Author
About 40% of texts have an author recorded — this list will grow as more are attributed.
328 results
— page 10 of 17
CMR008
· ཀརྨ་ཆགས་མེད།
བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས༔ ཚེ་སྒྲུབ་ཀྱི་རྒྱུན་ཁྱེར་དམིགས་རིམ་ཞལ་ཤེས་བཀོད་པ་ཨ་རཱ་གས་སྦྱར་བ།།
མདངས་འོད་དུ་འབར་བར་བསྒོམ་ཞིང་༔ ཁྱད་པར་ཚེ་གཏོར་འདི་ཉིད་གུ་རུ་པདྨ་འོད་འབར་དུ་གསལ་བའི་ཐུགས་ཀའི་ཧྲཱིཿལ་ཚེ་ཡི་སྔགས་གཡས་སུ་འཁོར་བ་ལས་འོད་ཟེར་དཀར་སེར་དམར་ལྗང་དཔག་ཏུ་མེད་པ་ནམ་མཁའ་གང་བར་འཕྲོས་པས་ས་ཡི་བཅུད་ཐམས་ཅད་སེར་པོ་གསེར་ལྟ་བུ༔ ཆུ་ཡི་བཅུད་ཐམས་ཅད་དཀར་པོ་ཤེལ་ལྟ་བུ༔ མེ་ཡི་བཅུད་ཐམས་ཅད་དམར་པོ་པདྨ་རཱ་ག་ལྟ་བུ༔ ར…
CMR008
· ཀརྨ་ཆགས་མེད།
བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས༔ ཚེ་སྒྲུབ་ཀྱི་རྒྱུན་ཁྱེར་དམིགས་རིམ་ཞལ་ཤེས་བཀོད་པ་ཨ་རཱ་གས་སྦྱར་བ།།
ཕྱིར་ཐོན་ཤ་དང་ཁྲག་དང་དྲོད་དང་དབུགས་སེམས་ཀྱི་ཚེ་ཉམས་པ་ཐམས་ཅད་སོར་ཆུད་དེ༔ ས་ཡི་ཡོན་ཏན་རྫོགས་པས་ལུས་སྲ་ཞིང་བརྟན་པ་རྡོ་རྗེ་ཕ་ལམ་ལྟ་བུ༔ ཆུ་ཡི་ཡོན་ཏན་རྫོགས་པས་ལུས་སྣུམ་ཞིང་བག་དྲོ་བ་མར་གསར་བ་ཉི་མས་དྲོས་པ་ལྟ་བུ༔ མེ་ཡི་ཡོན་ཏན་རྫོགས་པས་ལུས་གསལ་ཞིང་བཀྲག་མདངས་ལྡན་པ་སྤྲིན་མེད་པའི་ཉི་མ་ལྟ་བུ༔ རླུང་གི་ཡོན་ཏན་རྫོགས…
CMR008
· ཀརྨ་ཆགས་མེད།
བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས༔ ཚེ་སྒྲུབ་ཀྱི་རྒྱུན་ཁྱེར་དམིགས་རིམ་ཞལ་ཤེས་བཀོད་པ་ཨ་རཱ་གས་སྦྱར་བ།།
བདུད་ལག་ནས་ལྕགས་སྒྲོག་ཁུག༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་དྲིལ་བུས་ཁུག༔ སྟེང་ཕྱོགས་ཚངས་པ་བརྒྱ་བྱིན་ལག་ནས་ཁུག༔ འོག་ཕྱོགས་དགའ་བོ་འཇོག་པོའི་ལག་ནས་ཁུག༔ ཚེ་སྲོག་ཆད་པ་མཐུད་ལ་ཡར་བ་ཁུག༔ གས་པ་སྦྱོར་ལ་ཉམས་པ་ཐམས་ཅད་གསོས༔ འོད་ཟེར་དཀར་ལ་འཚེར་ཞིང་སྣུམ་ལ་འདྲིལ༔ སྤྱི་བོའི་གཙུག་ནས་ལུས་ལ་སིབ་སིབ་ཐིམ༔ འོད་འབར་འཆི་མེད་ཚེ་ཡ…
CMR008
· ཀརྨ་ཆགས་མེད།
བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས༔ ཚེ་སྒྲུབ་ཀྱི་རྒྱུན་ཁྱེར་དམིགས་རིམ་ཞལ་ཤེས་བཀོད་པ་ཨ་རཱ་གས་སྦྱར་བ།།
