Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      5725 results — page 20 of 287
      CMR026 · ཀརྨ་ཆགས་མེད།
      མགོན་པོ་ཕྱག་བཞི་པའི་གཏོར་མ་ཁོག་ཕུབ་པའི་མཚལ་མ་འབྲིང་པོ།
      དབུས་སུ་བཞུགས་ནས་སུ། །རིགས་ཀྱི་ལུས་ཅན་སྐྱོང་བར་མཛོད་ཅེས་སྒྲུབ་པོ་རྣམས་ཀྱིས་ཞིང་རྣམས་ངེས་པར་ཞིང་སྐྱོང་མཛོད། །ཕྱུགས་རྣམས་ཀྱིས་ནི་ཉིན་རེ་བཞིན་དུ་བགེགས་དང་སྡིག་འཇོམས་དྲི་མེད་བརྙེས་པ་ཆུ་ཉི་བཞིན། །ཅི་ཙོ་ཙོ་ཞེས་གཏུམ་པོའི་ཤུགས་ཀྱིས་རབ་གཡོས་རྨད་བྱུང་ས་ཡི་འཇིག་རྟེན་སྣང་མཛད་པ། །ཀྲྀ་ཀྲྀ་ཀྲྀ་ཞེས་གཤེགས་པས་དགྲ་བོ་…
      CMR026 · ཀརྨ་ཆགས་མེད།
      མགོན་པོ་ཕྱག་བཞི་པའི་གཏོར་མ་ཁོག་ཕུབ་པའི་མཚལ་མ་འབྲིང་པོ།
      ཐུགས་ཀྱི་སྔགས་པ་རྣམས་ལ་བློ་གྲོས་འབྲས་བུས་མཚུངས་མེད་སྟེར། །ཞིང་རྣམས་སྐྱོང་བར་མཛད་པ་ཁྱེད་ཀྱིས་འགྲོ་བའི་ལུས་རྣམས་མ་ལུས་ཡུན་རིང་བསྐྱང་དུ་གསོལ། །སྒྲུབ་པ་པོ་རྣམས་སློབ་དཔོན་གང་ཞིག་དམ་ཚིག་ཐོས་འཛིན་གང་ཡིན་བློ་ལྡན་གྱུར་པ་དག །ཐུན་གསུམ་དུ་ནི་སྔགས་རྣམས་བརྒྱད་པོ་ཀློག་བྱེད་དེ་ནི་བསོད་ནམས་ལྡན་པར་གྱུར་བ་དང་། །ཚེ་དང་…
      CMR026 · ཀརྨ་ཆགས་མེད།
      མགོན་པོ་ཕྱག་བཞི་པའི་གཏོར་མ་ཁོག་ཕུབ་པའི་མཚལ་མ་འབྲིང་པོ།
      མཆེ་གཙིགས་ཁྱོད་ཀྱི་ཞལ་དུ་འགྲོ་ཀུན་སྐད་ཅིག་ཙམ་གྱིས་ཞུགས་པར་གྱུར། །ནག་མོ་མི་ཐོད་ཐོགས་པ་ཁྱོད་ནི་རྣལ་འབྱོར་གྲུབ་པའི་སྤྱོད་ཡུལ་ཅན་ཏེ་དུར་ཁྲོད་དགྱེས། །ཁྱོད་ནི་གཡོ་ཅན་མནན་ཅིང་ནད་དང་འཆི་བའི་འཇིགས་སེལ་ཞི་ལ་མི་བཟད་དྲེལ་འཆང་སྒྲོག །ཁྱོད་ནི་དཔའ་བོ་དག་གི་མགོ་བོའི་ཅོད་པན་ལེགས་སྤྱད་གཡུལ་དུ་མཚོན་གྱིས་བཅད་པ་ཡི། །ཕྲེང…
      CMR026 · ཀརྨ་ཆགས་མེད།
      མགོན་པོ་ཕྱག་བཞི་པའི་གཏོར་མ་ཁོག་ཕུབ་པའི་མཚལ་མ་འབྲིང་པོ།
      ཤ་ཁ་ན་ཐོགས་པ་སྔོན་ཆད་མ་བྱུང་ཁྱོད་མཐོང་ན། །མ་མོ་རྣམས་ཀྱང་སྐྲག་ཅིང་འདར་ལ་རྔམ་པ་འདོན་ཅིང་མིག་རྩ་ཧྲིག་ཧྲིག་ཁྱོད་ལ་བསྟོད། །ནག་མོ་བཟང་པོ་ལུས་མདོག་གནག་ཅིང་བཟོད་པར་དཀའ་བ་ཁྱོད་ལ་བརྒྱ་བྱིན་ལ་སོགས་ཀྱང་། །ཉིན་རེ་བཞིན་དུ་བསྟོད་པར་བྱེད་ཅིང་གཤིན་རྗེའི་རྒྱལ་པོ་ཉིད་ཀྱང་རྟག་ཏུ་འདར་ཞིང་འདུད་པར་བྱེད། །མི་རྣམས་དང་ནི་འགྲ…
      CMR026 · ཀརྨ་ཆགས་མེད།
      མགོན་པོ་ཕྱག་བཞི་པའི་གཏོར་མ་ཁོག་ཕུབ་པའི་མཚལ་མ་འབྲིང་པོ།
