Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      456 results — page 2 of 23
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། མན་ངག་ཟླ་བ་རིན་ཆེན་ཞེས་བྱ་བ་བཞུགས་སོ།།
      DZS001 · རྫོགས་ཆེན་པདྨ་རིག་འཛིན།
      ན་མོ་གུ་རུ་ཡེ། གུས་པས་ཕྱག་འཚལ་བླ་མ་དམ་པ་རྗེ། །གདམས་པ་ཞིག་ངེས་པར་དགོས་གྱུར་ན། །མ་ཡེངས་བར་གསན་ཅིང་སེམས་གཏད་ནས། །འགྱུར་མེད་དུ་ཉམས་སུ་ལེན་པར་མཛོད། །འཁོར་འདས་ཀུན་དག་མཉམ་མ་ཤར་བར། །འཇིགས་རུང་ཀྱི་སྲིད་ལས་ཅི་ཐར་དང་། །རྒྱུ་འབྲས་ཀུན་སྐྱེ་མེད་མ་གྱུར་བར། །དགེ་སྡིག་ལ་བླང་དོར་ཚུལ་བཞིན་མཛོད། །བདེ་ཆེན་གྱི་དབྱིངས་སུ་…
      DZS001 · རྫོགས་ཆེན་པདྨ་རིག་འཛིན།
      ཁོ་ཡཱ། ལྟོས་དང་བྱ་བྲལ་རྣལ་འབྱོར་བདག །གསུམ་ལྡན་སྡོམ་ལ་ཞུགས་ནས་ཆོས་བཞིན་བགྱིད། །འཇིག་རྟེན་བྱ་བ་བཏང་ནས་དོན་ཆེན་སྒྲུབ། །ལྟ་བའི་གདེང་ལྡན་བློ་བདེའི་ངང་འབྱམས་ཡང་། །སྤྱོད་ཚུལ་མཐོང་ཞིང་ཐོས་པས་ཡིད་མུག་ལྡང་། །རང་ཉིད་ཉམས་ལེན་གང་ལའང་འཕེལ་མཆིས་ཀྱང་། །ལྟོས་བཅས་གྲོགས་དང་ཆོས་མཐུན་གྲོགས་པོར་བཅས། །བྱ་ཁྱུང་མཁའ་ལ་འཕུར་བ…
      DZS001 · རྫོགས་ཆེན་པདྨ་རིག་འཛིན།
      ལྟ་བ་ཡས་བབས་དངོས་འཛིན་འཁྲུལ་བ་སངས། སྤྱོད་པ་མས་འཛེགས་སོ་ཐར་ཚུལ་ཁྲིམས་སྲུང་། བྱང་སེམས་གཞི་བཟུང་སྟོང་ཉིད་སྙིང་རྗེ་འབྲེལ། ཐུབ་བསྟན་འཁྲུལ་མེད་ཁྱོད་ཀྱི་སྤྱོད་གྱུར་ཅིག །ལྟ་བས་སྤྱོད་པ་མི་བསླད་རྒྱུ་འབྲས་ཞིབ། སྤྱོད་པས་ལྟ་བ་མ་བཅིང་མཁའ་ལྟར་དག །འགྲོ་དོན་རང་དོན་མ་འདྲེས་བསྟན་འགྲོར་བསམ། འཆུག་མེད་ལམ་བཟང་བུ་ཁྱོད་འགྲི…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། དཔོན་ཆེན་རྣམ་རྒྱལ་ལ་གདམས་པ་བཞུགས་སོ།།
      DZS001 · རྫོགས་ཆེན་པདྨ་རིག་འཛིན།
      ན་མོ་གུ་རུ་ཡེ། གདོད་མའི་མགོན་པོ་ཀུན་ཏུ་བཟང་། །རིག་རྩལ་གྱི་སློབ་དཔོན་པདྨ་འབྱུང་། །མཚུངས་མེད་ཀྱི་དྲིན་ལྡན་བླ་མ་རྗེ། །གསོལ་བ་རང་འདེབས་སོ་བྱིན་གྱིས་རློབས། །སྔོན་བྱོན་གྱི་མདའ་བསྣུན་ཆེན་པོའི་བུ། །འདི་ལྟར་རྟོགས་ན་གླུ་ལེན་ཏེ། །མ་ཡིན་པ་གཞན་འགའ་མ་མཐོང་ངོ་། །ཡིན་བཞིན་ལ་ཡིན་པར་ཤེས་སོ་ཀྱེ། །ཁམས་གསུམ་གྱི་འཁོར་བའི…
      DZS001 · རྫོགས་ཆེན་པདྨ་རིག་འཛིན།
