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      འདུལ་བ་རྒྱ་མཚོའི་དཀའ་གནད་མདོར་བསྡུས་ནོར་བུའི་ཕྲེང་བ།
      འཁོར་ལོ་ཕྱེ་བ་ལུང་གཞི་ལས། །འོ་མ་ཤ་དང་ལན་ཚྭ་དང༌། །གོས་དྲས་དགོན་པར་གནས་པ་དང༌། །ཞེས་ཏེ་ལྡོག་ཕྱོགས་བསླབ་ཚིགས་ལྔའི། །ཚུལ་ཤིང་བྲིམ་ནས་དགེ་འདུན་ཕྱེ་བ་སྟེ། །ཞག་ཏུ་མི་གནས་དེ་བར་ལམ་ལྔ་ཆད། །དབྱེན་དང་དགེ་འདུན་ལྟུང་བར་འབྱེད་པོ་ལྡན། །བཅས་པའི་དང་པོ་པ་ཕྱིར་ལྷག་མ་དཀའ། །
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      འདུལ་བ་རྒྱ་མཚོའི་དཀའ་གནད་མདོར་བསྡུས་ནོར་བུའི་ཕྲེང་བ།
      རྩོད་རྒྱུ་ཕྱི་ན་ཡོད་པ་རྣམ་བཞི་སྟེ། །དེ་བཞིན་ཉིད་ལ་ལོག་སྒྲུབ་རྟག་སྨྲ་སོགས། །སྤོང་བ་ཞེས་བྱ་གདམས་ངག་ལ་སོགས་འཇོག །ལྟུང་བཅས་ལྷག་མ་མེད་ན་རྩོད་ཟླ་མིན། །བཞི་པ་ལས་ལ་འདུ་བ་མི་སྟེར་བའོ། །མི་མཐུན་སྨྲས་ལ་འཁོན་འཛིན་རྩོད་པའི་དངོས། །ཆེ་ལོང་དབྱེ་ན་འགྱེད་ཕྱིར་མི་གདམས་ཕྱིར། །ལྟུང་ཕྱིར་བྱ་བ་ལས་ཕྱིར་རྩོད་པ་བཞི། །ཞིབ་མོ་…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      འདུལ་བ་རྒྱ་མཚོའི་དཀའ་གནད་མདོར་བསྡུས་ནོར་བུའི་ཕྲེང་བ།
      འདི་ནི་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་རང་ལོ་ཉེར་གསུམ་པ་ལ་ལྷ་ལྡན་སྨོན་ལམ་གྲྭ་སྐོར་གྱི་དུས་གཏུགས་པས་རྩ་བ་བློ་འཛིན་ངོས། དེར་མི་གསལ་བ་ཁ་འགེང་དགོས་རྣམས་དཔེ་ཀློག་གང་བགྱིས་དྲན་ཐོ་རགས་པ་ཙམ་སུག་བྲིས་སུ་བཏབ་པ་ལས། ཕྱིས་དཔེ་རིམ་པར་འཁྱར་ཏེ་ཆོས་གྲྭ་ཆེན་པོ་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་དཀའ་རམས་འཛིན་གྲྭའི་ཆོས་གྲྭ་…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      འདུལ་བ་རྒྱ་མཚོའི་དཀའ་གནད་མདོར་བསྡུས་ནོར་བུའི་ཕྲེང་བ།
      འདིར་འབད་ལེགས་བྱས་གངྒཱའི་ཀླུང་རྒྱུན་གྱིས། །ཉེས་ལྟུང་རྙོག་པའི་དྲི་མ་རབ་སྦྱངས་ནས། །ཆོས་འདུལ་རྒྱ་མཚོའི་གླིང་དུ་ཕྱིན་གྱུར་ཏེ། །བསླབ་གསུམ་ནོར་བུའི་མཛོད་ལ་དབང་འབྱོར་ཤོག ། སརྦ་མངྒ་ལཾ།།
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      ཆོས་མངོན་མཛོད་ཀྱི་བསྡུས་དོན།
      ༄༅། །ཆོས་མངོན་པ་མཛོད་ཀྱི་བསྡུས་དོན་ཆོས་མངོན་རྒྱ་མཚོར་འཇུག་པའི་གྲུ་གཟིངས་ཞེས་བྱ་བ་བཞུགས་སོ། །
