Author
About 40% of texts have an author recorded — this list will grow as more are attributed.
2857 results
— page 59 of 143
JTN003
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
ཟླ་བའི་དབུས་སུ་ཞུགས་ཏེ། དེ་མ་ཐག་ཟླ་བ་ཡང་ཉི་མ་ལ་འདྲེས། ཉི་ཟླ་ཧཱུཾ་གསུམ་གཅིག་ཏུ་འདྲེས་པའི་འོད་ཀྱི་གོང་བུ་ཁ་དོག་སྣ་ཚོགས་པའི་བདག་ཉིད་ཅན། དེའི་ནང་སྟེང་གི་ཆ་ལ་ཧི་ཡིག་ནག་པོ་འོད་ཟེར་སྣ་ཚོགས་པ་འབར་བར་བསྒོམས་ཏེ་གཅིག་ཏུ་འདྲེས་པའི་སྐབས་འདིར་པཎྜི་ཏ་དུས་འཁོར་པས་མཛད་པའི་གཞུང་གཅིག་ནའང་རྡོ་རྗེ་ཕཊ་ཀྱིས་མཚན་པར་བཤད་ཅིང…
JTN003
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
གེ་སོགས་སྤངས་ཀྱང༌། ཞེས་པ་དང༌། དགྱེས་རྡོར་ལས། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ་སོགས་ཀྱི་དོན། སེམས་འགྲེལ་རྣམས་ཀྱིས་སྐྱེ་རིམ་སྐབས་སུ་བཀྲལ་བ་ཡང་དེ་དང་མཚུངས་ཏེ། བསྐྱེད་རིམ་གྱི་ལྷ་བསྐྱེད་པའི་རྒྱུ་མངོན་བྱང་གི་སྐབས་སུ་ཕཊ་ཡིག་དགོས་པ་གཅིག་ཀྱང་གསུངས་པ་དེར་སྣང་བས། དེ་ལྟར་སྒོམ་པ་ལ་རྒྱུད་འགྲེལ་དང་མི་མཐུན་པའི་སྐུར་པ་གདབ་པར…
JTN003
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
སོགས་སོ་སོར་མི་བྱེད་པར་རྒྱུ་མངོན་བྱང་དང་པོ་བཞི་ཚན་ཆ་གཅིག་པོ་དེ་ལས་འབྲས་བུ་ཡབ་ཡུམ་གཉིས་ཀར་རྫོགས་པ་ཡིན་ ནོ། །དེ་ཡང་སྐུ་རྫོགས་པ་དང་ལྷན་ཅིག་ཧཾ་ཡིག་གི་སྒྲ་གཟུགས་དང་བཅས་པ་སྟེ། ཧཾ་ཡིག་ནི་རྡོ་རྗེ་སེམས་དཔའི་ས་བོན་ཡིན་ལ། ཐུགས་ཀའམ་གཙུག་ཏོར་གང་རུང་དུ་སྒོམ་པ་གདམ་ཁ་ཡིན་ནའང༌། གཙུག་ཏོར་དུ་སྒོམ་པ་གཙོ་ཆེའོ། །ཧཾ་ཡིག་ད…
JTN003
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
ནི་གོ་སླ་ལ། དཀའ་བ་རྣམས་ཅུང་ཟད་བཤད་ན། ཕྲག་པ་དྲུག་ཅེས་པ་མགྲིན་པའི་འོག་མཚམས་སྦོམ་ཤོས་ཀྱི་ཐད་ནས། དཔུང་པའི་ཚིགས་ཀྱི་མཚམས་ཚུན་ཆད་མིའི་ལུས་ལྟར་ན། རྒྱབ་ཏུ་སོག་པ་དང་མདུན་དུ་སྒྲོག་རུས་ཡོད་པའི་ཐད་སོར་དྲུག་ཙམ་གྱི་དཀྱུས་དེ་ཕྲག་པ་ཞེས་བྱ་སྟེ། དེ་ཡང་གཡས་སུ་མདུན་རྒྱབ་ཏུ་རིམ་པ་གསུམ་དང༌། གཡོན་དུའང་དེ་བཞིན་ཡིན་པས། རྒྱུ…
