Author
About 40% of texts have an author recorded — this list will grow as more are attributed.
6649 results
— page 59 of 333
GTD002
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
བདེན་བཞིའི་རྣམ་གཞག་ཐར་འདོད་མཁས་པའི་དགའ་སྟོན།
ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། དུང་དུང་གུས་པའི་དབྱངས་ཀྱི་རྔ་སྒྲ་དང༌། །ལྷན་ཅིག་གར་བསྒྱུར་ཡབ་གཅིག་མཁྱེན་པའི་གཏེར། །ལམ་ལམ་འབར་བ་རལ་གྲིའི་འཁྲི་ཤིང་གིས། །བཅུ་དྲུག་འཆིང་བའི་དྲ་བ་དྲུངས་ཕྱུངས་ཤིག །མིང་སྐམ་རི་བོའི་ཕག་ཏུ་མ་འཆེལ་ཞིང༌། །གོས་དར་ཆུ་འཛིན་དྲ་བས་མ་བསྒྲིབས་པར། །ལུང་རིགས་ཚ་ཟེར་རྒྱས་པའི་ཉི་མ་གང༌། །མཁས་པ་དགའ…
GTD002
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
བདེན་བཞིའི་རྣམ་གཞག་ཐར་འདོད་མཁས་པའི་དགའ་སྟོན།
སྟོན་པས་ཆོས་ཕུང་ཇི་སྙེད་ཅིག་བཀའ་སྩལ་པ་ཐམས་ཅད་ཀྱི་དགོངས་པའི་གཏད་སོ་ནི། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་བའི་འགྲོ་བ་མཐའ་དག་དེ་ལས་སྒྲོལ་བའི་ཆེད་དུ་ཡིན་ལ། དེའི་ཚུལ་ཡང༌། ཇི་སྐད་དུ། དེ་དག་ཡུལ་ལ་མ་མཐོང་བས། །ཡིན་གྱི་ཕྱི་ཚུལ་དག་གིས་མིན། །ཞེས་ཕྱི་རོལ་ཚེར་མ་འདོན་པའི་ཚུལ་གྱིས་སྤོང་མི་ནུས་པས་སྡུག་བསྔལ་གྱི་རྩ་བ…
GTD002
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
བདེན་བཞིའི་རྣམ་གཞག་ཐར་འདོད་མཁས་པའི་དགའ་སྟོན།
པ་མཐའ་དག་གདུལ་བྱ་རྣམས་ཀྱི་སྡུག་བསྔལ་རྒྱུ་བཅས་སྤོང་བ་དང༌། མྱང་འདས་ཐོབ་བྱེད་ལམ་དང་བཅས་ཏེ་འདོམས་པ་འབའ་ཞིག་ལས་མ་འདས་པས་བདེན་བཞིའི་བླང་དོར་གྱི་ཚུལ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་གཅེས་མཛོད་གཅིག་པུ་ཡིན་པར་ཤེས་དགོས་ཏེ། རྗེ་བདག་ཉིད་ཆེན་པོའི་ལམ་རིམ་ཆེ་ཆུང་གཉིས་ཀ་ལས། བདེན་པ་བཞི་ནི་ཐེག་པ་ཆེ་ཆུང་ཀུན་ཏ…
GTD002
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
བདེན་བཞིའི་རྣམ་གཞག་ཐར་འདོད་མཁས་པའི་དགའ་སྟོན།
སོགས་སོ། །དེ་རྣམས་སྟོན་པར་བྱེད་པ་ནི། བདག་མེད་ལ་སོགས་སྟོན་པའོ། །ཞེས་བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་སྟོན་པའི་རྟགས་ཀྱིས་ཐེག་པ་ཆེན་པོ་སངས་རྒྱས་བསྟན་པ་སྐྱོན་མེད་ཡིན་པར་བསྒྲུབ་སྟེ། དེའི་ཕྱིར་རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་ཚུལ་འདི་ལ་རིང་དུ་འདྲིས་པར་བྱའོ། །༈ དེ་ལ་ཡང་ཁྱད་གཞི་བདེན་པ་བཞིའི་རྣམ་གཞག །ཁྱད་ཆོས་མི་རྟ…