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      ཆོས་མངོན་མཛོད་ཀྱི་བསྡུས་དོན།
      ཚོགས་གཉིས་རིན་ཆེན་ལས་གྲུབ་སྐུ། །དབྱངས་ཀྱིས་སྐྱེ་དགུ་ཚིམ་མཛད་གསུང༌། །སྒྲིབ་བྲལ་ཏིང་འཛིན་འབུམ་བཀྲའི་ཐུགས། །འགྲོ་འདྲེན་ཤཱཀྱ་སེང་གེར་འདུད། །ཨ་བྷི་མངོན་ཕྱོགས་ལ་སོགས་ལ། །ཆོས་ཀྱང་རྣམ་བཤད་རིག་པ་ལས། །ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་མཐོ་རིས་དང༌། །འབྱུང་འགྱུར་ངེས་དང་ཆོས་ལུགས་…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      ཆོས་མངོན་མཛོད་ཀྱི་བསྡུས་དོན།
      ཕུང་པོས་མ་བསྡུས་ཁམས་སོགས་ཀྱིས། །བསྡུས་ཀྱང་ཀུན་བྱང་རིམ་མེད་ཕྱིར། །མ་བཤད་ཟག་བཅས་ཟག་མེད་སྨོས། །ཆོས་ཞེས་བདག་གཉིས་འགོག་ཕྱིར་རོ། །དམིགས་པ་མཚུངས་ལྡན་གཉི་གའི་སྒོས། །རྒྱས་པར་མ་ངེས་དགྲ་བཅོམ་མིག །མཚུངས་ལྡན་མེད་ཀྱང་ཟག་བཅས་ཏེ། །གཟུགས་ཅན་བཅུ་དང་རྣམ་ཤེས་ལྔ། །གཅིག་ཏུ་སྒོམ་སྤང་ཉིད་ཕྱིར་རོ། །སྐྱེས་རུང་ཙམ་མིན་འགོག་ལམ་…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      ཆོས་མངོན་མཛོད་ཀྱི་བསྡུས་དོན།
      འདི་ལ་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་མེད་དེ། རྒྱུད་ལྡན་གྱི་དེ་གཏན་མི་སྐྱེ་བའི་ཆ་སྔར་ཐོབ་ཡོད་པའི་ཕྱིར། རྒྱུ་ཡང་དུ་མ་ཚོགས་དགོས་ཕྱིར། །བྱས་པའི་སྟེང་དུ་འདུས་པ་བསྣན། །འདུས་བྱས་མདོར་རྒྱས་རིམ་པའང་ཡིན། །མི་སྐྱེ་རྣམས་ཀྱང་དེར་རུང་སྟེ། །ལུས་གནས་ལ་ཡང་འོ་མ་བཞིན། །གཏམ་གཞི་གཏམ་གྱི་རྒྱུ་ཡི་དོན། །གཞི་བཅས་བྱེ་སྨྲས་རྒྱུ་…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      ཆོས་མངོན་མཛོད་ཀྱི་བསྡུས་དོན།
      དྲུག་པའི་རྟེན་ཕྱིར་ཡིད་བཤད་ལ། །གོས་དམར་སྡེ་པས་སྙིང་དུ་བཤད། །སྙིང་ནི་གཟུགས་མེད་ཁམས་སུའང་བཞག །མདོ་ལས་དུས་གསུམ་ཕྱི་ནང་ཕྲ་རགས་དང༌། །ངན་པ་གྱ་ནོམ་ཉེ་རིང་སོགས་གསུངས་དོན། །བྱེ་སྨྲས་ཕྲ་རགས་ཐོགས་བཅས་ཐོགས་མེད་དང༌། །ངན་པ་ཉོན་མོངས་ཅན་དང་བཟློག་པ་གཞན། །ཉེ་རིང་ད་ལྟར་དང་གཞན་ནོ་བཙུན་པས་ནི། །ཕྲ་རགས་ཡིད་དབང་ཡུལ་ངན་ཡིད་…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      ཆོས་མངོན་མཛོད་ཀྱི་བསྡུས་དོན།