JTN003
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
མེད་ལ། སྔོན་པོ་དང་ནག་པོའི་ཁྱད་པར་བཤད་ན། སྤྱིར་གྲགས་ཚོད་ལ་དཔལ་ལྡན་དུས་ཀྱི་འཁོར་ལོའི་ལུགས་ལ། སྔོན་པོ་དང་ནག་པོ་དག་བྱ་དག་བྱེད་ཀྱང་ཐ་དད་ལས་སྒྲུབ་ཚུལ་ཀྱང་ཐ་དད་པས་ཁྱད་ཆེར་ཡོད་ལ། རྒྱུད་སྡེ་གཞན་ལས་ནི་དེ་གཉིས་ཕལ་ཆེར་མཚུངས་པར་བཤད་དོ་ཞེས་ཟེར་ན། ཕྱོགས་གཅིག་ནས་དོན་ལ་གནས་པའང་ཡིན་མོད། མཐའ་གཅིག་ཏུ་མ་ཡིན་ཏེ། རྣལ་འབྱོ…
JTN003
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
ཁམས་ཀྱི་སྔོན་པོ་མ་ཡིན་ཏེ། ཡིན་ན་དབུས་སམ་འོག་གི་ཁ་དོག་ཏུ་རིགས་ཀྱི། ཤར་དུ་མི་རིགས་པའི་ཕྱིར་དང༌། ཕྱོགས་གཞན་གྱི་ཟླ་སྟོབས་ལས་ཀྱང་ཤེས་སོ། །དེས་ན་གཙོ་བོའི་སྐུའི་ཆ་ཤས་ཀྱི་སྐུ་ལུས་ཞལ་རས་དཔུང་པ་ཕྲག་པ་སོགས་སྔོན་པོ་དང་ནག་པོར་བཤད་པ་རྣམས་སྔོ་ན་སྔོ་མཉམ་དང༌། ནག་ན་ནག་མཉམ་ཡིན་གྱི་ཁ་དོག་སོ་སོ་མ་ཡིན་ནོ། །འགྲེལ་ཆེན་ལས། …
JTN003
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
རྒྱུ་མ་ཡྀན་པ་དང༌། ས་ཆུ་སྐུ་དང་མེ་རླུང་གསུང་ལ་སྦྱོར་བ་ཁྲུགས་ལ། ཐུགས་དང་མཁའ་ཡེ་གཉིས་སྦྱོར་དགོས་པས། ཡབ་ལྗང་ཁུ་དང་ཡུམ་སྔོན་མོར་ཐལ་བར་འགྱུར་གྱི། ཡབ་སྔོན་པོ་དང་ཡུམ་གུར་གུམ་མདོག་གང་ནས་རྙེད། ལུས་ངག་འདྲེས་པ་ལས་ཡིད་འབྱུང་བའི་རྒྱུ་མཚན་ཡང་བརྟག་པར་དཀའོ། །མཆེ་བ་ཕྱེད་གཙིགས་པ་ཞེས་པ་ནི། ཕྱེད་ཀ་ལྷག་མ་སྦས་པའི་དོན་མ་ཡི…
JTN003
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
རྩེ་མོའི་རྡོ་རྗེ་རྩེ་ལྔ་རྭ་གདེངས་པའོ། །རིན་པོ་ཆེ་ནི་རིན་པོ་ཆེ་ཟུར་དགུ་པ་སྟེ། རབ་བྱུང་གི་ཤེལ་ལྟར་རྒྱ་གཞོགས་ཀྱི་ཟུར་བརྒྱད་ལ་རྩེ་མོ་རེ་རེ་དང་དབུས་ཀྱི་རྩེ་སྟེ་ དགུའོ། །ཚངས་པའི་མགོ་བོ་པདྨས་སྤྲས་པ་ནི། མེ་ཏོག་པདྨའི་འཕྲེང་བས་སྐྲ་མཚམས་བཅིངས་པ་སྟེ། འགྱུར་འགའ་ལས་ཕྱག་གི་པདྨ་ཚངས་མགོས་སྤྲས་པའི་དོན་དུ་བསྒྱུར་བའང་ཡ…
