Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      456 results — page 23 of 23
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། ཀླུ་རྒྱལ་ནཱ་ག་རཀྴའི་བསྐང་བསྡུས་ཀླུ་གདོན་འཇོམས་པའི་དཔའ་བོ་བཞུགས་སོ། །
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ཕེཾ། ཀླུ་སྲིན་ཁྲོས་པ་མི་བཟད་འཇིགས་པའི་སྐུ། །བཅོམ་ལྡན་འཇམ་དཔལ་ནཱ་ག་རཀྴ་ལ། །སྤྱི་དང་ཁྱད་པར་མཆོད་པའི་རྫས་རྣམས་ཀྱིས། །ཐུགས་དམ་བསྐང་ལ་ཀླུ་ནད་འཇོམས་པར་མཛོད། །རྫོགས་སྤྲུལ་ལྔ་པས་སྤེལ་བ་དགེ།
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ཧྲཱིཿ དབང་མཛད་ཛམ་དམར་འཁོར་བཅས་ལ། །དགྱེས་པའི་མཆོད་པ་འདི་ཕུལ་བས། །ཐུགས་དམ་བསྐང་ཞིང་ཉམས་ཆགས་བཤགས། །འབྲུ་ནོར་ལོངས་སྤྱོད་དངོས་གྲུབ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། གནས་བདག་ནོར་བུ་གཡུལ་རྒྱལ་བསྐང་བསྡུས་ནོར་བུའི་ཕྲེང་བ་བཞུགས་སོ། །
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ཧཱུྃ། གནས་བདག་ཆེན་པོ་ཟོ་དོར་ཡོངས་ཀྱི་གཙོ། །ལྷ་ཀླུ་གཉན་བཅས་འཁོར་ཚོགས་བསམ་མི་ཁྱབ། །ནམ་མཁའི་ཁམས་ཀུན་མཆོད་སྤྲིན་རྒྱ་མཚོ་ཡིས། །ཐུགས་དམ་གཉན་སྐོང་རྣལ་འབྱོར་བསམ་དོན་འགྲུབ། །རྫོགས་སྤྲུལ་ལྔ་པས་སོ། །
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ཧཱུྃ། གནས་བདག་ནོར་བུ་གཡུལ་རྒྱལ་ནི། །ཡུམ་དང་བློན་པོ་དམག་དཔུང་བཅས། །བཟའ་བཏུང་མཆོད་པ་འདི་བཞེས་ལ། །ཡིད་ལ་ཅི་འདོད་ལྷུན་འགྲུབ་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། གཏེར་སྲུང་དགེ་བསྙེན་སྙོན་ཁའི་བསྐང་བསྡུས་མེ་ལྕེའི་ཕྲེང་བ་བཞུགས།
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ཧཱུྃ། ཁམས་གསུམ་སྐྱེ་འགྲོ་ཡོངས་ཀྱི་སྲོག་གི་བདག །དགེ་བསྙེན་སྙོན་ཁ་འཁོར་དང་བཅས་པ་ཀུན། །རང་རང་མཐུན་པའི་དམ་རྫས་འདི་བཞེས་ལ། །ཐུགས་དམ་སྐོང་ལ་རྐྱེན་ངན་བར་ཆད་སོལ། །རྫོགས་སྤྲུལ་ལྔ་པས་སོ། །
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། དྲེགས་པའི་སྡེ་དཔོན་སུམ་ཅུའི་བསྐང་བསྡུས་ཕྲིན་ལས་ལྷུན་གྲུབ་བཞུགས།
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ཧཱུྃ། དཔལ་ཆེན་བཀའ་སྡོད་སྡེ་དཔོན་སུམ་ཅུའི་ཚོགས། །རང་རང་གཡོག་འཁོར་ལྷ་སྲིན་དྲེགས་པའི་སྡེ། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། ལས་གཤིན་བསྐང་བསྡུས་ཕྲིན་ལས་མྱུར་མགྱོགས་བཞུགས་སོ། །
