Author
About 40% of texts have an author recorded — this list will grow as more are attributed.
185 results
— page 5 of 10
GLG024
· ངག་དབང་བློ་བཟང་རྒྱ་མཚོ།
དབང་ཆེན་ཡང་གསང་ཁྲོས་པའི་ལས་བྱང་སྙིང་པོ་བཅུད་བསྡུས།
བཞེངས་པ། །དབང་ཆེན་ཁྲོས་པའི་རྒྱལ་པོ་བཞེངས། །ལྷ་ཚོགས་འཁོར་དང་བཅས་པ་རྣམས། །གནས་འདིར་སྤྱན་འདྲེན་བཞུགས་སུ་གསོལ། །ཨེ་ཧྱེ་ཧི་བྷ་ག་ཝན་མ་ཧཱ་ཀ་རུ་ཎི་ཀ་ཏྲི་ཤྱ་ཧོ༔ ས་མ་ཡ་ཛ༔ ས་མ་ཡ་སྟྭཾ། བཞུགས་གསོལ་ནི། ཛཿ ཧཱུཾ་བཾ་ཧོ༔ ས་མ་ཡ་སྟཾ། ཕྱག་འཚལ་ནི། ཨ་ཏི་པུ་ཧོ༔ པྲ་ཏི་ཛ་ཧོ༔ མཆོད་པ་འབུལ་བ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པདྨེ་ཤྭ་ར་…
GLG024
· ངག་དབང་བློ་བཟང་རྒྱ་མཚོ།
དབང་ཆེན་ཡང་གསང་ཁྲོས་པའི་ལས་བྱང་སྙིང་པོ་བཅུད་བསྡུས།
ཧཱུཾ། ཨཱོཾ་བཛྲ་སྥོ་ཊ་བཾ། ཨཱོཾ་བཛྲ་གཎྜེ་ཧོ༔ ཧཱུཾ། ཁྲོ་རྒྱལ་རྔམ་པ་རྟ་མཆོག་དཔལ། །དཔལ་གྱི་སྐུ་གསུང་ཐུགས་མཆོག་ལས། །མཆོག་གི་དངོས་གྲུབ་ཡེ་ཤེས་དབྱིག །དུས་འདིར་རྣལ་འབྱོར་བདག་ལ་སྩོལ། །ཨཱོཾ་པདྨཱནྟ་ཀྲྀ་ཏ་པདྨེ་ཤྭ་རི་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་ཝ་མ་མ་ཏྲག་མོ་དུན་ཏི་ཧྲཱིཾ་ཧྲཱིཾ་ཛ༔ ཨཱོཾ་པདྨ་ཀྲོ་དྷ་ཀཱ་ཡ་ཝ་ཀ་ཙིཏྟ་སིདྡྷི་ཨ་ལ་…
GLG024
· ངག་དབང་བློ་བཟང་རྒྱ་མཚོ།
དབང་ཆེན་ཡང་གསང་ཁྲོས་པའི་ལས་བྱང་སྙིང་པོ་བཅུད་བསྡུས།
མ་ལཱ་ཡ་སྟྭཾ། ཨཱོཾ་རཱ་ཧུ་ལ་མ་ར་ཙ་ཤ་ཡ་ཨི་དཾ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། ཧཱུཾ། ཕྱོགས་བཞི་བར་སྣང་ནམ་མཁའི་ཀློང་ཡངས་ནས། །དམ་ཅན་བཀའ་སྡོད་གཟའ་གདོང་ལྕམ་དྲལ་ཀྱང་། །ལས་སུ་སངས་རྒྱས་བསྟན་པ་བསྲུང་མཛད་ཅིང་། །ཟས་སུ་དགྲ་བོའི་ལོ་ཏོག་ནར་མར་གསོལ། །དགྲ་བགེགས་ཡུལ་ཁམས་ཐལ་བར་རློག་བྱེད་པའི། །གཟའ་གདོང་དྲེགས་པ་ཅན་ལ་ཕྱག་འཚལ་བསྟོད། །ཕ…
GLG024
· ངག་དབང་བློ་བཟང་རྒྱ་མཚོ།
དབང་ཆེན་ཡང་གསང་ཁྲོས་པའི་ལས་བྱང་སྙིང་པོ་བཅུད་བསྡུས།
དངོས་གྲུབ་འཆི་མེད་བདུད་རྩིས་ལེགས་གཏམས་ནས། །མཆོག་ཐུན་དོན་ཀུན་གྲུབ་པའི་རྡོ་རྗེའི་སྲོག །བསྒྲུབ་མཛད་རྟ་མགྲིན་ལྷ་ཚོགས་བཀྲ་ཤིས་ཤོག །ཅེས་དབང་ཆེན་ཡང་གསང་ཁྲོས་པའི་ལས་བྱང་སྙིང་པོ་བཅུད་བསྡུས་འདི་ནི་མཆོད་དཔོན་ངག་དབང་ཤེས་རབ་ཀྱི་ཉམས་ལེན་དུ་དགོས་ཚུལ་ལྟར་ཟ་ཧོར་སྔགས་བན་གྱིས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་སྨྲ་བ་པ་བསམ་མ…