GTD002
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
བདེན་བཞིའི་རྣམ་གཞག་ཐར་འདོད་མཁས་པའི་དགའ་སྟོན།
ཕྱིར། ཉན་ས་ལས། དེ་ལ་དཀར་པོའི་ཕྱོགས་དང་ནག་པོའི་ཕྱོགས་ལ་བརྟེན་པ་རྣམ་པ་གཉིས་སུ་ངེས་པའི་ཕྱིར། བདེན་པ་བཞི་རྣམ་པར་བཞག་གོ་ཞེས་གསུངས་པ་ཡང༌། འདི་དང་དགོངས་པ་གཅིག་པས་ཀུན་བྱང་གི་ཕྱོགས་གཉིས་ལ་བྱ་ཡི། དཀར་ནག་གི་ཕྱོགས་སྤྱི་ཙམ་ལ་མི་རུང་སྟེ། རིགས་རྒྱན་ལས། སྤྱད་པ་ལས་བདེ་བ་འབྱུང་བ་དཀར་ཆོས་ཀྱི་མཚན་ཉིད་ཅེས་གསུངས་ཤིང༌། འག…
GTD002
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
བདེན་བཞིའི་རྣམ་གཞག་ཐར་འདོད་མཁས་པའི་དགའ་སྟོན།
སོགས་ལྡོག་བྱར་བསྟན་པ་མ་ཡིན་ནོ་སྙམ་ན་ཆེས་མི་རིགས་ཏེ། འདིར་བཤད་པའི་གཙོ་བོ་ནི་ལས་དེ་དག་གིས་དེ་ལྟ་བུའི་ཕན་པ་ཉི་ཚེ་བསྒྲུབ་ནུས་ཀྱང་ཕུགས་འཁོར་བར་འཆིང་བྱེད་ཡིན་པས། དཔེར་ན། དུག་ཅན་གྱི་ཟས་དེས་གནས་སྐབས་ལྟོ་འགྲང་བ་ཙམ་ཡོད་ཀྱང༌། ཕུགས་སྲོག་ལ་རྒོལ་བས་འདོར་དགོས་པ་ལྟར་འདི་ཡང་འདོར་བྱར་བསྟན་པ་ཡིན་པའི་ཕྱིར་ཏེ། དེ་ཉིད་ལས…
GTD002
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
བདེན་བཞིའི་རྣམ་གཞག་ཐར་འདོད་མཁས་པའི་དགའ་སྟོན།
ལ་བརྟེན་ནས་ཀུན་འབྱུང་བ་དང་ལམ་གྱི་བདེན་པ་དག་ནི་རྒྱུ་ཡིན་ལ། སྡུག་བསྔལ་དང་འགོག་པའི་བདེན་པ་དག་ནི་འབྲས་བུ་ཡིན་པར་དོན་གྱིས་བསྟན་པའི་ཕྱིར། ཞེས་པ་ལྟ་བུའི་སྐབས་ཁ་ཅིག་ཡོད་ཀྱང༌། གཙོ་བོ་ནི་དགེ་སློང་དག འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། །ཞེས་སོགས་མདོ་དང་ཀུན་བཏུས་གཉིས་པ་བདེན་…
GTD002
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
བདེན་བཞིའི་རྣམ་གཞག་ཐར་འདོད་མཁས་པའི་དགའ་སྟོན།
ཡིན་པས་ལམ་བདེན་བཞི་པར་བསྟན་ཏོ། །དེ་ལྟར་ན་སྡུག་བདེན་དང་པོར་བསྟན་པ་འདི་ནི་གསར་རྟོགས་ཀྱི་སྐབས་སུ་མ་ཟད། ལས་དང་པོ་བས་ཐོག་མར་བློ་སྦྱོང་བའི་སྐབས་སུ་ཡང་ཉམས་ལེན་གྱི་གནད་ཁྱད་པར་ཅན་ཡོད་པས་མན་ངག་བླ་ན་མེད་པ་ཡིན་ཏེ། ལམ་རིམ་ལས། སྟོན་པས་རྒྱུ་འབྲས་ཀྱི་རིམ་པ་ལས་བཟློག་སྟེ་གསུངས་པ་ལ་ནི་ཉམས་ལེན་གྱི་གནད་ཆེན་པོ་ཡོད་པས། ཞེ…