སྤྱི་བོར་བཞག་ལ་མདུན་བསྐྱེད་ཀྱི་གནས་ལྔ་ནས་འོད་ཟེར་དཀར་དམར་མཐིང་གསུམ་གོང་ལྟར་གྱི་དམིགས་པ་སྦྱར་ལ་ཚིགས་བཅད་འདི་སྐད་བརྗོད༔ ཧྲཱི༔ བུམ་པའི་ངོ་བོ་པདྨ་འོད་འབར་བཞུགས༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ རྒྱལ་བ་རབ་འབྱམས་རིགས་གསུམ་མགོན་པོ་དང་༔ ས་ཆུ་མེ་རླུང་བཅུད་རྣམས་རང་མདོག་གསལ༔ ཤ་ཁྲག་དྲོད་དབུགས་ཉམས་པ་སོར་ཆུད་ནས…
CMR008
· ཀརྨ་ཆགས་མེད།
བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས༔ ཚེ་སྒྲུབ་ཀྱི་རྒྱུན་ཁྱེར་དམིགས་རིམ་ཞལ་ཤེས་བཀོད་པ་ཨ་རཱ་གས་སྦྱར་བ།།
ཤའི་རིལ་བུ་ཟོས་པས་འཇའ་ལུས་རྡོ་རྗེའི་སྐུ་ཐོབ་པ་ལྟར༔ རིལ་བུ་ཨོ་རྒྱན་ཚེ་དཔག་མེད་སྐུ་ཆུང་ལ་ཡན་ལག་དོད་པ་ཁ་ཤར་གྱི་སྒོ་ནས་བྱོན་སྙིང་པདྨ་འདབ་བརྒྱད་ཀྱི་སྟེང་དུ་རྟག་ཏུ་བཞུགས་པར་བསྒོམ༔ ཧཱུྃ༔ སྔོན་བྱོན་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ སྒྲུབ་རྫས་རིལ་བུ་འདི་ལ་བརྟེན་ནས་མཛད༔ གུ་རུའི་བྱིན་རླབས་རིལ་བུར་འདུ་འབྲལ་མེད༔ སྐ…
CMR008
· ཀརྨ་ཆགས་མེད།
བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས༔ ཚེ་སྒྲུབ་ཀྱི་རྒྱུན་ཁྱེར་དམིགས་རིམ་ཞལ་ཤེས་བཀོད་པ་ཨ་རཱ་གས་སྦྱར་བ།།
སྦྱིན༔ ཕྱི་ནང་བྱང་སེམས་ཁམས་རྣམས་འཕེལ་ཞིང་རྒྱས༔ བདེ་དྲོད་རང་འབར་ཚེ་ཡི་དབང་ཐོབ་ཤོག༔ སྲུང་བའི་གོ་བསྒོ་བ་ནི༔ མདུན་བསྐྱེད་པདྨ་འོད་འབར་གྱི་སྐུ་ལས་སྣ་ཚོགས་རྡོ་རྗེའི་ཕྲེང་བའི་ཆར་བབས་པས་ཁྱེད་རང་གི་ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་གྱོན་ནས་འོད་ཟེར་ཆི་ལི་ལི་སྒོམ༔ ཚེ་ནས་རང་གི་ལག་ཏུ་ཐོགས་ལ༔ ཨོཾ་བཛྲ་རཀྵ་རཀ་ཧཱུྃ༔ …
CMR008
· ཀརྨ་ཆགས་མེད།
བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ལས༔ ཚེ་སྒྲུབ་ཀྱི་རྒྱུན་ཁྱེར་དམིགས་རིམ་ཞལ་ཤེས་བཀོད་པ་ཨ་རཱ་གས་སྦྱར་བ།།
རྒྱས་རབས་བདུན་རྒྱ༔ ཕྱག་རྒྱ་བདུན་གྱིས་རྒྱས་གདབ་བོ༔ ཨེ་མ་ཧོ༔ ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམ་པ་དེ་ཡིས་འགྲུབ༔ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ལ༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ བཀྲ་ཤིས་བརྗོད༔ ཚོགས་ཆད་མདོ་སོགས་བྱས་ནས་དཀྱིལ་འཁོར་བསྡུ༔ ཆོ་ག་སོགས་གཞུང་ནས་གསལ་ལྟར་…
CMR008