      ཆུ་དང་སྐམ་གཉིས་ཉིན་མཚན་གཉིས་ཐོགས་གཞན། །མི་ཉ་ཆུ་སྲིན་བྱིས་པ་གསོད་དང་མི། །འུག་པ་རྟ་དང་སྙོམས་འཇུག་ལ་སོགས་སོ། །ཡུལ་ལ་ཐོགས་དང་སྒྲིབ་པའི་ཐོགས་པ་ལ། །མུ་བཞི་སེམས་དང་ཡུལ་ལྔ་དབང་པོ་རྟག །དམིགས་བཅས་ཡུལ་ཅན་ངེས་ཕྱིར་མུ་གསུམ་སྟེ། །ཡུལ་ཐོགས་དམིགས་པར་མི་ཐོགས་དབང་པོ་ལྔ། །གཉིས་ཐོགས་སེམས་དང་གཉིས་མིན་ནམ་མཁའ་སོགས། །དབང་ཤ…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      ཆོས་མངོན་མཛོད་ཀྱི་བསྡུས་དོན།
      ༈ རང་གི་དོན་ལ་ལྷག་པར་དབང་བྱེད་པའི། །ཆ་ནས་བཞག་པའི་འདུས་བྱས་དབང་པོའི་དོན། །ལྔ་ཡིས་ལུས་མཛེས་བསྲུང་དང་རྣམ་ཤེས་སྐྱེད། །ཐུན་མོང་མིན་ཡུལ་ལ་དམིགས་རྒྱུ་བཞིར་དབང༌། །གཉིས་ཀྱིས་ཕོ་མོ་བྱེ་བྲག་ཕྱེད་པ་དང༌། །སྐད་གཟེངས་མཐོ་སོགས་ཁྱད་པར་གཉིས་ལ་དབང༌། །སྲོག་གིས་མཚམས་སྦྱོར་སྲོག་འཛིན་གཉིས་ལ་དབང༌། །ཡིད་ཀྱིས་ཕྱི་མར་སྦྱོར་ཞི…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      ཆོས་མངོན་མཛོད་ཀྱི་བསྡུས་དོན།
      བསམ་གཏན་གསུམ་པ་ལས་གཞན་ན། །ལྔར་ཕྱེའི་བདེ་བ་ལུས་ཚོར་ཡིན། །དེ་ན་ཉོན་མོངས་ཅན་གྱི་ཡང༌། །སེམས་བདེ་ཡོད་དེ་ཆོས་བཅུ་དྲུག །ཡུལ་དུ་འགྱུར་ཚུལ་བཤད་པའི་སྐབས། །སེམས་བདེར་སྤང་བྱ་རིས་ལྔར་གསུངས། །དད་སོགས་ལམ་མ་ཞུགས་ནས་ཡོད། །ཀུན་བཏུས་དང་ནི་བསྡུ་བ་ལས། །ཀུན་ཤེས་བྱེད་དང་ཀུན་ཤེས་ལ། །སྦྱོར་མཐོང་མཐོང་སྒོམ་གཉིས་གཉིས་བཤད། །ཀུན…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      ཆོས་མངོན་མཛོད་ཀྱི་བསྡུས་དོན།
      གཞི་ལྔར་སྐུར་བ་ཟློག་པའི་ཕྱིར། །རྫས་གྲུབ་ལྔ་བཤད་གྲུབ་མཐའི་གཞུང༌། །སློབ་དཔོན་རྫས་བརྒྱད་འདུས་པའི་རྫས། །ནུས་པར་བཞེད་ཕྱིར་རྫས་རྡུལ་མེད། །བྱེ་སྨྲས་རྫས་རྡུལ་བློ་ཡིས་ཀྱང༌། །གཞིག་མེད་ཆེ་ཆུང་བསགས་རྡུལ་འདྲ། །དེ་བརྒྱད་འདུས་ཀྱང་མི་ཆེ་སྟེ། །བྱེ་མ་ཆུ་དང་མེ་ལྕགས་བཞིན། །ཀུན་ཀྱང་འབྱུང་བཞི་གཟུགས་དྲི་རོ་རེག་བཞིའི། །བདག…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      ཆོས་མངོན་མཛོད་ཀྱི་བསྡུས་དོན།