      ནད་དོ་ཅོག་གི་བདག་མོ་སྟེ། །སངས་རྒྱས་བསྟན་པ་སྲུང་མཛད་པའི། །དཔལ་ལྡན་ལྷ་མོ་ཁྱོད་ལ་བསྟོད། །བདག་གི་བར་ཆོད་ཐམས་ཅད་སོལ། །འདོད་པའི་དོན་རྣམས་འགྲུབ་པར་མཛོད། །ཧཱུྃ། དུས་གསུམ་སངས་རྒྱས་ཀུན་གྱི་བསྟན་བསྲུང་ཞིང་། །འཇིགས་བྱེད་མི་བཟད་དྲག་པོའི་ལས་རྣམས་མཛད། །རྔམ་པའི་ང་རོའི་སྲིད་གསུམ་ཐལ་བར་བརླག །མགོན་པོ་བྱ་རོག་མཚན་ལ་ཕྱག་…
      CMR026 · ཀརྨ་ཆགས་མེད།
      མགོན་པོ་ཕྱག་བཞི་པའི་གཏོར་མ་ཁོག་ཕུབ་པའི་མཚལ་མ་འབྲིང་པོ།
      བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཁྱོད་ཀྱི་དགྱེས་བྱེད་ཡུམ་གསུམ་ལེགས་ལྡན་ནག །བཀའ་སྡོད་ལས་མགོན་གསུམ་དང་སེང་གེའི་གདོང་། །ལས་ཀུན་སྒྲུབ་བྱེད་མཁའ་འགྲོ་བརྒྱུད་དྲུག་སོགས། །སྤྲུལ་པའི་འཁོར་གྱི་ཚོགས་ལ་ཕྱག་འཚལ་བསྟོད། །རྒྱལ་པོ་ཆེན་པོ་དཔལ་དང་ལྡན། །དུང་གི་མདོག་ཅན་པི་ཝང་འཛིན། …
      CMR026 · ཀརྨ་ཆགས་མེད།
      མགོན་པོ་ཕྱག་བཞི་པའི་གཏོར་མ་ཁོག་ཕུབ་པའི་མཚལ་མ་འབྲིང་པོ།
      སྟོབས་འབྱོར་འཕེལ་བ་དང་། །ནད་གདོན་བར་ཆད་ཟློག་པ་དང་། །ཕྱོགས་བཞིའི་དགྲ་རྣམས་འདུལ་བར་མཛོད། །རྗེས་ཀྱི་བྱ་བ་ལ། མཆོད་བསྟོད་བསྡུས་པ་ནི། །ཨོཾ་གུ་རུ་དྷེ་ཝ་ཌཱཀི་ཧཱུྃ་ཧཱུྃ་སརྦ་དྷརྨ་པ་ལ་ཨགྷཾ་ནས། ཤབྡ་སྭཱ་ཧཱ། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་པ། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པ…
      CMR026 · ཀརྨ་ཆགས་མེད།
      མགོན་པོ་ཕྱག་བཞི་པའི་གཏོར་མ་ཁོག་ཕུབ་པའི་མཚལ་མ་འབྲིང་པོ།
      བརྩོན་འགྲུས་རྒྱ་མཚོས་ཡང་ཡང་བསྐུལ་བའི་ཕྱིར། ༧ རཱ་ག་ཨ་སྱས་བྲིས་པ་དགེ་ལེགས་འཕེལ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
      CMR026 · ཀརྨ་ཆགས་མེད།
      གཏོར་བསྔོས་རྒྱས་པར་བཀོད་པ།
      གཏོར་བསྔོས་རྒྱས་པར་བཀོད་པ་བཞུགས་པའི་དབུ་ཕྱོགས་ལགས་སོ།།
      CMR026 · ཀརྨ་ཆགས་མེད།
      གཏོར་བསྔོས་རྒྱས་པར་བཀོད་པ།
      ཕེཾ་ཕེཾ། ན་མོ་རཏྣ་གུ་རུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཆོས་སྐུ་ཀུན་ཏུ་བཟང་པོ། དྲུག་པ་རྡོ་རྗེ་འཆང་ཆེན། སྟོན་པ་རྡོ་རྗེ་སེམས་དཔའ། རིག་འཛིན་དགའ་རབ་རྡོ་རྗེ། གུ་རུ་ཤྲཱི་སེང་ཧ། པཎ་ཆེན་བི་མ་ལ་མི་ཏྲ་ལ་སོགས་པའི་རྫོགས་ཆེན་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་…