GLG024
· ངག་དབང་བློ་བཟང་རྒྱ་མཚོ།
པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་རིན་ཆེན་དབང་གི་འདོད་འཇོ།
པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་རིན་ཆེན་དབང་གི་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །
GLG024
· ངག་དབང་བློ་བཟང་རྒྱ་མཚོ།
པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་རིན་ཆེན་དབང་གི་འདོད་འཇོ།
ན་མོ་གུ་རུ་ཤྩ་གྷོ་རོཏྟ་མ་ཤྲི་ཡེ། ཡེ་དག་མཚན་མའི་སྤྲོས་པ་ཀུན་བྲལ་འོད་མི་འགྱུར་བ་ཆོས་ཀྱི་སྐུ། །གཏུམ་དྲག་མཚོན་གྱིས་བདུད་བཞིའི་སྙིང་འབིགས་ཁྲག་འཐུང་རྟ་མགྲིན་ལོངས་སྤྱོད་རྫོགས། །འཆི་མེད་འཕོ་ཆེན་འཇའ་ལུས་ཡོངས་བརྙེས་པདྨ་ཐོད་ཕྲེང་སྤྲུལ་པའི་གར། །སྐུ་གསུམ་སྒྱུ་འཕྲུལ་ཞབས་པད་ཆུན་པོ་གཙུག་ཏོར་རྩེར་འཆིང་བདག་བྱིན་རློབས…
GLG024
· ངག་དབང་བློ་བཟང་རྒྱ་མཚོ།
པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་རིན་ཆེན་དབང་གི་འདོད་འཇོ།
མ་ཉམས་རང་བཟོའི་ལྷད་དང་ཉེར་བྲལ་བའི། །ཡིད་བཞིན་དབང་གི་འདོད་པ་འདི་ན་འཇོ། །དེའང་ཡེ་ཤེས་རྔམ་གློག་ལས། སྒོམ་དང་བཟླས་དང་འཕྲོ་འདུལ་སྔགས། །ཏིང་འཛིན་མེ་དང་འདྲ་བ་ལ། །བཟླས་བརྗོད་རླུང་དང་འདྲ་བསྐྱོད་ནས། །སྒྲིབ་པའི་བུད་ཤིང་བསྲེག་པར་འགྱུར། །ཞེས་དང་། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་…
GLG024
· ངག་དབང་བློ་བཟང་རྒྱ་མཚོ།
པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་རིན་ཆེན་དབང་གི་འདོད་འཇོ།
པས་དངོས་ཉམས་རྨི་ལམ་དུ་བྱིན་གྱིས་བརླབ་ཅིང་དངོས་གྲུབ་སྩོལ་བས་དེ་ལྟ་བུའི་མཚན་རྟགས་མ་རྙེད་ཀྱི་བར་དུ་ཉམས་སུ་བླང་བ་ཡིན་ནོ། །ཇི་ལྟར་ཉམས་སུ་བསྟར་བྱའི་ཆོས་ནི་ཀུན་བཟང་རྡོ་རྗེ་འཆང་ཆེན་པོས་དབང་ཆེན་རྔམས་པའི་རྒྱལ་པོའི་སྐུར་བཞེངས་ནས་རྒྱུད་ལེའུ་བཅུ་གསུམ་པ་བཀའ་སྩལ། སངས་རྒྱས་གཉིས་པ་དཔལ་ཨྱོན་ཆེན་པོས་བྱང་བུ་དྲུག་དང་སྐབ…
GLG024
· ངག་དབང་བློ་བཟང་རྒྱ་མཚོ།
པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་རིན་ཆེན་དབང་གི་འདོད་འཇོ།
ནས་ལྗགས་ཀྱི་དབང་པོ་རྐྱོང་བ་ཆེས་ཉུང་མོད་མུས་སྲད་པ་དཔལ་ལྡན་སེང་གེ་ཡབ་སྲས། རྭ་ཆེན་ཆོས་དཔལ་བཟང་པོས་མཚན་རྫོང་ཆུང་ངུ་བའི་མཁས་གྲུབ་དུ་མ་དང་རྡོ་རྗེ་འཆང་ཚར་པ་ཆོས་རྗེ་ཡབ་སྲས་ཀྱིས་ཨཽཌྜི་ཡཱ་ནའི་ཨཱ་ཙཱཪྻ་རྒན་པོ་དང་གན་ཇག་ཐང་ཏ་གཉིས་ཀྱི་བཞེད་གཞུང་ལ་གསར་མའི་ལྷད་དང་གཏེར་ཁ་གཞན་འདྲའི་རྒྱས་འགེབས་དང་བྲལ་བའི་སྲོལ་ལེགས་པར་བ…
GLG024
· ངག་དབང་བློ་བཟང་རྒྱ་མཚོ།
པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་རིན་ཆེན་དབང་གི་འདོད་འཇོ།
ཕྱོགས་རེའི་མིག་ཅན་དུ་མ་སོང་བར་རྩ་བརྒྱུད་ཀྱི་སྟེང་དུ་དྲིལ་བ། སྒྲུབ་ཐབས་བྱང་བུའི་སྟེང་དུ་དྲིལ་བ། མན་ངག་ལས་ཚོགས་ཀྱི་སྟེང་དུ་དྲིལ་ཤེས་པ་ཞིག་དགོས་ཞེས་པཎ་ཆེན་ཆོས་ཀྱི་རྒྱལ་པོ་པདྨ་དབང་རྒྱལ་རྡོ་རྗེ་སོགས་ཆོས་ཀྱི་སྤྱན་ལྡན་རྣམས་གསུང་ལ། དེ་ལའང་སྔོན་འགྲོ་གནས་དུས་ཡོ་བྱད་འདུ་བྱ་བ། དངོས་གཞི་བསྙེན་སྒྲུབ་ཟུང་འབྲེལ་དུ་…
GLG024
· ངག་དབང་བློ་བཟང་རྒྱ་མཚོ།
པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་རིན་ཆེན་དབང་གི་འདོད་འཇོ།
དམན་པ་ནག་ཕྱོགས་གདོན་དང་འཐབ་རྩོད་ནད་བསྐྱེད་པ་སོགས་རྐྱེན་རྣམས་ལས་རིང་དུ་གྱུར་པ། ཆོས་ལྡན་གྱི་རྒྱལ་པོས་སྐྱོང་ཞིང་གྲུབ་ཐོབ་གོང་མའི་ཚོགས་ཀྱིས་བྱིན་གྱིས་བརླབས་པ་དང་སྤྱིར་ཡང་གནམ་འཁོར་ལོ་རྩིབས་བརྒྱད། ལོགས་བཀྲ་ཤིས་རྟགས་བརྒྱད། ས་པདྨ་འདབ་བརྒྱད། ཤར་གྱི་སྟག་སྐྱ་བོ། ལྷོའི་གཡུ་འབྲུག་སྔོན་མོ། ནུབ་ཀྱི་བྱ་དམར་པོ། བྱང་…
GLG024
· ངག་དབང་བློ་བཟང་རྒྱ་མཚོ།
པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་རིན་ཆེན་དབང་གི་འདོད་འཇོ།
བའི་རྒྱུད་རྣམས་ལས་བྱུང་བ་ལྟར་བསྙེན་སྒྲུབ་ལ་ཤིས་པ་ངེས་པར་བསྒྲིག་ཅིང་གཟའ་ཚེས་འཛོམ་ན་ཡར་ངོ་དང་མར་ངོ་གང་བདེ་བ། དུས་ཚོད་ཇི་སྐད་དུ། ཉི་མ་ཆུང་བར་གྱུར་པ་ནི། །ལྷ་ཡང་བྱིན་གྱིས་རླབས་ཀྱི་འདུ། །ཞེས་ལྷ་དབང་དུ་བྱེད་པའི་རྟེན་འབྲེལ་གྱིས་སྲོད་ཐུན་ནས་འཛུགས། གནམ་སའི་རྒྱན། དཀྱིལ་འཁོར་མཆོད་རྫས། སྒྲུབ་རྟེན་སྤྱན་གཟིགས། །ནད…
GLG024
· ངག་དབང་བློ་བཟང་རྒྱ་མཚོ།
པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་རིན་ཆེན་དབང་གི་འདོད་འཇོ།
བྲིས་འབུར་གྱི་སྐུ་དང་བླ་མ་གོང་མའི་ཐུགས་དམ་རྟེན་ནམ། རྒྱུ་བྱིན་རླབས་བྲི་ཚུལ་མཚན་ཉིད་དང་ལྡན་པ་གསར་བསྐྲུན་རབ་གནས་ཅན་ཡང་རུང་བས་ཡང་གསང་ཁྲོས་པའི་བྲིས་འབུར་གྱིས་སྐུ་བཤམས། སྟེགས་བུའམ་ཅོག་ཙེ་ལྟ་བུ་ཇི་ལྟར་འཚམ་པར་བདུད་རྩི་ལྔའི་སྐྱང་ནུལ་དང་ཆག་ཆག་གདབ། སྤྱིར་དཀྱིལ་འཁོར་ལ་ཏིང་འཛིན། རྡུལ་ཚོན། རས་བྲིས་གསུམ་དུ་བཤད་པའི…
GLG024
· ངག་དབང་བློ་བཟང་རྒྱ་མཚོ།
པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་རིན་ཆེན་དབང་གི་འདོད་འཇོ།
བའི་ལུགས་འདི་ནི་བདེ་མཆོག་ཨ་བྷི་དྷ་ནར་གསུངས་པ་ལ་བརྟེན་ནས་སློབ་དཔོན་རྡོ་རྗེ་དྲིལ་བུ་པ་དང་སློབ་དཔོན་དགའ་རབ་རྡོ་རྗེ་ལ་སོགས་པས་གསུངས་ལ། དིང་སང་རྒྱ་གར་གྱི་ཡུལ་ན་ཡང་ཆོ་ག་ཕལ་ཆེར་འདི་ཉིད་ལ་མཛད་པས་བླ་མ་གོང་མ་རྣམས་ཀྱང་ཕལ་ཆེར་ཕྱག་ལེན་འདི་ལ་མཛད་པས་ལུགས་འདི་ཧ་ཅང་མ་ལེགས་པ་མ་ཡིན་ནོ། །ཞེས་པའི་དགོངས་དོན་ལྟར་དུས་དང་གཟ…
GLG024
· ངག་དབང་བློ་བཟང་རྒྱ་མཚོ།
པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་རིན་ཆེན་དབང་གི་འདོད་འཇོ།
མ་དབྱིབས། །བསྒོམ་པ་ཏིང་ངེ་འཛིན། གསང་བ་བྱང་ཆུབ་ཀྱི་སེམས། གནས་ལུགས་དོན་གྱི་དཀྱིལ་འཁོར་བཞི་ག་ཚང་བའི་སྒོ་ནས་ཉམས་སུ་ལེན་དགོས་ལ། མུས་སྲད་པ་དཔལ་ལྡན་སེང་གེས། ཐོག་མར་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་སྟེང་དུ་བནྡྷ་བཀོད། ཅེས་སོགས་གསུངས་པའི་དོན་ལྟར། མན་ངག་སྦས་པ་མིག་འབྱེད་ལས། མཆོག་སྒྲུབ་གླིང་ལྔའི་ཐོད་པ་ལ། །སྐྱེས་པ་བ…
GLG024
· ངག་དབང་བློ་བཟང་རྒྱ་མཚོ།
པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་རིན་ཆེན་དབང་གི་འདོད་འཇོ།
སྔོན་པོ་དར་ལ་ཡུམ་བྲིས་ལ། །ཕྱག་གཉིས་དབང་དང་སྤུ་གྲི་བྲི། །ཞབས་གཉིས་ཐོག་དང་སེར་བ་བྲི། །སྔགས་གཞན་དགོད་པ་ཡབ་ལྟར་དུ། །ཤེས་རབ་ལྡན་པའི་རིག་པས་དཔྱད། །དགུག་བསྟིམ་རབ་གནས་ལེགས་བྱས་ལ། །སྐྱེས་པ་དར་མའི་གྲི་སྙིང་གི །དབུ་ནི་གྱེན་དུ་བསྟན་པ་ཡི། །སྲོག་པ་རྩ་ཡི་ནང་དུ་གཞུག །གཞན་ཡང་ཉེར་ལྔའི་བཅུད་བཅུག་ཅིང་། །གཡས་སུ་སྐྱེས་པ་…