· ཀརྨ་ཆགས་མེད།
བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་གྱི་ཟིན་བྲིས།།
བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་གྱི་ཟིན་བྲིས་བཞུགས་སོ།།
CMR008
· ཀརྨ་ཆགས་མེད།
བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་གྱི་ཟིན་བྲིས།།
གུ་རུ་དྷེ་ཝ་ཌཱཀི་ནཱི། པདྨ་འོད་འབར་རྒྱས་པར་འདོད་ན། དཀྱིལ་འཁོར་པདྨ་འདབ་བཞིའི་དབུས་སུ། བུམ་པ་རྫས་ལྡན་ཁ་རྒྱན་མགུལ་ཆིངས་དང་ཙཀྐི་བཙུགས་པ། ཚེ་གཏོར་ཚེ་ཆང་ཚེ་རིལ་དང་། གཡས་སུ་སྨན་མཆོད། གཡོན་དུ་བདུད་རྩི། མདུན་དུ་རཀྟ། གཏོར་མ་རིན་ཆེན་འབར་བ་ལ་མཐར་མཆོད་པ་སྐོར་བཤམ་འགྲུབ་ན་ལེགས། མེད་ན་མདུན་བསྐྱེད་ཀྱི་རྟེན་ཨོ་རྒྱན་སྐ…
CMR008
· ཀརྨ་ཆགས་མེད།
བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་གྱི་ཟིན་བྲིས།།
འགྲོ་སེམས་བསྐྱེད་རྒྱས་པར་ཡོད་ན་ལེགས། མེད་ཀྱང་གཞུང་དེ་ཉིད་དུ་ཚང་ཡོད།། ༈ ཧྲཱི༔ བདག་ཉིད་འགྱུར་མེད་ཡེ་ནས་རྡོ་རྗེའི་སྐུ༔ ཞེས་སོགས་མཚམས་གཅོད་དུས། བདག་ཉིད་སྐད་ཅིག་གིས་པདྨ་འོད་འབར་གསལ་བཏབ་ནས། སྣོད་ཀྱི་འཇིག་རྟེན་པདྨ་འོད་འབར་གྱི་ཞིང་ཁམས་བདག་དང་སེམས་ཅན་ཐམས་ཅད་ཡེ་ནས་ཡི་དམ་པདྨ་འོད་འབར་ཡིན་པའི་དོན་དྲན་པ་ཙམ་བྱས་ལ།…
CMR008
· ཀརྨ་ཆགས་མེད།
བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་གྱི་ཟིན་བྲིས།།
དུ་མེ་ཁ་དོག་སྣ་ལྔ་འུ་རུ་རུ་འབར་བར་བསྒོམས་ལ། ཨོཾ་བཛྲ་རཀྟ་ཛྭ་ལ་སོགས་བརྗོད་དོ། །དམིགས་པ་མ་ཟིན་ན་སྔགས་དེ་མང་དུ་བརྗོད། ༈ དེ་ནས། ཨོཾ་ཨཱ༔ཧཱུྃ༔ སྐྱབས་གནས་དམ་པ་ཞེས་སོགས་བརྗོད་པ་ཙམ་གྱིས་མདུན་གྱི་ནམ་མཁར་པདྨ་འོད་འབར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྲིན་གྱི་ཕུང་པོ་ལྟ་བུར་བཞུགས་པར་བྷྱོ་ལ། སེམས…
CMR008
· ཀརྨ་ཆགས་མེད།
བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་གྱི་ཟིན་བྲིས།།
ལྟར་བསྒོམ། རྡོ་རྗེ་སེམས་དཔའ་ཡང་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསྒོམ། ༈ དེ་ནས་སྔར་ལྟར་སྐྱབས་ཡུལ་ནམ་མཁར་ཨོ་རྒྱན་ལ་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཡོད་པ་དེ་གསལ་འདེབས་བྱས་ལ། རང་གི་ལུས་སེམས་ལོངས་སྤྱོད་དགེ་རྩ་དང་བཅས་པ་མཎྜལ་དུ་དམིགས་ཏེ་ཕུལ་བའི་མོས་པས་མཎྜལ་དེ་ལན་གསུམ་མམ་བདུན་ནམ་ཕུལ། དེ་ནས་ནམ་མཁའི་ཨོ་རྒྱན་རྩ་བ་གསུམ་གྱི…
