Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      226 results — page 9 of 12
      JTN012 · ཏཱ་ར་ནཱ་ཐ།
      ཟབ་ལམ་ནི་གུ་ཆོས་དྲུག་གི་གཞུང་ཁྲིད་མ་མོའི་ལྷན་ཐབས་ཁ་སྐོང་།
      དབུ་མའི་ལམ་ནས་བརྒྱུད་དེ། བླ་མའི་སྐུ་ལ་བབས་པས་ལྕགས་སྲེག་ལ་སྣུམ་བླུག་པ་བཞིན་དུ་སོར་སྒྲ་དང༌། ཚེག་སྒྲ་དང༌། འུར་རྒྱང་དང་བཅས་ཏེ། ལུས་ཀྱི་ནང་ཐམས་ཅད་མེ་ལྕེ་དྲག་པོས་འུར་འུར་ཤིག་ཤིག་ཏུ་ཁེངས་པར་བསམ། རླུང་ཐེངས་བདུན་སོགས་ཇི་ལྟར་འོས་པ་བསྒོམ། འདིས་དྲོད་ལ་བོགས་ཐོན། རྩ་ཟུག་རླུང་ཟུག་སེལ་བ་ལ་བསྔགས། སྤྱིར་བླ་མའི་བྱིན་ར…
      JTN012 · ཏཱ་ར་ནཱ་ཐ།
      ཟབ་ལམ་ནི་གུ་ཆོས་དྲུག་གི་གཞུང་ཁྲིད་མ་མོའི་ལྷན་ཐབས་ཁ་སྐོང་།
      མར་སྒོམ་ན། རྩ་རླུང་གི་གེགས་མི་འབྱུང་བ་ཡིན། བར་དུ་སྒོམ་ན་དམིགས་པ་གང་ལ་གཏད་ཀྱང་རླུང་སེམས་དབུ་མར་འཇུག་པའི་ཐབས་ཡིན། མཐར་སྒོམ་ན་འོད་གསལ་མཐའ་དབུས་མེད་པ་ནམ་མཁའ་ལྟ་བུ་འཆར། རྩ་བསྒོམས་པས་སྟོང་ཉིད་རྟོགས་བྱ་བ་དེ་ཡོང་བ་ཡིན་གསུངས། འོན་ཀྱང་རེ་ཞིག་སྟོང་པའི་ཉམས་ཙམ་འཆར་བའོ། །གེགས་རང་གྲོལ་གྱི་སྐབས། སྨད་ཀུན་དའི་གེགས་བས…
      JTN012 · ཏཱ་ར་ནཱ་ཐ།
      ཟབ་ལམ་ནི་གུ་ཆོས་དྲུག་གི་གཞུང་ཁྲིད་མ་མོའི་ལྷན་ཐབས་ཁ་སྐོང་།
      མའི་ལམ་བརྒྱུད། སྤྱི་བོའི་སྟེང་དུ་ཧཱུྃ་དང༌། ནོར་བུ་ཕྱི་ནང་ལོག་པ་རྒྱང་ངེ་འདུག་པར་བསམ། དེའི་རིང་ལ་རླུང་ཕྱིར་བཟུང་ངོ༌། །འདི་ཡང་ཡང་བསྒོམས་པས། གང་བས་འཛག་པ་དང༌། ཆགས་པས་འཛག་པ་དང༌། ནད་གཞིས་འཛག་པ་དང༌། རྨི་ལམ་དུ་འཛག་པ་སྟེ། དེ་རྣམས་ལ་ཤིན་ཏུ་བསྔགས། ལར་འཛག་པ་དྲུག་ཀར་ཆོད་དེ། འོན་ཀྱང་དམ་སེལ་གྱིས་འཛག་པ་ལ་བཤགས་བསྡམས་…
      JTN012 · ཏཱ་ར་ནཱ་ཐ།
      ཟབ་ལམ་ནི་གུ་ཆོས་དྲུག་གི་གཞུང་ཁྲིད་མ་མོའི་ལྷན་ཐབས་ཁ་སྐོང་།