      ཨོཾ་སྭ་སྟི། དགེ་ལེགས་སུ་གྱུར་ཅིག དབང་བཅུའི་མངའ་བདག་ཐུབ་དབང་སྲས་བཅས་དང་། །དེས་གསུང་དམ་པའི་ཆོས་དང་འཕགས་པའི་ཚོགས། །སྐྱབས་གནས་རིན་ཆེན་རྣམས་ཀྱི་བཀྲ་ཤིས་རྣམས། །དེང་འདིར་བུ་མཆོག་ཁྱོད་ལ་འབྱུང་གྱུར་ཅིག །ཨ་ཏི་ཤ་དང་འབྲོམ་སྟོན་སྐུ་མཆེད་གསུམ། །དགྲ་བཅོམ་བརྒྱད་ཁྲིའི་བཀྲ་ཤིས་གང་ལགས་པས། །གངས་ཅན་རྒྱལ་བསྟན་ཡུན་རིང་གནས…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། རང་རྣམ་དྲིས་ལེན་དྲང་སྲོང་མ་བཞུགས་སོ།།
      DZS001 · རྫོགས་ཆེན་པདྨ་རིག་འཛིན།
      ན་མོ་གུ་རུ། རྗེ་བླ་མ་མཆོག་ལ་ཕྱག་འཚལ་ལོ། །བདག་མཆིས་ཀྱི་རྣལ་འབྱོར་འདུག་པ་འདི། །སྐྱེ་ས་དེ་རི་བོའི་ཕྱོགས་སུ་བྱས། །ཚར་ས་དེ་ཆབ་མདོའི་ཕྱོགས་སུ་བྱས། །ལོ་བཅུ་ངོ་ཙམ་ནས་ཡི་གེ་བསླབ། །ཆུང་ནས་རབ་བྱུང་ཆ་ལུགས་བྱས། །མཚན་ལྡན་བླ་མ་དམ་པ་བསྟེན། །བརྩེ་བའི་ཐུགས་ཀྱིས་བུ་བཞིན་སྐྱོང་། །དབང་ལུང་གདམས་པ་བཅས་པ་ཞུས། བདག་མི་ལུས་དོ…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། ཉམས་མགུར་དྲང་སྲོང་དྲི་མེད་ཅེས་བྱ་བ་བཞུགས་སོ།།
      DZS001 · རྫོགས་ཆེན་པདྨ་རིག་འཛིན།
      ན་མོ་གུ་རུ་པདྨ་ཀཱ་ར་ཡེ། ཆོས་ཉིད་ཀྱི་ངོ་བོ་མངོན་གྱུར་ཞིང་། །ཡེ་ཤེས་ཀྱི་རིག་པ་རང་རྩལ་རྫོགས། །ཀ་དག་ལ་འཕོ་འགྱུར་མི་མངའ་བའི། །འདྲེན་མཆོག་ནི་པདྨ་སམྦྷ་མཆོད། །དུས་མཐའི་རྣལ་འབྱོར་ཆོས་གཟུགས་ང་། །སྐྱེ་ས་དེ་མདོ་ཁམས་ཀྱི་ཕྱོགས་སུ་བྱས། །མདོ་ཁམས་ཀྱི་སྐྱེ་འགྲོ་གཞི་བརླིངས་ཡང་། །འགྱུར་མེད་ཀྱི་ཆོས་ཉིད་ས་ཟིན་པའི། །བདེ་ཆ…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། འཁོར་བའི་དོང་ནས་ཐར་བར་བྲོས་པའི་ལམ་གྱི་ཡི་གེ་བཞུགས་སོ།།
      DZS001 · རྫོགས་ཆེན་པདྨ་རིག་འཛིན།
      ན་མོ་གུ་རུ་པདྨ་སམྦྷ་ཡེ། དུས་གསུམ་རྒྱལ་བ་ཀུན་འདུས་འགྲོ་བའི་མགོན། །པདྨ་སམྦྷ་བརྒྱུད་ལྡན་བླ་མའི་ཚོགས། །སྐུ་དྲིན་འཁོར་མེད་དམ་པ་མཆོག་རྣམས་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །སྤྲང་པོ་བདག་འདྲའི་ཟིན་བྲིས་མི་འཐད་ཀྱང་། །ཉམས་དང་རྨི་ལམ་བྱུང་ཚུལ་ཡི་གེར་ཐོབ། །དྲིན་ཆེན་རཱ་ག་ཨ་སྱས་དེ་སྐད་གསུངས། །དེ་ཕྱིར་ཅུང་ཟད་བ…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། སྒྲུབ་པའི་དུས་ཀྱི་རྟགས་ཚད་ངེས་པའི་ཡི་གེ་དད་པའི་འཇུག་ངོགས་བཞུགས་སོ།།