JTN003
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
སྐེམས་བྱེད། འཆིང་བྱེད་ཅེས་བཤད་ལ། དྲག་པོ་ནི་ཞི་མ་ཁྲོ། མིག་གསུམ་མཆེ་བ་ཅན། སྐྲ་ཁམ་སེར་གྱེན་བརྫེས་ལུས་སྦོམ་པ་སྟག་ལྤགས་དང་སྦྲུལ་དང་མི་མགོས་བརྒྱན་པ་སྟེ། དེ་གཉིས་ཞབས་ཀྱིས་མནན་པས་གནད་ལ་གཟིར་བའི་རྣམ་པར་བསྒོམ། ཁ་ཅིག་བཅོམ་ལྡན་འདས་ཀྱི་དབུ་སྐྲ་ལ་རལ་པའི་ཐོར་ཚུགས་དང༌། རལ་པའི་ཅོད་པན་གྱི་དབྱེ་བ་བྱེད་ཅིང༌། ཅོད་པན་ནི་…
JTN003
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
སྣང་བ། རྒྱ་བོད་ཀྱི་དུས་འཁོར་བ་སྔ་མ་མང་པོའི་བཞེད་པར་འདུག་ཅིང༌། འགལ་བའང་ཆེར་མེད་པ་ལྟར་སྣང་ཡང་རྒྱུད་འགྲེལ་ལས་གསལ་བར་མ་གསུངས་ཤིང་རང་ལུགས་ལ་མི་བཞེད་དོ། །འཁོར་རྗེས་སུ་འབྲང་བའི་ནུས་མ་བརྒྱད་ནི། ཁ་ཅིག་གོང་གི་མངོན་བྱང་ལྔ་ལས་གཙོ་བོ་དང་ལྷན་ཅིག་བསྐྱེད་པར་འདོད་ཀྱང༌། འདི་རྣམས་ཀྱི་ས་བོན་དང༌། ཕྱག་མཚན་གྱི་བསྐྱེད་ཆོག་…
JTN003
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
ནང་དུ་རླུང་བཅུ་སྲོག་ཐུར་དུ་འདུས། གཞན་ཕར་ཕྱིན་བཅུ་ཡེ་ཤེས་དང་ཤེས་རབ་ཏུ་འདུས། ནུས་མ་བརྒྱད་པོ་སྣ་ཚོགས་ཡུམ་དང་དབྱིངས་ཕྱུག་མར་འདུས་པའི་ཕྱིར་ཟེར་བ་ཡང་ཕྱི་ནང་སྦྱོར་ཚུལ་མ་འགྲིག་ཅིང༌། དེ་དེར་འདུས་ཀྱང་དུས་གཅིག་ཏུ་བསྐྱེད་དགོས་པའི་རྒྱུ་མཚན་མེད་ལ། སྣ་ཚོགས་ཡུམ་དང་དབྱིངས་ཕྱུག་མའི་མཚན་དོན་སྦྱར་བ་དངོས་དེ་ནུས་མ་བཅུ་ལ་…
JTN003
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
བྱང་ལས་བསྐྱེད་དགོས་པའི་རྒྱུ་མཚན་ལས་རྒྱལ་མཆོག་ཏུ་སྐད་ཅིག་གིས་བསྐྱེད་པའི་ཕྱིར་ཟེར་བར་འདུག་པས་རིག་པ་ཤེས་པ་ཡང་འདི་འདྲ་ན། མི་ཤེས་པ་དེ་ཅི་འདྲ་ཞེས་ བྱའོ། །དེ་ལ་ནུས་མ་རྣམས་ནི་རྒྱན་དང་ཉམས་སོགས་སྣ་ཚོགས་ཡུམ་དང་འདྲ་ལ། ཕྱག་མཚན་གྱི་སྐབས་ཙནྡན་ནི་ཙནྡན་གྱི་ལྡེ་གུས་གང་བའི་སྣོད་དང༌། ཡོངས་འདུའི་མེ་ཏོག་ནི་ལྷའི་ཤིང་གི་ཡལ…