      ལག་འཁྲུ་བ་ཡང་གལ་ཆེའོ། །དེ་ལྟར་བྱས་ན་མཁའ་འགྲོའི་བྱིན་རླབས་ཀྱི་སྟོབས་ཡིན་པས། དམིགས་པ་འདི་རྣམས་རྣོ་ཞིང་ཤིན་ཏུ་མྱུར་གསུངས། འོད་གསལ་གྱི་སྐབས། འཇག་ཆེན་གྱིས་བདག་མེད་མ་དཀར་མོར་བཤད། ལར་ཁར་སྔོན་གང་བྱས་ཀྱང་འདྲ་གསུངས། ཉམས་ལེན་གྱི་རྒྱུན་སྔོན་མ་ཉིད་ཀ་མཛད་དོ། །འབྱམས་གཅོད་ཀྱི་སྙིང་པོ་ནི། རྨི་ལམ་སྐབས་སུ་འབྱམས་ལ། མགྲ…
      JTN012 · ཏཱ་ར་ནཱ་ཐ།
      ཟབ་ལམ་ནི་གུ་ཆོས་དྲུག་གི་གཞུང་ཁྲིད་མ་མོའི་ལྷན་ཐབས་ཁ་སྐོང་།
      བཞི་པའི་ལྟེ་བར་ཨོཾ་དམར་པོ། འདབ་མ་བཞི་ལ། ཨ་ནུ་ཏ་ར། རླུང་བུམ་ཅན་དང༌། རྨི་ལམ་འཛིན་པའི་འདུན་པ་དྲག་ཏུ་སྦྱངས། ཉལ་ཁར་རྨི་ལམ་གྱི་འདུན་པ་དྲག་པོའི་ངང་ནས། ཨ་ཡིག་ནུ་ལ་ཐིམ། དེ་ཏ་ལ་དེ་ར་ལ། དེ་ཨོཾ་ལ་ཐིམ། ཨོཾ་ལ་རིག་པ་གཏད་པའི་ངང་ནས་གཉིད་དུ་འགྲོ་བར་བྱའོ། །དེས་འཁྲུལ་འབྱམས་སེལ་ལོ། །འོད་གསལ་གྱི་སྐབས་སུ་འཁྲུལ་འབྱམས་སེལ་བ…
      JTN012 · ཏཱ་ར་ནཱ་ཐ།
      ཟབ་ལམ་ནི་གུ་ཆོས་དྲུག་གི་གཞུང་ཁྲིད་མ་མོའི་ལྷན་ཐབས་ཁ་སྐོང་།
      ལ་ཟིན་ཡོང་བ་ཤས་ཆེ། ཡེ་མ་ཟིན་ན་བཙན་ཐབས་ཀྱི་སྦྱོར་བ་ནི། ད་ནི་ཞག་འདུན་སོགས་མྱུར་དུ་འཛིན་པར་བྱ་སྙམ་པའི་སྐབས། བླ་མའམ་མཆེད་གྲོགས་ལ་ཚོགས་འཁོར་གྱི་མཆོད་པ་ཕུལ། བཤགས་བསྡམ་བྱ། འོད་གསལ་ཟིན་པར་སྨོན་ལམ་བཏབ། དེ་ནས་བཟུང་ནུབ་རེ་བཞིན་མཁའ་འགྲོ་སྡེ་ལྔ་དང༌། མྱུར་མཛད་མགོན་པོའི་གཏོར་མ་བྱ་ཞིང༌། འོད་གསལ་ཟིན་པར་འཕྲིན་ལས་གཞོལ…
      JTN012 · ཏཱ་ར་ནཱ་ཐ།
      ཟབ་ལམ་ནི་གུ་ཆོས་དྲུག་གི་གཞུང་ཁྲིད་མ་མོའི་ལྷན་ཐབས་ཁ་སྐོང་།