      DZS001 · རྫོགས་ཆེན་པདྨ་རིག་འཛིན།
      གུ་རུ་པྲ་ཝ་ཀཱ་ར་ན་མོ་ཧོ། ཇི་ལྟ་ཇི་སྙེད་མཁྱེན་པའི་སངས་རྒྱས་ཉིད། །འགྲོ་མགོན་པད་མ་འབྱུང་གནས་བདག་ལ་དགོངས། །དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པ་ནི། །རྗེ་བཙུན་ཨུ་རྒྱན་ཆེན་པོ་ཁོ་ན་སྟེ། །བདག་གི་བླ་མ་རྗེ་དང་ཐ་མི་དད། །དེ་ཕྱིར་རྣམ་པ་ཀུན་ཏུ་བདག་གིས་ནི། །ཁྱེད་ཉིད་མ་གཏོགས་མགོན་གཞན་མ་མཆིས་པས། །སྙིང་ནས་རྩེ་གཅིག་གསོལ་བ་…
      DZS001 · རྫོགས་ཆེན་པདྨ་རིག་འཛིན།
      འདི་ཡི་མཚམས་སུ་མཚར་འདོད་ཙམ། །མུན་མཚམས་ཞིག་ལ་ཟླ་གཅིག་བསྡད། །དགེ་སྦྱོར་འཕེལ་བ་ཙམ་དུ་བྱུང་། །ལག་པ་བརྐྱང་བསྐུམ་མི་མཐོང་བའི། །མུན་པར་བལྟ་ལུགས་ཁྱད་པར་གྱིས། །ཉི་འོད་ཟླ་འོད་ཤར་བ་ལྟར། །ཁྱིམ་ནང་ས་ལེར་གསལ་ན་ཡང་། །དངོས་པོ་མཐོང་རྒྱུ་མེད་ཙམ་བྱུང་། །མུན་ཁྲིད་དོན་ལའང་བག་ཆགས་བཞག །རང་གི་སྒྲུབ་ཁང་ཕར་ཙམ་དེར། །སྣ་ལྔ་འཇའ…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། ལམ་གྱི་རྟགས་ཡིག་ཐོར་བུའི་སྐོར་བཞུགས་སོ།།
      DZS001 · རྫོགས་ཆེན་པདྨ་རིག་འཛིན།
      བདག་གི་ལམ་ཡིག་རྟགས་ཀྱི་རིམ་པ་ནི། །ཉེར་གསུམ་ལོ་ནས་རང་ལོ་ཉེར་དགུའི་བར། །འདག་སྦྱར་བྱས་ནས་རྩེ་གཅིག་སྒྲུབ་ལ་འབད། །དེ་ཚེ་ཉམས་རྨིས་རྟགས་ཀྱི་རིམ་པ་རྣམས། །ཅུང་ཟད་ཡོད་པ་འདི་མིན་གཞན་དུ་གསལ། །ཉེར་དགུ་ལོན་ནས་གཞན་དོན་བྱ་ཕྱིར་ལངས། །དེ་བར་སྒྲུབ་དང་མཆོད་པའི་གནས་སྐབས་འགར། །རྨིས་རྟགས་བྱུང་བ་བྲིས་ཞེས་གསུངས་པས་བྲིས། །གཏ…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། རྟོགས་འབུལ་ཕུལ་བའི་ཚིག་ཕྲེང་བཞུགས་སོ།།
      DZS001 · རྫོགས་ཆེན་པདྨ་རིག་འཛིན།
      ན་མོ་གུ་རུ་ས་མནྟ་བྷ་དྲ་ཡེ། བཀའ་དྲིན་མཚུངས་མེད་བླ་མར་ཕྱག་འཚལ་ལོ། །རིན་ཆེན་ཤེལ་ལས་གྲུབ་པའི་རྒྱལ་སྐུ་བཞིན། །རྒྱུ་ཡིས་རྣམ་དག་རྐྱེན་གྱིས་རབ་ཏུ་མཛེས། །ལྷ་མིའི་ངོ་མཚར་མཆོད་པའི་གནས་གྱུར་ལྟར། །གྲུབ་པའི་དབང་ཕྱུག་རིག་འཛིན་རྒྱ་མཚོ་རྒྱལ། །ཚད་མའི་བཤེས་གཉེན་ཁྱེད་ཀྱི་ཐུགས་རྗེ་ཡིས། །སྔོན་ཚེ་བདག་བློའི་མུན་པ་དབེན་མཛད་…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། རིག་འཛིན་ཆོས་ཀྱི་རྒྱ་མཚོས་གྲུབ་ཐོབ་པདྨ་རིག་འཛིན་ལ་ཕུལ་བའི་གསུང་ཤོག།