CMR008
· ཀརྨ་ཆགས་མེད།
བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་གྱི་ཟིན་བྲིས།།
ཡུད་ཙམ་བལྟ་ཞིང་། ཨོཾ་ཨཱཿཧཱུྃ༔ འདི་ལྟར་སྣང་སྲིད་ཅེས་སོགས་བརྗོད། སྟོང་ཉིད་དེའི་ངང་ལས་རང་སེམས་པདྨ་འོད་འབར་མངོན་རྟོགས་ལྟར་བསྐྱེད། རྙིང་མའི་ལུགས་འདི་ལ་མངོན་རྟོགས་ཚར་གཅིག་གིས་བདག་བསྐྱེད། མདུན་བསྐྱེད། བུམ་བསྐྱེད། དབང་དུས་ཡིན་ན་གཏོར་མ་ལྷར་བསྐྱེད་པ་ཐམས་ཅད་དུས་གཅིག་བསྒོམ། རྒྱུན་དུ་བདག་མདུན་དུས་གཅིག་ལ་བསྒོམ་མོ…
CMR008
· ཀརྨ་ཆགས་མེད།
བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་གྱི་ཟིན་བྲིས།།
ལ་བདུད་མ་ཞུགས་པ་གལ་ཆེ། ༈ ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཞེས་སོགས་དེར་སྤྱན་དྲངས་ཤིང་། དམིགས་པ་མ་ཟིན་བར་དུ་མ་བཅོས་ངང་ནས་ཚར་གསུམ་བྱ། འདི་ལ་བཞུགས་གསོལ་མི་དགོས་སོ། །སྐད་ཅིག་གིས་དམ་ཚིག་པ་ལ་བསྟིམ་སྟེ། བདག་མདུན་དུས་གཅིག་ལ་བསྟིམ་པར་བྱའོ། ༈ །དེ་ནས་མཆོད་པ། ཨོཾ་ཨཱ༔ཧཱུྃ༔ མཆོད་འོས་ཕྱི་ནང་སྣོད་བཅུད་ཀུན༔ སོགས་ཀྱི…
CMR008
· ཀརྨ་ཆགས་མེད།
བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་གྱི་ཟིན་བྲིས།།
དབྱངས་སྙན་པོས། བདག་མདུན་ཐམས་ཅད་ལ་དུས་གཅིག་ལ་བསྟོད་པ་བྱེད་པར་བསྒོམ་ལ། ༈ ཧྲཱི༔ རྒྱལ་བ་ཐམས་ཅད་ཡེ་ཤེས་སོགས་བསྟོད་པ་བྱའོ། །བསྟོད་པ་ཚར་ནས་ལྷ་མོ་རྣམས་རང་ལ་བསྟིམ། ༈ དེ་ནས་བསྙེན་སྒྲུབ་ནི། སྒྲུབ་ཁང་བྱི་དོར་བྱས་ལ། གོང་ལྟར་མཆོད་གཏོར་ལ་སོགས་བཤམས་ནས། བསང་ཆུས་ཁྱིམ་ལ་ཆག་ཆག་བཏབ་ནས། གུ་གུལ་ལམ་སྤོས་སམ་མེད་ན་ཤུག་དུད་ཀྱ…
CMR008
· ཀརྨ་ཆགས་མེད།
བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་གྱི་ཟིན་བྲིས།།
བགེགས་ཕུལ་ནས། དེ་ནས་མཚམས་མ་གྲོལ་བར་དུ་དཀར་བགེགས་མི་དགོས། སྐྱབས་འགྲོ་སེམས་བསྐྱེད་སོགས་ནངས་རེ་ཚར་རེ་ཆོག་པས་ཐུན་མཚམས་ལ་མི་དགོས། འོད་འབར་གཞུང་དེ་རབ་ཐུན་དྲུག་ལ་འདོན་ཏེ། ནམ་ལངས། ཉི་མ་རྩེ་ཤར། ཉིན་ཕྱེད། ཉི་མྱུར། དགོང་ཁ། སྲོད་ནི་དྲུག་གོ །དེ་ཙམ་མ་འཕྲོད་ན་ཞོགས་པ། ཉིན་ཕྱེད། དགོང་ཁ། སྲོད་དང་ཐུན་བཞི་བྱེད། ཐུན་ཟེར…