      བཞི་ལ་ཕོག །འོད་དུ་ལྟེམ་ལྟེམ། དེ་ལས་འོད་འཕྲོས་རང་ལུས་འོད་དུ་ལྟཻམ་ལྟཻམ་པ། དེ་ལས་འོད་འཕྲོས་སྣང་བ་ཐམས་ཅད་འོད་དུ་ལྟེམ་ལྟེམ་པར་སོང༌། ཡང་ཧཱུྃ་ལ་སེམས་གཏད་ནས་རིག་སྟོང་སྐྱོང་བ་སོགས་དེ་ཀ་འདྲ་བ་ལན་ཁ་རེ་སོང་བ་ན། སྣང་བ་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། ཡང་ཧཱུྃ་ལ་སེམས་གཏད། རང་ལུས་འོད་དུ་ཞུ་ནས་ཡི་གེ་ལྔ་ལ་ཐིམ། ཡང་ཧཱུྃ་ལ…
      JTN012 · ཏཱ་ར་ནཱ་ཐ།
      ཟབ་ལམ་ནི་གུ་ཆོས་དྲུག་གི་གཞུང་ཁྲིད་མ་མོའི་ལྷན་ཐབས་ཁ་སྐོང་།
      མར་བཟུང་བ་དེ་རང་གི་སྔས་མགོའི་ཕྱོགས་སུ་བཤམས་དགོས། གཏོར་བསྔོའི་སྐབས་སུ་གུ་གུལ་དང༌། ཚིལ་ཆེན་གྱི་དུད་པ་བཏང་ངོ༌། །རང་ཉལ་བ་ལ་གྲོགས་དམ་ཚིག་ཅན་ཉམས་མྱོང་ཡོད་པ་དེ་འདྲས་འོད་གསལ་ཟིན་མ་ཟིན་ལྟ་བར་འཇུག་པ་སོགས་གོ་ཡུལ་སྤྱི་དང་འདྲ་མོད་ཀྱང༌། རྒྱུ་མཚན་དུ་མས་འགྲུབ་དཀའ་བའི་ཕྱིར་ལག་ལེན་དུ་མི་མཛད་དེ། དེ་ཕྱིན་གཏོར་མ་དམ་རྫས་…
      JTN012 · ཏཱ་ར་ནཱ་ཐ།
      ཟབ་ལམ་ནི་གུ་ཆོས་དྲུག་གི་གཞུང་ཁྲིད་མ་མོའི་ལྷན་ཐབས་ཁ་སྐོང་།
      འཐུག་པོ་ཐམས་ཅད་ལ་འོད་གསལ་རྟག་ཏུ་ཟིན་འོང་བ་ལ་ནི། ཤིན་ཏུ་ཡུན་རིང་གོམས་ཤིང་རྩེ་གཅིག་ཏུ་སྒོམ་དགོས་པ་ཡིན་ནོ། །དེ་ཡང་གསལ་སྟོང་གི་འོད་གསལ་ཙམ་དགེ་སྦྱོར་ཐུན་མོང་བ་ཡིན་ལ། བདེ་སྟོང་དབྱེར་མེད་ཀྱི་འོད་གསལ་ནི་དངོས་གཞིའོ། །རྨི་ལམ་འོད་གསལ་གཉིས་ཀར་ཀྱི་ཐུན་མོང་དུ་དམིགས་པ་གཏད་རེས་ཀྱི་གཉིད་མི་ཕེབས་ན། རང་གི་སྙིང་གར་མུཾ་…
      JTN012 · ཏཱ་ར་ནཱ་ཐ།
      ཟབ་ལམ་ནི་གུ་ཆོས་དྲུག་གི་གཞུང་ཁྲིད་མ་མོའི་ལྷན་ཐབས་ཁ་སྐོང་།
      གཞན་ལ་ལན་བརྟུལ་འབྱམས་སུ་གྲགས། རྨི་ལམ་ཟིན་མ་ཐག་འཁྲུལ་འགྲོ་ན། མན་ངག་འདིའི་ལུགས་ཀྱི་འཁྲུལ་འབྱམས་སྟོབས་ཆུང་བ་ཟེར། །ནཱ་རོའི་གདམས་པར་གྲགས་པ་རྣམས་ན་དྲེད་འབྱམས་ཟེར། གཉིད་ཀྱི་འོད་གསལ་ལ་དྲེད་འབྱམས་འདི་ཆེར་མི་འོང༌། རྨི་ལམ་འདི་རང་མང་བས་སེལ་ཐབས་གལ་ཆེ། ཉལ་ཁར་འདུན་པ་བཏང་རེས་ཀྱི། རྨི་ལམ་འཛིན་པའི་སྐབས་ཡིན་ན། གཉིད་འཐ…