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ཨེེཿ འཇམ་དཔལ་བཀའ་སྡོད་ལས་ཀྱི་གཤིན་རྗེའི་གཤེད། །གཏུམ་མོ་དུག་ཧྲུལ་ལས་བྱེད་ཕོ་ཉའི་ཚོགས། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །ཐུགས་དམ་བསྐང་ལ་མི་མཐུན་ཀུན་སོལ་ཅིག །རྫོགས་སྤྲུལ་ལྔ་པས་སོ།།
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། ཀླུ་མོའི་སྐོང་བསྡུས་ནོར་བུའི་གཏེར་མཛོད་བཞུགས་སོ། །
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ཕེཾ། ཀླུ་རྒྱལ་དུང་སྐྱོང་སྲས་མོ་གཟི་འབར་མ། །ནོར་འཛིན་བདག་པོ་ཀླུ་བྲན་ཚོགས་བཅས་ལ། །དཀར་གསུམ་མངར་གསུམ་ལ་སོགས་མཐུན་རྫས་ཀྱིས། །ཐུགས་དམ་སྐོང་ལ་ཕྱྭ་གཡང་དངོས་གྲུབ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། རྨ་རྒྱལ་བསྐང་བསྡུས་ཡིད་བཞིན་འདོད་འཇོའི་བང་མཛོད་ཞེས་བྱ་བ་བཞུགས་སོ། །
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ཧྲཱིཿ ལྷ་ཡི་སྲས་པོ་རྨ་རྒྱལ་སྤོམ་ར་ནི། །རྨ་འཁོར་འབུམ་དང་བཅས་པ་གཤེགས་ནས་ཀྱང་། །བསམ་མི་ཁྱབ་པའི་མཆོད་སྤྲིན་རྒྱ་མཚོ་འདི། །ཕུལ་བས་རྨ་གཡང་འདོད་དགུའི་དངོས་གྲུབ་སྩོལ། །ཞེས་རྫོགས་སྤྲུལ་ལྔ་པས་སོ། །སརྦ་མངྒ་ལཾ། །
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ཧྲཱིཿ རྨ་རྒྱལ་སྤོམ་ར་ལྷ་ཡི་སྲས། །རྨ་འཁོར་འབུམ་དང་བཅས་པ་རྣམས། །འཁོར་བཅས་མཆོད་པ་འདི་བཞེས་ལ། །རྨ་གཡང་དངོས་གྲུབ་སྩལ་དུ་གསོལ། །རྫོགས་སྤྲུལ་ལྔ་པས་སོ། །
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། རྨ་ཡུལ་སྟོད་ཀྱི་ཡུལ་སྐྱོང་དུག་གི་མཐོན་པོའི་གསོལ་ཀ་ཕྲིན་ལས་ཀུན་འགྲུབ་ཞེས་བྱ་བ་བཞུགས་སོ།།
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ཧཱུྃ། རང་བཞིན་རྣམ་དག་དབྱིངས་ལས་མ་གཡོས་ཀྱང་། རང་རྩལ་མ་འགག་ཤར་བའི་ལྷ་གཅིག་པུའུ། །རང་མདུན་འཇའ་ཟེར་འཁྲིགས་པའི་ཀློང་ཡངས་དབུས། །རང་བཞིན་ཆུ་ཟླའི་གར་བཞིན་ཡོངས་ཤར་བ། །རྒྱལ་བའི་དབང་པོ་པདྨ་སམྦྷ་ཝའི། །རྒྱལ་བསྟན་སྲུང་མར་ཞལ་བཞེས་ཐ་ཚིག་ཅན། །རྒྱལ་ཀུན་ཟབ་གཏེར་སྐྱོང་བའི་མཐུ་ཆེན་པོ། །རྒྱལ་བའི་བཀའ་སྡོད་ཡུལ་སྐྱོང་ཚུལ་འཛ…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། མཐོན་པོའི་བསྐང་བསྡུས་འདོད་འཇོའི་བུམ་བཟང་བཞུགས།