GTD002
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
བདེན་བཞིའི་རྣམ་གཞག་ཐར་འདོད་མཁས་པའི་དགའ་སྟོན།
ནས་ཐར་པ་དོན་དུ་གཉེར་ཁུལ་བྱས་ཀྱང་འོག་གི་ཟག་བཅས་ཀྱི་ཁྱད་པར་འགའ་ཞིག་ཐར་པར་འཛིན་པ་སོགས་ལོག་པ་འབའ་ཞིག་ཏུ་འགྲོ་བས་ཐར་འདོད་རྣལ་མ་སྐྱེ་བ་གཏན་མི་སྲིད་དེ། བཞི་བརྒྱ་པ་ལས། གང་ལ་འདིར་སྐྱོ་ཡོད་མིན་པ། །དེ་ལ་ཞི་གུས་ག་ལ་ཡོད། །ཞེས་དང༌། རྒྱུད་བླ་མ་ལས། སྡུག་བསྔལ་ཡིད་འབྱུང་ཞི་ཐོབ་པར། །འདུན་དང༌། ཞེས་གསུངས་པའི་ཕྱིར། དེ་ཡང…
GTD002
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
བདེན་བཞིའི་རྣམ་གཞག་ཐར་འདོད་མཁས་པའི་དགའ་སྟོན།
སྡུག་བསྔལ་ལོ། །ཞེས་དང༌། གང་མི་རྟག་པ་དེ་སྡུག་བསྔལ་ལོ། །ཞེས་སོགས་ཀྱང་འདི་དང་གནད་གཅིག་གོ །འདི་ལ་ཐལ་འགྱུར་བའི་ལུགས་ཀྱི་གནད་ཕྲ་མོ་ཞིག་ཀྱང་ཡོད་ལ། གཞན་གྱིས་རྩོད་ཚུལ་སོགས་ནི་མཛོད་འགྲེལ་དང༌། རྒྱལ་སྲས་མར་གསལ་བས། ཞིབ་ཏུ་ཤེས་པར་འདོད་ན་དེར་བལྟའོ། །འོན་ཀྱང་འདི་ཙམ་ལ་ཡིད་འབྱུང་བའི་ཕྱི་རོལ་པ་ཡང་ཡོད་ཅིང༌། དེར་ཐར་པ་དོ…
GTD002
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
བདེན་བཞིའི་རྣམ་གཞག་ཐར་འདོད་མཁས་པའི་དགའ་སྟོན།
ཏུ་ལྟ་བ་གོམས་པའི་རིགས་ཅན་ཁོ་ན་རྗེས་སུ་འཛིན་ཆེད་དུ་གསུངས་པའི་ཆོས་སོ་སྙམ་དུ་གཟུང་བར་མི་བྱའོ། །ཚུལ་དེ་དག་ལ་ལེགས་པར་འདྲིས་པར་བྱས་པ་ན། སྲིད་པའི་དངོས་པོ་མཐའ་དག་ལ་མི་མཐུན་པ་རལ་གྲི་གདེངས་པའི་གཤེད་མ་ལྟ་བུའི་འདུ་ཤེས་འབྱུང་སྟེ། དེ་ནས་རང་ཉིད་དེ་ལས་ཐར་པར་འདོད་པའི་ངེས་འབྱུང་དང༌། རང་ཉམས་ལ་དཔགས་ཏེ་གཞན་དེ་ལས་སྐྱོབ་འ…
GTD002
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
བདེན་བཞིའི་རྣམ་གཞག་ཐར་འདོད་མཁས་པའི་དགའ་སྟོན།
དག་སྒྲུབ་པའི་དོན་ཏོ། །ཞེས་གསུངས་པའི་ཕྱིར། གྲ་ཆུང་བ་སོགས་མཁས་པ་ཁ་ཅིག །ཀུན་ལས་བཏུས་སུ། སྡུག་བསྔལ་སྤྱིའི་མཚན་ཉིད་གང་ཞེ་ན། མི་རྟག་པ་ཉིད་ཀྱི་མཚན་ཉིད་དང༌། ཞེས་སོགས་ཀྱི་དོན་དུ་བསམས་ཏེ། མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞིའི་ཚོགས་དོན་སྡུག་བསྔལ་བདེན་པའི་མཚན་ཉིད། ཞེས་སོགས་སུ་སྨྲ་བ་ཡང་འཐད་པར་མ་མཐོང་སྟེ། གཞི་གཅིག་…