      JTN012 · ཏཱ་ར་ནཱ་ཐ།
      ཟབ་ལམ་ནི་གུ་ཆོས་དྲུག་གི་གཞུང་ཁྲིད་མ་མོའི་ལྷན་ཐབས་ཁ་སྐོང་།
      ནོ། །འབྱམས་པ་ཞེས་པ་ལན་རེ་ལན་གཉིས་ལ་མི་ཟེར་གྱི། ཡང་ཡང་བྱུང་བས་ལང་ཤོར་ཆེན་པོར་སོར་བའི་མིང་ངོ༌། །འོན་ཀྱང་མ་འབྱམས་གོང་ཐོག་མ་ནས་ཀ་གཅོད་པ་གལ་ཆེ་གསུང༌། དེ་དག་ཀྱང་ངང་ཐུང་ཞིང་འདོད་ཐག་ཉེ་བའི་དབང་དུ་བྱས་ཀྱི། རྩིས་བཏབ་མེད་པར་རྟག་ཏུ་ཉམས་སུ་ལེན་པ་ལ་ནམ་ཞིག་ན་འབྱམས་པ་ཐམས་ཅད་རང་ཤུགས་ཀྱིས་ཆོད་པར་འགྱུར་རོ། །འཕོ་བའི་སྐ…
      JTN012 · ཏཱ་ར་ནཱ་ཐ།
      ཟབ་ལམ་ནི་གུ་ཆོས་དྲུག་གི་གཞུང་ཁྲིད་མ་མོའི་ལྷན་ཐབས་ཁ་སྐོང་།
      པར་གྱུར། དེ་ལྟ་བུ་ལན་གསུམ་བསྒོམ། དེ་ནས་རང་ཉིད་ཧེ་རུ་ཀ་ཡབ་རྐྱང་དུ་གྱུར། ལུས་ཀྱི་དབུས་སུ་རྩ་དབུ་མ་སྤྱི་དང་འདྲ། ལྟེ་བར་རྣམ་ཤེས་ཀྱི་ངོ་བོ་ཨ་དཀར་པོ་དང༌། གསང་གནས་སུ་རླུང་གི་ངོ་བོ་ཧཱུྃ་སྔོན་པོ་འོད་འཕྲོ་བ་ཞིག་གསལ་བཏབ། འཇམ་རླུང་ཅུང་ཟད་བཟུང༌། རླུང་ཕྱིར་བསལ་བའི་ཚེ་ཧི་ཀ་རིང་པོ་བརྗོད། དེའི་ཚེ་གསང་བའི་ཧཱུྃ་གི་རླུ…
      JTN012 · ཏཱ་ར་ནཱ་ཐ།
      ཟབ་ལམ་ནི་གུ་ཆོས་དྲུག་གི་གཞུང་ཁྲིད་མ་མོའི་ལྷན་ཐབས་ཁ་སྐོང་།
      སེམས་ཀྱིས་གང༌། ཉམས་བདེ་བས་ཁྱབ་པ་ལ་ཅུང་ཟད་མཉམ་པར་བཞག །དེ་ལྟ་བུ་ཡང་ཡང་བསྒོམ་པ་ཡིན། ཐུན་འཇོག་ཁར་རྡོ་རྗེ་རྣལ་འབྱོར་མ་ཆོས་འབྱུང་དང་བཅས་པ་འོད་དུ་ཞུ། སྤྱི་བོ་ནས་ཞུགས་ཏེ་རང་ཉིད་ལ་ཐིམ། སྤྱི་བོ་ཚངས་བུག་གི་སྒོ་ཡང་བཾ་ཡིག་དམར་པོ་མགོ་བོ་ཐུར་དུ་བལྟ་བ། འོད་ཟེར་འཕྲོ་བས་བཀག་པར་བསམ། འཆུག་མེད་མཁའ་སྤྱོད་ཀྱི་འཕོ་བ་འདི་ལ་…
      JTN012 · ཏཱ་ར་ནཱ་ཐ།
      ཟབ་ལམ་ནི་གུ་ཆོས་དྲུག་གི་གཞུང་ཁྲིད་མ་མོའི་ལྷན་ཐབས་ཁ་སྐོང་།