JTN003
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
དང་བཅས་པ་སྟེ། རྡོ་རྗེ་སེམས་དཔའ་རྫོགས་པའོ། །ཞེས་འབྱུང་བས། དཀྱིལ་འཁོར་རྒྱལ་མཆོག་གི་གཙོ་བོ་ནི་རྡོ་རྗེ་སེམས་དཔའ་ཡིན་ལ། སྣ་ཚོགས་ཡུམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡིན་ཞིང༌། དེ་ལྟར་ལྔའི་བདག་ཉིད་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན་ཞེས་ཀྱང་གསུངས་པས། གཙོ་བོ་ཡབ་ཡུམ་རྡོར་སེམས་ཡབ་ཡུམ་གྱི་ང…
JTN003
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
པའི་ཕྱིར་རོ། །ཡང་མཁས་པ་དེ་དག་ནི་རྒྱུ་འབྲས་རྡོ་རྗེ་འཛིན་པ་གཉིས་པོ་འདིའི་ཅོད་པན་གྱི་ལྷ་ཡང་རྒྱས་བཏབ་ཀྱི་ལྷ་ཡིན་པར་འདོད་ཅིང༌། དེ་ཡང་རིགས་མི་མཐུན་གྱི་རྒྱས་བཏབ་ཡིན་གྱི། རིགས་མཐུན་གྱི་རྒྱས་བཏབ་རྒྱུད་འདིར་བཀག་པ་ཡིན་ནོ་ཟེར་ཞིང༌། དེའི་ཕྱིར་རྒྱུ་མི་བསྐྱོད་པ་དང་འབྲས་བུ་རྡོར་སེམས་སུ་གྲུབ་བོ་སྙམ་ན། སྐབས་འདིའི་དབུ…
JTN003
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
ནི་རྒྱས་བཏབ་མི་བྱེད་མོད། བྱས་ན་སུས་རྒྱས་བཏབ་ཀྱང་གཞན་རིགས་སུ་མི་འགྱུར་ཞིང་རང་རིགས་ཉིད་དེ་ཀུན་ཁྱབ་ཡིན་པའི་ཕྱིར་རོ། །རང་རིགས་མཉམ་པོ་ལ་ཁ་དོག་དང་མཚན་མི་འདྲ་བ་འཚོལ་མི་དགོས་ཏེ། ཁ་དོག་གཅིག་པ་དང་མཚན་གཅིག་པ་ཉིད་ཀྱིས་རྒྱས་འདེབས་སོ། །དེས་ན་དུས་འཁོར་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་ལ་ཡེ་ཤེས་ཀྱི་ཕུང་པོ་དང་ཡེ་ཤེས་ཁམས་ཀྱ…
JTN003
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
བྱ་ཞིང༌། ཕྱག་མཚན་ནི་དུས་འཁོར་ཕྱག་བརྒྱད་པ་དང་འདྲ་བར་རུང་ངམ་སྙམ་མོ། །དེ་ཡང་སྙིང་གའི་རྩ་བཅུ་རྣམ་པར་དག་པ་ནུས་མ་བཅུ་དང༌། རྩ་དེ་ལ་སྤྱོད་པའི་རླུང་དང་ཁམས་བདུད་རྩི་འདྲེས་པ་རྣམ་པར་དག་པ་ནི་ཡབ་བཅུར་འགྱུར་ཞིང༌། འདི་ལ་ནི་གཙོ་མོ་སྣ་ཚོགས་ཡུམ་ལས་ལོགས་སུ་མཆོག་གི་ཆ་མ་དང་ཐིག་ལེ་མ་བསྒོམ་དགོས་པ་ཡིན་པས། དེ་དག་ཀྱང་སྟེང་འོག…