GTD002
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
བདེན་བཞིའི་རྣམ་གཞག་ཐར་འདོད་མཁས་པའི་དགའ་སྟོན།
བཞག་པ་གང་ཞིག །དེ་གཉིས་རྟོགས་རིམ་དེ་ལྟ་མིན་ན་བློ་ལ་ཉེ་རིང་གི་ཁྱད་པར་མི་རུང་ཞིང༌། དེ་མེད་ན་རྫས་བཏགས་ཀྱང་མི་འགྲུབ་ལ། དེའི་དོན་དང་ཐ་སྙད་ཀྱི་ཁྱད་པར་ཀྱང་ཉམས་པར་འགྱུར་བའི་ཕྱིར། ཐར་ལམ་གསལ་བྱེད་ལས། མཚན་ཉིད་ཀྱིས་མཚོན་བྱ་མཚོན་པའི་ཚེ། མཚོན་བྱ་ལས་སུ་བྱ་བ་གཟུང་བྱའི་ཕྱོགས་སུ་ཆད་པ་དང༌། མཚན་ཉིད་ལས་སུ་བྱ་བ་དེ་འཇོག་པར…
GTD002
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
བདེན་བཞིའི་རྣམ་གཞག་ཐར་འདོད་མཁས་པའི་དགའ་སྟོན།
ཐོག་མཐའ་དབུས་མེད་པ། །ཞེས་གསུངས་པ་ལྟར། སྐྱེ་བའི་ཀུན་ཉོན་ལ་བརྟེན་ནས་ཉོན་མོངས་དང་ལས་གསོག་ཅིང༌། དེས་ཡང་སྐྱེ་བ་གཞན་འགྲུབ་པས། ཟོ་ཆུན་གྱི་འཁྱུད་མོ་བཞིན་དུ་འཁོར་ཏེ་རྒྱས་པར་ཕྱེ་ན། མཛོད་ལས། ཉོན་མོངས་གསུམ་མོ་ལས་གཉིས་སོ། །གཞི་བདུན། ཞེས་གསུངས་པ་ལྟར་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་ཚུལ་ཞར་ལ་བསྟན་པས་ཡིད་འ…
GTD002
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
བདེན་བཞིའི་རྣམ་གཞག་ཐར་འདོད་མཁས་པའི་དགའ་སྟོན།
མི་འདོད། གྲུབ་མཐའ་གོང་མས་སྡུག་ཀུན་ཕྲ་རགས་འདོད་ཀྱང་འཇོག་ཚུལ་མི་འདྲ་བ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། མཛོད་ལས། སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང༌། །ལྟ་གནས་སྲིད་པའང་དེ་དག་ཡིན། །ཞེས་གསུངས་པའི་ཕྱིར། འདི་སྒྲས་བརྗོད་ཙམ་གྱིས་རྣམ་གྲངས་སུ་འདོད་པའང་རིགས་པ་མ་ཡིན་ཏེ། མཛོད་འགྲེལ་གནས་དྲུག་པར། འདི་གཉིས་ནི་རྒྱུ་དང་འབྲས…
GTD002
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
བདེན་བཞིའི་རྣམ་གཞག་ཐར་འདོད་མཁས་པའི་དགའ་སྟོན།
དང༌། ཀུན་བཏུས་ལས། གཙོ་བོའི་དོན་གང་ཞེ་ན། གང་ཐམས་ཅད་དུ་འགྲོ་བའི་དོན་ཏོ། །ཞེས་སོགས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། ཆོས་མངོན་པའི་མདོ་ལས་གསུངས་པའི་བདེན་བཞི་ཁྱད་ཆོས་བཅུ་དྲུག་དང་བཅས་པ་དེ་ལས་གཞན་དུ་བདེན་པའི་རྣམ་པ་མི་སྲིད་ལ། གལ་ཏེ་བཤད་ནའང་གསེར་གྱི་སྣོད་དུ་གསེར་ཁབ་ཀྱིས་གྲོག་མ་བསད་པས་ཐར་བར་བཤད་པ་བཞིན་དུ་ཡིད་ར…