      CMR026 · ཀརྨ་ཆགས་མེད།
      གཏོར་བསྔོས་རྒྱས་པར་བཀོད་པ།
      རྒྱལ་མེས་དབོན་རྣམ་གསུམ། མཁའ་སྤྱོད་པ་ནམ་མཁའ་རྒྱལ་མཚན། སྒམ་པོ་པ་ཆོས་ཀྱི་རྒྱལ་མཚན། བྱ་བྲལ་བ་ཀུན་དགའ་བཀྲ་ཤིས། མཁས་གྲུབ་ཀརྨ་ཆགས་མེད། རིག་འཛིན་མི་འགྱུར་རྡོ་རྗེ་ལ་སོགས་པ་རྣམས་ཀྱི་ཞལ་དུ་འབུལ་ལོ། །རྒྱལ་བ་དགོངས་པ་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུང་བརྒྱུད་པ། གཏེར་ཆོས་སྨོན་ལམ་བརྒྱུད་པ། ཐུགས་རྗེ་བྱ…
      CMR026 · ཀརྨ་ཆགས་མེད།
      གཏོར་བསྔོས་རྒྱས་པར་བཀོད་པ།
      དང་རྩ་བརྒྱད་ལ་སོགས་པ་རིག་འཛིན་གྲུབ་ཐོབ་རྒྱ་མཚོ་རྣམས་ཀྱི་ཞལ་དུ་འབུལ་ལོ། །ༀ་གུ་རུ་ཨཱཿ་ཡུ་སིདྡྷི་ཧཱུྃ་ཧྲཱིཿ ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་འཆི་མེད་ཚེའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧི༔ ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ…
      CMR026 · ཀརྨ་ཆགས་མེད།
      གཏོར་བསྔོས་རྒྱས་པར་བཀོད་པ།
      ཀྲོ་རཱ་ཙ། ཡ་མ་རཱ་ཙ་ས་མ་ཡ་ཛ་ཛཿ ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། འཇམ་དཔལ་ཁྲོ་ཆུ་དུག་གདོང་གི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཨོཾ་ཧཱུྃབཛྲ་ཀྲོ་ཏ་ཧ་ཡ་གྲྭ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། དབང་ཆེན་རྟ་མགྲིན་དམར་ནག་གི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ …
      CMR026 · ཀརྨ་ཆགས་མེད།
      གཏོར་བསྔོས་རྒྱས་པར་བཀོད་པ།
      ཨོཾ་ཧྲཱི༔ཧ་ཧ་ཧཱུྃ་ཧཱུྃ་ཕཊ༔ ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། བཅོམ་ལྡན་བདེ་མཆོག་འཁོར་ལོའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཧིམ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ༔ ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཡུམ་ཆེན་རྡོ་རྗེ་ཕག་མོ་མཁའ་འགྲོ་བྱེ་བ་འབུམ་སྡེ་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་…
      CMR026 · ཀརྨ་ཆགས་མེད།
      གཏོར་བསྔོས་རྒྱས་པར་བཀོད་པ།