CMR008
· ཀརྨ་ཆགས་མེད།
བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་གྱི་ཟིན་བྲིས།།
འདོད་དྲག་པོའི་འོག་ཏུ་འདོན། ཡང་ཆོས་སྐྱོང་གང་ཡོད་སེང་གདོང་མའི་འོག་ཏུ་འདོན། ཕུགས་གཏོར་མཐའི་དཀར་གཏོར་དེ་ཕྱི་ཡུལ་ལྷ་བཟང་དབྱ་མཛད་རོག །གཏོར་འབུལ་གྲལ་དཀར་གཏོར་གཅིག་སླར་གཞི་བདག་ལ་བསྔོ་བ་གལ་ཆེ། ནུབ་ཉལ་ཁར་སྔགས་ཕྲེང་གསེར་གྱི་རྡོ་རྗེར་བསྡུ། བསྔོ་བ་སྨོན་ལམ་བཀྲ་ཤིས་རྣམས་བརྗོད་ནས་གཉིད་ལོག །ནངས་སྔ་དང་ཐོ་རངས་གཉིད་སད་…
CMR008
· ཀརྨ་ཆགས་མེད།
བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་གྱི་ཟིན་བྲིས།།
ཆེ་ཆུང་དཔག་ཏུ་མེད་པ་འཕྲོས་ནས་ཁ་བ་བུ་ཡུག་འཚུབ་པ་ལྟ་བུར་བྱོན་ནས་རང་ཉིད་དང་མདུན་བསྐྱེད་ལ་སིབ་སིབ་ཐིམ་པར་བསྒོམ། མཆོད་པ་བསྟོད་པ་དུས། རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་འཕྲོས་ནས་མཆོད་པ་སྣ་ཚོགས་ཀྱིས། བདག་པདྨ་འོད་འབར་དང་། མདུན་བསྐྱེད་གཉིས་ཀ་མཆོད། བདུད་རྩི་གཏོར་མ་རཀྟ་བདུད་རྩི་རྒྱ་མཚོ་ཆེན་པོ་ནས་ཀ་པཱ་…
CMR008
· ཀརྨ་ཆགས་མེད།
བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་གྱི་ཟིན་བྲིས།།
སྐྱོང་རྣམས་ཐུགས་དམ་བསྐངས་ནས་ཕྲིན་ལས་རྣམ་བཞི་ཐོབ་པར་བསྒོམ། སླར་ཡང་དམ་ཚིག་ཡེ་ཤེས་པ་རྣམས་རང་ལ་ཐིམ། འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་པར་བསམ། ༈ བསྙེན་སྒྲུབ་རང་གི་དམིགས་པ་ནི། བདག་དམ་ཚིག་ཡེ་ཤེས་པ་གཉིས་མེད་དུ་བསྒོམས་པའི་ཐུགས་ཀར་པད་ཟླའི་སྟེང་དུ་གསེར་གྱི་རྡོ་རྗེ་ཧཱུཾ་ངམ་ཧཱིཡིག་གིས་མཚན་པ་ལ་སྔགས་ཀྱི་ཕྲེང་བ་གཡས་…
CMR008
· ཀརྨ་ཆགས་མེད།
བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་གྱི་ཟིན་བྲིས།།
ཉལ་ཁ། ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན་ཞེས་སོགས་བསྡུ་རིམ་ཚང་མ་ནི་དགོས་སོ། །མཚམས་གྲོལ་དུས་མདུན་བསྐྱེད་ཐང་སྐུ་སོགས་ལ་བསྟིམ། མེད་ན་གཤེགས་པའམ་རང་ལ་བསྡུ། བདག་བསྐྱེད་ཡེ་ཤེས་པ་ནམ་ཡང་མི་གཤེགས་རང་ལ་བསྟིམ་པར་བྱ། ཞེས་པ་འདིའང་སློབ་མ་རྣམས་ལ་ཕན་ཕྱིར་༧ ཨ་རཱ་གས་སྦྱར་བ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ།། ༧ ཁམས་སྟོད་སྒོམ་སྡེ་ནང…