GTD002
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
བདེན་བཞིའི་རྣམ་གཞག་ཐར་འདོད་མཁས་པའི་དགའ་སྟོན།
གིས་སྡུག་ཀུན་ཕྲ་མོ་གཉིས་སྡུག་བདེན་དང་ཀུན་འབྱུང་དངོས་སུ་མི་འདོད་ལ། ཐལ་འགྱུར་བས་ནི་དངོས་ཡིན་པར་མ་ཟད་གཙོ་བོར་འདོད་དེ། སྟོང་ཉིད་བདུན་ཅུ་པ་ལས། རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས། །ཡང་དག་པར་ནི་རྟོག་པ་གང༌། །དེ་ནི་སྟོན་པས་མ་རིག་གསུངས། །དེ་ལས་ཡན་ལག་བཅུ་གཉིས་འབྱུང༌། །ཞེས་སོགས་ཀྱི་སྒོ་ནས་ཐོག་མའི་མ་རིག་པ་གཙོ་བོར་…
GTD002
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
བདེན་བཞིའི་རྣམ་གཞག་ཐར་འདོད་མཁས་པའི་དགའ་སྟོན།
ལ་དེ་བཞིན་ཉིད་འདོད་ཚུལ་ནི། གསེར་འཕྲེང་ལས། སེམས་ཀྱི་རང་བཞིན་དྲི་བྲལ་དུ་གནས་གྱུར་པའང་འགོག་བདེན་དུ་འདོད་དགོས་སོ། །ཞེས་གསུངས་པ་ལྟར་སེམས་ཀྱི་རང་བཞིན་འོད་གསལ་བ་ནམ་མཁའ་ལྟ་བུ་དེ་ཉིད་སོ་སྐྱེ་ལ་ཡོད་ཀྱང༌། དྲི་མའི་སྤྲིན་གྱིས་བསྒྲིབས་པས་འགོག་བདེན་དུ་མི་འཇོག་ལ། ནམ་ཞིག་ན་སྤྲིན་ནམ་མཁའི་དབྱིངས་སུ་ཟད་པ་ལྟར། དྲི་མ་གློ…
GTD002
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
བདེན་བཞིའི་རྣམ་གཞག་ཐར་འདོད་མཁས་པའི་དགའ་སྟོན།
ལྡན་ལས་ཀྱང༌། ངེས་པར་ལེགས་པའི་རང་བཞིན་དུ་གྱུར་པའི་སེམས་ནི་འགོག་པའོ། །ཞེས་འབྱུང་སྟེ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཀྱང་དེ་ལྟ་བུ་ཞིག་ལ་བརྟེན་ནམ་སྙམ་མོ། །འོན་ཀྱང་ལུང་དེའི་དོན་ནི། རྣམ་ངེས་དར་ཊཱིཀ་ལས། སེམས་རྒྱུད་ཀྱི་སྟེང་ན་ཡོད་པའི་ངེས་ལེགས་ཀྱི་རང་བཞིན་གློ་བུར་དྲི་བྲལ་དེ་ཉིད་འགོག་བདེན་དུ་འདོད་པས། གློ་བུར་དྲ…
GTD002
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
བདེན་བཞིའི་རྣམ་གཞག་ཐར་འདོད་མཁས་པའི་དགའ་སྟོན།
ཀྱང་འོག་མ་དང་སྒོ་བསྟུན་པར་མི་མཛད་པས། དེ་ལས་གཞན་དུ་འཆད་དེ། རིགས་པ་དྲུག་ཅུ་བའི་འགྲེལ་པ་ལས། དེ་ནི་འཕགས་པ་རྣམས་ཁོ་ནས་ནི་མ་ཡིན་ཏེ། ཞེས་སོགས་ཀྱིས་འཕགས་པ་ཞེས་པ་གང་ཟག་ལ་མ་སྦྱར་བར་རང་ཉིད་དོན་དང་མཐུན་པར་གནས་པ་ཞེས་བཤད་ཚུལ་གཅིག་དང༌། གང་ལ་དམིགས་ནས་གོམས་པས་འཕགས་པར་བྱེད་པ་ཞེས་བཤད་ཚུལ་གཅིག་དང༌། གང་ཟག་ལ་སྦྱར་ཡང་འཕགས…