      འབུལ་ལོ། །བྷྱོ་ཕཊཧཱུྃ་དུ་ར་ན་ཏྲ་ཏྲ་ཕཊ༔ ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ལས་ཧུར་དྲག་མོ་འཁོར་དང་བཅས་པའི་ཞལ་དུ་འབུལ་ལོ། །ཨོཾ་ཤ་རི་རུ་མ་བྷྱོ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ལས་གཤིན་འཆར་ཁ་ནག་པོ་འཁོར་དང་བཅས་པའི་ཞལ་དུ་འབུལ་ལོ། །ཨོཾ་སརྦ་ཌཱཀི་ནཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ལུང་ལྔ་ལྗོངས་ག…
      CMR026 · ཀརྨ་ཆགས་མེད།
      གསང་སྔགས་སྤྱི་ཡི་གསར་རྙིང་གི་གཏོར་བསྔོས་བདུད་རྩིའི་རྒྱ་མཚོ་དངོས་གྲུབ་ཀུན་འབྱུང་།
      གསང་སྔགས་སྤྱི་ཡི་གསར་རྙིང་གི་གཏོར་བསྔོས་བདུད་རྩིའི་རྒྱ་མཚོ་དངོས་གྲུབ་ཀུན་འབྱུང་བཞུགས་སོ།།
      CMR026 · ཀརྨ་ཆགས་མེད།
      གསང་སྔགས་སྤྱི་ཡི་གསར་རྙིང་གི་གཏོར་བསྔོས་བདུད་རྩིའི་རྒྱ་མཚོ་དངོས་གྲུབ་ཀུན་འབྱུང་།
      ན་མོ་གུ་རུ་དྷེ་ཝ་ཌཱཀི་ནཱི་ཧཱུྃ། གསར་རྙིང་སྤྱི་ཡི་གཏོར་བསྔོས་ནི། གསར་རྙིང་གང་རུང་གི་ཆོ་ག་ལས་བྱང་སྔོན་དུ་སོང་བའམ། འབྲིང་མངོན་རྟོགས། ཐ་ན་སྐད་ཅིག་དྲན་རྫོགས་ཀྱིས་བདག་ཡི་དམ་གྱི་སྐུར་གསལ་བཏབ་ནས། རབ་གཏོར་མ་ལྷ་གྲངས། འབྲིང་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་བཀའ་སྲུང་ཕྱི་རྒྱུད་པ་དང་བདུན་ཚར། བསྡུས་པ་རིན་ཆེན་འ…
      CMR026 · ཀརྨ་ཆགས་མེད།
      གསང་སྔགས་སྤྱི་ཡི་གསར་རྙིང་གི་གཏོར་བསྔོས་བདུད་རྩིའི་རྒྱ་མཚོ་དངོས་གྲུབ་ཀུན་འབྱུང་།
      དང་ཤ་ཁྲག་མི་རུང་བ་ཐམས་ཅད་རིན་པོ་ཆེའི་སྣོད་དུ་དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོར་དམིགས་ལ། ཨ་ཀཱ་རོའམ། ཨོཾ་ཨཱཿཧཱུྃ་ཧ་ཧོ་བྷིསྭ་ཧཱ། ཞེས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བསྒོམ། དེ་ནས་རང་ལུས་ཙོག་པུར་བྱས་ལ་རྐང་སྡེབ་གཡས་ཀྱིས་གཡོན་པའི་རྐང་པ་མནན། ལག་པའི་མཐེབ་མཇུག་གཉིས་ལྕགས་ཐག་ལྟར་སྦྲེལ། སོར་མོ་གཞན་རྣམས་གཤ…
      CMR026 · ཀརྨ་ཆགས་མེད།
      གསང་སྔགས་སྤྱི་ཡི་གསར་རྙིང་གི་གཏོར་བསྔོས་བདུད་རྩིའི་རྒྱ་མཚོ་དངོས་གྲུབ་ཀུན་འབྱུང་།
      མ་བདུད་རྩིའི་རྒྱ་མཚོ་ལ་ཟུག་ནས་དྲང་སྟེ་གསོལ་བར་བསྒོམ་པ་རྒྱུད་གཞུང་ཐམས་ཅད་ནས་གསུངས་ཏེ། རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་བྱེ་བ་དུང་ཕྱུར་སྤྲོས་ནས། རིན་པོ་ཆེ་ལས་གྲུབ་པའི་བྷནྡྷའི་སྐྱོགས་ཀྱིས་བཅུས་ནས་ལྷ་ཐམས་ཅད་ལ་སོ་སོར་དྲངས་པར་བསམ་པ་ཡང་ལེགས་སོ། །དེ་ཡང་གཏོར་མ་ཕྲལ་དུ་ཕུལ་བ་ལ་ནང་ལྟར་ལེགས། བཞག་རྒྱུའི་ཕུག་གཏོར་ལ་…