      DZS001 · རྫོགས་ཆེན་པདྨ་རིག་འཛིན།
      གཉིས་འཛིན་བྲལ་བ་གཉུག་མའི་ཡེ་ཤེས་ཆེ། །བདེ་སྟོང་རྣལ་རོལ་རིག་པའི་གར་མཁན་པ། །གཏད་འཛིན་མེད་པ་རྒྱ་གྲོལ་ཕྱམ་ཡངས་སུ། །བློ་འདས་རྣལ་འབྱོར་ཆེན་པོ་གང་དྲུང་དུ། །འགྱུར་མེད་རབ་བརྟན་རྡོ་རྗེའི་ཁང་བཟང་དུ། འཛིན་མེད་གནས་པའི་རྣལ་འབྱོར་གང་ཁྱོད་ཀྱིས། །གསུང་ཤོག་སྐྱེས་ཀྱི་མཚོན་བྱེད་བཟང་པོ་དང་། །བཀའ་མཆིད་རྡོ་རྗེའི་གསུང་འཕྲིན…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། ཀོང་པོ་རྒོད་ཚང་སྤྲུལ་སྐུ་ལ་ཕུལ་བའི་ཞུ་ཡིག།
      DZS001 · རྫོགས་ཆེན་པདྨ་རིག་འཛིན།
      ན་མོ་གུ་རུ་ས་མནྟ་བྷ་དྲ་ཡེ། གདོད་མའི་ཀུན་བཟང་ཆོས་དབྱིངས་རྣམ་དག་ལས། །རང་བྱུང་ཡེ་ཤེས་པད་འབྱུང་ནམ་མཁའི་ནོར། །ཐུགས་རྗེའི་འོད་སྟོང་འགྲོ་བའི་དཔལ་ཤར་བ། །དཔལ་ལྡན་བླ་མ་བསྟན་འགྲོའི་མུན་སེལ་མཆོད། །རབ་ཏུ་གསོལ་བ་བླ་མ་དམ་པ་རྗེ། །ཁྱེད་སྔོན་མ་མཇལ་དྲིན་ལྡན་མ་གྱུར་ཡང་། །དད་ཅིང་དྭངས་བའི་དབང་གིས་བླ་མ་མཆོག །ད་ལྟ་མོས་ཉེའི…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། རྒོད་ཚང་སྤྲུལ་སྐུ་ནས་གྲུབ་ཐོབ་པདྨ་རིག་འཛིན་ལ་ཕུལ་བའི་ཡིག་ལན།།
      DZS001 · རྫོགས་ཆེན་པདྨ་རིག་འཛིན།
      གྲངས་མེད་བསྐལ་བའི་གོང་རོལ་ནས། ཚོགས་གཉིས་ཀྱི་བྲེ་ཁ་ལེགས་ཁེངས་ཤིང་། །ཐོས་བསམ་དང་སྒོམ་སྒྲུབ་མཐའ་དག་ལ། དབང་འབྱོར་གྱི་འབྲས་བུས་ཕྱུག་པ་ཁྱེད། །ཟབ་རྒྱས་ཀྱི་བཀའ་མཆིད་ཡི་གེའི་ཕྲེང་། །སྨིན་འབྱོར་གྱི་འགག་དོན་ལྟར་གསལ་པའི། །བདག་ཆུང་ནས་སྐྱེ་བའི་མིང་གིས་བསླུས། །དགོན་ཆུང་གི་ལྟོ་ཚོལ་ངང་ལ་ཟད། སློབ་གཉེར་སྒོམ་སྒྲུབ་མ་བྱ…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ རིགས་དྲུག་གནས་འདྲེན་བསྡུས་པ་བཞུགས་སོ༔
      DZS001 · རྫོགས་ཆེན་པདྨ་རིག་འཛིན།
      ༄༅། །ཨོཾ་བཛྲ་ས་ཏྭ་ཧཱུྃ། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར། ཨོཾ་བཛྲ་ས་ཏྭ་ཧཱུྃ། བདག་ཉིད་རྡོ་རྗེ་སེམས་དཔར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཚེ་འདས་ཀྱི་རྣམ་པར་ཤེས་པ་རིགས་དྲུག་གང་ན་གནས་པ་དེ་ལ་…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། གསུར་མཆོད་འདོད་ཡོན་ཀུན་ཁྱབ་བཞུགས་སོ།།