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ཀྱེ་པདྨའི་ཞལ་མཐོང་ཐ་ཚིག་ལ། །གནས་པའི་དགེ་བསྙེན་དྲག་པོ་རྩལ། །འཁོར་བཅས་མ་ལུས་ཐུགས་དམ་བསྐང་། །བསམ་པའི་དོན་ཀུན་འགྲུབ་པར་མཛོད། ། རྫོགས་སྤྲུལ་ལྔ་པས་སོ། །
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། ལྷ་སྨན་བསྐང་བསྡུས་རིན་ཆེན་མྱུ་གུ་བཞུགས་སོ། །
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ཧཱུྃ། ཡེ་ཤེས་ཁྱེའུ་ཆུང་སྨན་སྲུང་ལྷ་སྨན་ཚོགས། །ཕྱེ་མར་འོ་སྐོལ་མདའ་དར་སྨན་ཕུད་སོགས། །སྤྱན་གཟིགས་དཀོར་ཆ་མཐུན་རྫས་སྣ་ཚོགས་ཀྱི། །ཐུགས་དམ་བསྐང་ལ་རྣོ་མཐོང་དངོས་གྲུབ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། ཉི་གྲགས་སྨན་བླའི་གཏེར་སྲུང་ཁོལ་པོ་ཁའི་བསྐང་བསྡུས་བཞུགས་སོ། །
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ཧཱུྃ། གསང་བདག་བཀའ་ཉན་གཏེར་སྲུང་ཁོལ་པོ་ཁ། །དགྱེས་སྡེ་ཡུམ་སྲས་བཀའ་འཁོར་མང་པོ་བཅས། །ཉེར་སྤྱོད་རྣམ་ལྔ་གཟུགས་སྒྲ་དྲི་རོ་རེག །སྨན་གཏོར་རཀྟ་མཐུན་པའི་དམ་རྫས་ཀྱིས། །ཐུགས་དམ་བསྐང་ལ་བསམ་དོན་མྱུར་འགྲུབ་མཛོད། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པས་སོ། །
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། སྨན་སྲུང་རྡོ་རྗེ་བདུད་འདུལ་བསྐང་བསྡུས་ནི།
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ཧཱུྃ། རྒྱལ་བའི་དབང་པོ་སྨན་པའི་རྒྱལ་པོ་ཡི། །སྲུང་མ་མཐུ་ཆེན་རྡོ་རྗེ་བདུད་འདུལ་ལ། །མཐུན་པའི་དམ་རྫས་མ་ཚང་མེད་པ་ཀུན། །དགྱེས་པར་བཞེས་ལ་ཐུགས་དམ་བསྐང་གྱུར་ཅིག །རྫོགས་སྤྲུལ་ལྔ་པས་སོ། །
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། ལྷ་རྟ་ལྷ་གཡག་འབུལ་ཚིག་ཕྲིན་ལས་ཆར་འབེབས་བཞུགས་སོ།།
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ཧཱུྃ། མིག་སྨན་ལྟར་གནག་ཁྱུང་གི་གོམ་སྟབས་ཀྱིས། །སྟོང་གསུམ་སྐད་ཅིག་གིས་སྐོར་ཅང་ཤེས་རྟ། །ནོར་བུའི་སྒ་སྲབ་དར་གྱི་ལྷབ་ལྷུབ་ཅན། །སྤྲིན་གྱི་ཤུགས་འཆང་རྟ་མཆོག་འདི་ཉིད་འབུལ། །མཐུན་པའི་རྫས་འདིར་རྟེན་བཅས་དགྱེས་བཞུགས་ནས། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་བསམ་དོན་སྒྲུབས། །ཆོས་འཁོར་འད…