JTN003
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
པའི་ཚུལ་ཏེ་ཐ་དད་པའི་ཚུལ་ཅན་ཡོད་པའི་ཁྱབ་བྱེད་ཡིན་ལ། བཞི་པོ་ནམ་མཁའ་དང་ཡེ་ཤེས་མ་ཡིན་པས་ཡིན་པའི་ཁྱབ་བྱེད་དུ་མི་འགྱུར་ཞིང༌། འདི་ནི་ཁྱབ་བྱེད་ཀྱི་མིང་ཅན་ཉེ་ཚེ་བར་གཏོགས་པ་ཡིན་ནོ། །ཆོས་ཉིད་རིགས་མེད་པ་ནི་ཕུང་ཁམས་སོ་དྲུག་པོ་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ལ། ཐམས་ཅད་ཀྱི་ཆོས་ཉིད་ཀྱང་དེ་ཁོ་ན་ཡིན་པ་དང༌། ཕུང་ཁམས་སུ་སྣང་བ་གཞ…
JTN003
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
པས་གཏམ་གྱིས་འཕོངས་ཏེ། ཡེ་ཤེས་སུ་མཉམ་ཡང་ཕུང་པོ་དང་ཁམས་ཀྱི་རིགས་ཐ་དད་དུ་བྱུང་བས་གཞན་རིགས་སོ་ཞེས་ཅི་ཏོལ་སྨྲས་ནས། གཞན་ལ་མེད་པའི་ལེགས་བཤད་ཡིན་ནོ་ཞེས་སྒྲོག་ཅིང༌། དགག་སྒྲུབ་ཟིང་ཟིང་པོ་བ་དུ་མ་བྱེད་དོ། །ཕུང་པོ་དང་ཁམས་རིགས་གཞན་དུ་རྩི་བ་ནི། དུས་འཁོར་བ་ལ་སྔོན་མེད་ཀྱི་གཏམ་དུ་སྣང་ལ། དེའི་ཚེ་དབང་ཡུལ་རིགས་གཞན་དང༌། …
JTN003
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
མོད། དཀྱུས་སུ་བྱེད་པ་གསུང་དབང་གི་དཀྱིལ་འཁོར་ལ་གཙོ་བོའི་པད་འདབ་ཉིད་ལ་འགོད་པ་ཡིན་ཞིང༌། གཙོ་བོའི་པད་འདབ་ཀྱི་སྟེང་དུ་པདྨ་གཞན་བྱེད་པ་ནི་མཚན་བརྗོད་མངོན་རྟོགས་སོགས་ན་ཡོད་ཀྱང་ཤིན་ཏུ་མི་ལེགས་སོ།། །།གཉིས་པ་འཁོར་ལོ་རྣམ་བཞིའི་ལྷ་ཚོགས་སྤྲུལ་པ་ལ། སྔོན་འགྲོ་རྗེས་ཆགས་ཀྱི་མཛད་པ་དང༌། དངོས་གཞི་ལྷ་ཚོགས་ཉིད་བསྐྱེད་པའོ། …
JTN003
· ཏཱ་ར་ནཱ་ཐ།
དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ།
ཕྱིར་དུའོ། དང་པོ་ཡབ་ཀྱི་སྐུ་ལ་ཞུགས་པ་དང༌། དེ་ནས་ཡུམ་གྱི་སྐུ་ལ་ཞུགས་པ་གཉིས་ཡིན་ལ། སླར་ཡང་ཡབ་ཀྱི་སྐུ་ལ་ཞུགས་པ་ནི། བྱང་ཆུབ་ཀྱི་སེམས་སུ་ཞུ་བའི་ཆེད་དོ། །འདིར་འདོད་ཆགས་ཆེན་པོས་གདུལ་བའི་སེམས་ཅན་རྣམས་དང་པོའི་སངས་རྒྱས་ལ་གཞུག་པའི་ཆེད་ཅེས་གསུངས་པ་འདི། སྦྱང་བྱ་དང་རྫོགས་རིམ་གྱི་སྐབས་སུ་གསུངས་པའི་ཆེད་དུ་མི་འབྱོར་…