      DZS001 · རྫོགས་ཆེན་པདྨ་རིག་འཛིན།
      ཨོཾ་ཨཿཧཱུྃ། འདོད་ཡོན་སྣ་ཚོགས་ལྡན་པ་ཡི། །གསུར་མཆོད་བདུད་རྩིའི་རང་བཞིན་འདི། །ཟག་མེད་རྒྱ་མཚོ་ཇི་བཞིན་དུ། །བསྔོས་པའི་བྱིན་རླབས་སྤྲིན་ཕུང་ལྟར། །མགྲོན་རྣམས་ཀུན་གྱི་ཐོབ་གྱུར་ཅིག །ཕྱི་ནང་གསང་བའི་དཀོན་མཆོག་གསུམ། །གསུར་མཆོད་དམ་པ་འདི་བཞེས་ལ། །ཚོགས་རྫོགས་སྒྲིབ་པ་བྱང་བར་མཛོད། །རྩ་གསུམ་རིག་འཛིན་ལྷ་ཚོགས་རྣམས། །གསུ…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། གྲུབ་ཐོབ་པདྨ་རིག་འཛིན་གྱིས་མཛད་པའི་གཏོར་བསྔོས་བསྡུས་པ་བཞུགས་སོ།།
      DZS001 · རྫོགས་ཆེན་པདྨ་རིག་འཛིན།
      ཐུན་མཚམས་སུ་གཏོར་མ་བསྔོ་བ་ནི། བྷནྡྷ་སོགས་ཀྱི་སྣོད་ནང་དུ་གཏོར་ཟན་མར་ཐུད་ཤ་ཆང་སོགས་གང་འཛོམ་བཤམས་ཤིང་བཏུང་བའི་རིགས་རྣམས་བྲན་ཏེ། རྃ་ཡྃ་ཁྃ། སྟོང་བའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང་། །དུམ་ཅིག་ཐོད་སྣོད་ཡངས་ཤིང་རྒྱལ་ཆེ་བ། །དམ་རྫས་བདུད་རྩི་ལྔ་དང་ཤ་སྣ་ལྔ། །ཞི་ཞིང་ཁོལ་བའི་དམ་རྫས་བདུད་རྩི་ལ། །ཡེ་ཤེས་བདུད་རྩི་སྤྱན…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། གླིང་གེ་སར་རྒྱལ་པོའི་རྟོགས་བརྗོད་སྟག་གཟིག་ཕབ་པའི་ནོར་འགྱེད་བཏང་བའི་སྐོར་བཞུགས་སོ།།
      DZS001 · རྫོགས་ཆེན་པདྨ་རིག་འཛིན།
      ཨོཾ་སྭ་སྟི། འཛམ་གླིང་ཕན་བདེ་བསྒྲུབ་པའི་རོལ་མོ་བརྡུང་། །ཡེ་ཤེས་ནོར་བུ་དཔལ་འབར་ཟེར་ཕྲེང་གིས། །ནག་ཕྱོགས་བདུད་དགྲ་འདུལ་ལ་མཐུ་བོ་ཆེ། །སྐྱེས་མཆོག་སེང་ཆེན་རྒྱལ་པོས་ཤིས་པ་སྩོལ། །ཅེས་གླིང་རྗེ་མི་ཡི་ཉི་མ་འཛམ་གླིང་གེ་སར་རྒྱལ་པོ་དེས་མི་ནུབ་སྟག་གཟིག་ཡུལ་གྱི་ནོར་གཡང་དངོས་གྲུབ་རྣམས་གནང་དུ་བླངས་ནས། ཕྱོགས་བཞིའི་རྒྱལ…
      DZS002 · རྫོགས་ཆེན་སྐུ་རབས་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན།
      གྲུབ་པའི་དབང་ཕྱུག་རྫོགས་ཆེན་པ་པདྨ་རིན་འཛིན་ནི། དུས་རབས་བཅུ་གཅིག་པའི་ནང་སྔ་འགྱུར་རྙིང་མའི་ཟབ་ཆོས་རྫོགས་པ་ཆེན་པོའི་ཆོས་མིང་གང་ཟག་ལ་ཐོག་པའི་འཚབ་བྱེད་སྐྱེས་ཆེན་ཡོངས་གྲགས་ཤིག་སྟེ། རྗེ་འདི་ཉིད་ཀྱི་སྐུ་ཚེ་གང་བོར་བྱ་གཏང་སྦས་པའི་རྣལ་འབྱོར་བའི་ཚུལ་གྱིས་འོད་གསལ་རྫོགས་པ་ཆེན་པོའི་ཉམས་བཞེས་ལ་གནད་དུ་སྣུན་པས་རིག་པ་…