      ཀུན་བཏུས་སྡེ་ཚན་དྲུག་དང་ང་གཅིག་གསུངས། །འདིར་ནི་བརྗེད་ངས་ཤེས་བཞིན་མིན་དྲན་པ། །རྣམ་གཡེང་ཏིང་འཛིན་གཏི་མུག་མེད་ལྟ་བློས། །བསྡུས་ཕྱིར་ས་མང་ལྔ་དང་མ་ངེས་པ། །བརྒྱད་དེ་སེམས་བྱུང་བཞི་བཅུ་རྩ་དྲུག་གསུངས། །ཀུན་བཏུས་ཀུན་འགྲོ་ཡུལ་ངེས་རྩ་ཉོན་ལྔ། །དགེ་བ་བདུན་ཏེ་ཉེར་གཉིས་རྫས་ཡོད་གཞན། །མངོན་པར་ཤེས་བཞིན་མ་ཡིན་བརྗེད་ངས་ག…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      ཆོས་མངོན་མཛོད་ཀྱི་བསྡུས་དོན།
      ཐོབ་ལ་རྙེད་ལྡན་དང་པོར་ཡང༌། །སྔར་མེད་རྙེད་ཐོབ་ཆོས་བཟོད་དང༌། །ཉམས་ལས་རྙེད་ཐོབ་མིས་བསམ་གཟུགས། །ལྡན་ཐོབ་དེ་ཡི་སྐད་ཅིག་གཞན། །རྙེད་པས་མ་ཐོབ་ལྡན་མ་ཐོབ། །དགྲ་བཅོམ་སྲིད་ཉོན་མ་ཐོབ་པ། །སྔར་མེད་རྙེད་པའི་མ་ཐོབ་དང༌། །མིག་ལོང་ཉམས་ལས་རྙེད་མ་ཐོབ། །དེ་དག་སྐད་ཅིག་གཉིས་པ་ནས། །ལྡན་པའི་མ་ཐོབ་བོ་ཡིག་ཆ་ལས། །སྦྱོར་ལམ་མཐོང་ད…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      ཆོས་མངོན་མཛོད་ཀྱི་བསྡུས་དོན།
      མྱུ་གུ་སྐྱེ་བས་མྱུག་དང་གནས་སོགས་གསུམ། །སྐྱེ་དེའི་སྐྱེ་སོགས་བཞི་སྟེ་བརྒྱད་པོ་ལ། །སྐྱེད་པའི་བྱེད་པ་འཇུག་ཅིང་སྐྱེ་བའི་སྐྱེས། །སྐྱེ་ལ་བྱེད་འཇུག་ཐོབ་པས་ཐོབ་པ་བཞིན། །སྐྱེ་བས་བརྒྱད་ཆར་སྐྱེད་ན་ཡང༌། །རྒྱུ་རྐྱེན་ཚོགས་ལ་ལྟོས་པའི་ཕྱིར། །མ་འོངས་ཐམས་ཅད་ཅིག་ཅར་མིན། །སྐལ་མཉམ་རྒྱུ་མཐུན་ལས་བྱུང་དང༌། །སེམས་ཅན་སྟོན་དང་…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      ཆོས་མངོན་མཛོད་ཀྱི་བསྡུས་དོན།
      སྒྲིབ་པའི་སྐལ་མཉམ་ཁྱད་ཆོས་གསུམ། །རྣོ་རྟུལ་དང་ནི་དུས་མཉམ་པ། །དབང་པོ་རྒྱུ་རྒྱས་མཉམ་པ་འོ། །ཟག་མེད་ཁམས་སུ་མ་གཏོགས་ཕྱིར། །ཟག་བཅས་རང་སའི་མཉམ་ཁྱད་པར། །མ་འོངས་གོ་རིམ་མེད་ཕྱིར་དང༌། །ཀུན་འགྲོ་སྐལ་མཉམ་རང་འབྲས་ལས། །སྔར་སྐྱེས་ངེས་ཕྱིར་དུས་གཉིས་པ། །ལས་གཞན་ཡོད་ཀྱང་མ་བཤད་ལོ། །བྱེད་རྒྱུ་རྟག་ཕྱིར་འདིར་མ་བཤད། །མདོ་སྡེ…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      ཆོས་མངོན་མཛོད་ཀྱི་བསྡུས་དོན།
      ༈ དགའ་དང་སྐྱབས་མེད་ན་ར་ཀཿ །མི་ལྡོག་ཡིད་བཏགས་པྲེ་ཏ་སྟེ། །དུད་ཅིང་འགྲོ་བས་ཏིརྻ་ཀཿ །དམྱལ་བརྒྱད་གླིང་བཞི་ལྷ་དྲུག་སྟེ། །ཉི་ཤུ་གྲང་དམྱལ་གླིང་ཕྲན་མིན། །འཁོར་ཕྱིར་ཉི་ཚེ་ངེས་མེད་ཕྱིར། །མ་བགྲང་བ་ལས་གྲང་དམྱལ་བརྒྱད། །གླིང་ཕྲན་བརྒྱད་དང་བཅས་སོ་དྲུག །དགེ་ཆུང་བདེ་ཆུང་སོགས་སུའང་བཏགས། །བཞི་ལ་གཟུགས་ཅན་གནས་མེད་དོ། །སྲི…