      གང་ཕྱིར་འདི་ལ་གཞན་དྲིང་མི་འཇོག་ཅུང་ཟད་གོམས་པའི་སྣང་བའང་ཐོབ། །ཅེས་བྱའོ། །༈ ན་མོ་གུ་རུ། རིན་པོ་ཆེ་འོད་ཀྱི་ཕྲེང་བ་ཞེས་པའི་མན་ངག་གི་གཞུང་མཉམ་མེད་རིན་ཆེན་བརྩོན་འགྲུས་ཀྱིས་མཛད་པ་དེའི་ཉམས་ལེན་གྱི་སྙིང་པོ་ནི། མན་ངག་ཐམས་ཅད་ལུས་གསུམ་ལ་གནད་དུ་བསྣུན་པར་འདུས་པ་ཡིན། དེ་ལ་རྣམ་སྨིན་གྱི་ལུས་ནི། རྩ་བ་དུག་གསུམ་གྱི་བསྐ…
      JTN012 · ཏཱ་ར་ནཱ་ཐ།
      ཟབ་ལམ་ནི་གུ་ཆོས་དྲུག་གི་གཞུང་ཁྲིད་མ་མོའི་ལྷན་ཐབས་ཁ་སྐོང་།
      འཁྲུལ་བ་དེ་ལ་བརྟེན་ལུས་ཀྱི་རྒྱུ་བྱས་པས་ལུས་ལ་གནད་དུ་བསྣུན་པ་ཞིག་དགོས་སོ། །དེ་ལ་འདུན་པ་རྒྱུན་ཆགས་དང༌། མན་ངག་བཙན་ཐབས་གཉིས་སོ། །དེས་ན་དང་པོ་ནི། བརྒྱུད་པའི་བླ་མ་སོགས་སྐྱབས་གནས་ཐམས་ཅད་རྩ་བའི་བླ་མ་ལ་བསྟིམ་སྟེ། གསོལ་བ་རྒྱུན་ཆད་མེད་པར་བཏབ། རང་ལུས་དང་སྣང་བ་ཐམས་ཅད་བདེ་མེད་སྒྱུ་མ་ལྟ་བུའི་འདུན་པ་དྲག་ཏུ་སྦྱང༌། །…
      JTN012 · ཏཱ་ར་ནཱ་ཐ།
      ཟབ་ལམ་ནི་གུ་ཆོས་དྲུག་གི་གཞུང་ཁྲིད་མ་མོའི་ལྷན་ཐབས་ཁ་སྐོང་།
      གནས་ཚུལ་ལ་ཅུང་ཟད་ཀྱང་མ་གྲུབ་པར་ཡང་ཁྱད་པར་མེད། སྒྱུ་མ་ལྟ་བུའོ་སྙམ་འདུན་པ་དྲག་ཏུ་སྦྱོང༌། དེ་ལྟར་ནན་ཏན་ཏུ་བསྒོམས་པས་རྨི་ལམ་ཟིན་ནི་འོང༌། སྦྱོང་བ་ལ་ཡ་བག་ཚ་བྱུང་ན། ད་ལྟའི་བདེན་ཞེན་གྱི་འགབ་འདྲེ་འབྲངས་པ་ཡིན་པས། དེ་ལ་འདི་སྙམ་དུ་ན་ཚ་སྡུག་བསྔལ་བསྐྱེད་པའི་ལུས་དེ་མལ་ན་ཡོད། འདི་ནི་ཡིད་ཀྱི་ལུས་ཡིན་ན་འཇིགས་རྒྱུ་སོག…
      JTN012 · ཏཱ་ར་ནཱ་ཐ།
      ཟབ་ལམ་ནི་གུ་ཆོས་དྲུག་གི་གཞུང་ཁྲིད་མ་མོའི་ལྷན་ཐབས་ཁ་སྐོང་།
      སྟོང་དུ་ཤར་བར་བྱ། སྣང་སྟོང་བདེ་བ་དཔེ་དང་བསྲེ། །དེ་དོན་དང་བསྲེ། དེ་ཟུང་འཇུག་ཏུ་བསྲེ་བའོ། །གཞན་ཡང་སྒྱུ་མའི་དཔེ་གསུམ་གྱིས་མཚོན་པ་དང༌། འདོད་ཆགས་དང་བྲལ་བ་དང༌། ཤེས་རབ་རྣམ་གསུམ་དང༌། རྣམ་ཐར་གསུམ་དང༌། ཕྱི་དང་ནང་གི་ཕར་ཕྱིན་དྲུག་དང༌། ཕྱག་རྒྱ་བཞི་དང༌། དགའ་བ་བཞི་དང༌། ཏིང་འཛིན་གསུམ་སོགས་ཐམས་ཅད་དེ་ཀ་ལ་ཚང༌། རྨི་ལམ་…
      JTN012 · ཏཱ་ར་ནཱ་ཐ།
      ཟབ་ལམ་ནི་གུ་ཆོས་དྲུག་གི་གཞུང་ཁྲིད་མ་མོའི་ལྷན་ཐབས་ཁ་སྐོང་།
      པ་བཅུག་ཅིང་རླུང་ཡང་ཅུང་ཟད་བསྡམས། ཉིན་མཚན་དུ་དེ་ལྟར་བསྒོམས་ན། ཉིན་མཚན་ཀྱི་འོད་གསལ་གཉིས་ཀར་འཆར། འོད་གསལ་གྱི་མན་ངག་བསྒོམ་བདེ་ཞིང༌། དམིགས་པ་གསལ་འདུས་ཟབ་པ་འདི་ལྟ་བུ་གཞན་ལ་མེད། གྲུབ་ཐོབ་ལྭ་བ་པའི་གདམས་ངག་ཡིན་གསུང༌། ཡང་སྨིན་ཕྲག་གནད་ཀྱི་སྒོར། ཐིག་ལེ་དཀར་ལ་འཚེར་བ། སྣུམ་ལ་འདྲིལ་བ། ཆེ་སྟེ་མཐེ་བོང་ཙམ། ཆུང་ན་རྒྱ་…
      JTN012 · ཏཱ་ར་ནཱ་ཐ།
      ཟབ་ལམ་ནི་གུ་ཆོས་དྲུག་གི་གཞུང་ཁྲིད་མ་མོའི་ལྷན་ཐབས་ཁ་སྐོང་།
      གནད་གཅིག་ཅིང༌། ལྭ་བ་པ་དང་ནི་གུ་མ་གཉིས་ཀྱང་གདམས་ངག་བྱིན་རླབས་ཀྱི་རྐང་གཅིག་པར་བཤད་པས། ནི་གུའི་ཆོས་དྲུག་དང་མ་འབྲེལ་བ་མ་ཡིན་ནོ། །འདི་ཡང་གཏུམ་མོ་མ་གཏོགས་བསྲེ་བ་སྒྱུ་ལུས་ཀྱི་གནད་ཀུན་རྫོབ་པ་མན་ངག་གི་རྐང་ཡོངས་སུ་ཚང་བ་ཞིག་གོ །རིན་ཆེན་འོད་ཕྲེང་གི་མན་ངག་གོ །༈ ལམ་དྲི་མེད་འོད་ཕྲེང་ལས་ཆོས་དྲུག་གི་སྙིང་པོ་འདི་ཙམ་ག…
      JTN012 · ཏཱ་ར་ནཱ་ཐ།
      ཟབ་ལམ་ནི་གུ་ཆོས་དྲུག་གི་གཞུང་ཁྲིད་མ་མོའི་ལྷན་ཐབས་ཁ་སྐོང་།
      ཚུལ་གྱིས་ལེན། གདམས་ངག་འདིའི་དབང་དུ་བྱས་ན། བསྲེ་བ་སྒྱུ་ལུས་སྤྱིའི་ཚར་གསུམ་ཁུག་པ་ཡིན་གསུང༌། ལར་གཏུམ་མོའི་དབང་ཡིན། ཁྲིད་འདི་འབོགས་ན། གཏུམ་མོའི་དབང་འདི་ཀ་སྒོ་འབྱེད་ཀྱི་དབང་དུ་བསྐུར་བ་ཡིན་པར་བཤད་དོ། །རྨི་ལམ་འཛིན་པའི་དམིགས་པ་གསུམ་ཡོད། དམིགས་པ་དང་པོ་ནི། སྤྱི་བོར་ཧཾ་དཀར་པོ། །གསང་བར་ཕཊ་དམར་སྐྱ། ཧཾ་ལས་ཐིག་ལེ་…