GLG024
· ངག་དབང་བློ་བཟང་རྒྱ་མཚོ།
པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་རིན་ཆེན་དབང་གི་འདོད་འཇོ།
ཀུན་རྫོབ་ཐབས་དང་དོན་དམ་ཤེས་རབ་གཉིས་ཀྱི་ཀུན་རྫོབ་ལ་རྒྱལ་པོ་བཞི་ལ་འཕྲིན་ལས་གཞོལ་བ་ནི་བཅོལ་བ་ཕྱིའི་མཚམས་ཏེ་རྒྱལ་པོ་དབང་དུ་འདུས་ན་འབངས་དབང་དུ་འདུས་པ་དང་འདྲ་བས་ཕྱོགས་བཞིའམ་གནས་ཀྱིས་བསྐལ་ན་སྒོ་དྲུང་དུ་ཐོ་དཀར་པོ་བཞི་བརྩིགས་པའི་མདུན་དུ་མཆོད་གཏོར་བཤམ། བྱིན་རླབས་བསྐྱེད་ཆོག་སྤྱན་འདྲེན་མཆོད་བསྟོད་སོགས་ཕུར་ལྷ་ཁྲ…
GLG024
· ངག་དབང་བློ་བཟང་རྒྱ་མཚོ།
པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་རིན་ཆེན་དབང་གི་འདོད་འཇོ།
སྟེང་དུ། །ཞེས་སོགས་བརྗོད་དེ་དཔའ་བོ་རྐྱང་གཅིག་ཏུ་བསྐྱེད། ཁྲོ་བོ་རོལ་པའི་མཚམས་ནི་རང་ལྷར་གསལ་བའི་ཐུགས་ཀའི་ཧྲཱིཿལས་ཁྲོ་བོའི་ཚོགས་ཆེ་བ་རི་རབ་ནས་ཆུང་བ་རྡུལ་ཕྲན་གྱི་བར་གྲངས་མེད་པ་སྤྲོ། སྣ་ཚོགས་མཚོན་ཆའི་མཚམས་ནི། རྡོ་རྗེ་རལ་གྲི་གྲི་གུག་དགྲ་སྟ་སོགས་དཔག་ཏུ་མེད་པ་བུ་ཡུག་ལྟར་འཚུབ་པའི་རྩ་བ་ནང་དུ་བསྟན་ནས་ཕྱིར་འཕྲོ…
GLG024
· ངག་དབང་བློ་བཟང་རྒྱ་མཚོ།
པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་རིན་ཆེན་དབང་གི་འདོད་འཇོ།
བྲལ་ལོ། །གླུ་བྲོའི་མཚམས་ནི། དབང་པོ་རབ་ཀྱིས་བྲོ་བྱེད་དེ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་སོགས་ཀྱི་དཀྱིལ་འཁོར་དུ་འཕྲིན་ལས་སོ་སོའི་བྲོ་བརྡུངས་པས་དུག་སོ་སོ་འཇོམས་པ་ཡིན་ནོ། །སྟོང་ཉིད་བཙན་ཐབས་སུ་བསྒོམ་པའི་མཚམས་ནི། ཤཱུ་ནྱ་ཏཱ་སོགས་བརྗོད་ནས། སྤྱིར་ཆོས་ཐམས་ཅད། ཁྱད་པར་བཅད་བྱའི་བགེགས། བཅད་པའི་མཚམས། གཅོད་བྱེད་གདམས་…
GLG024
· ངག་དབང་བློ་བཟང་རྒྱ་མཚོ།
པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་རིན་ཆེན་དབང་གི་འདོད་འཇོ།
ཐབས་ཤེས་ཡབ་ཡུམ་ཟུང་དུ་འཇུག་པའི་རང་བཞིན་མཚོན་པ་དབུས་སུ་དགོད་ནའང་སྒྲུབ་རྟེན་གྱི་དབང་གིས་རྒྱབ་ཏུ་མཛད་རུང་སྒྲུབ་ཐོད་མ་འབྱོར་ན་སྒྲུབ་གཏོར་ལ་བརྟེན་དགོས་པས་དབུས་སུ་དགོད། བྱང་དུ་ལྕང་ལོར་བཅས་པའི་བྷནྡྷའམ་གང་ཡང་རུང་བར་རྩ་བ། དངས་མ། ཕལ་པ། ཡོངས་སྦྱོར་གྱི་རཀྟ་དམར་པོ་ཤེས་རབ་ཀྱི་རང་བཞིན་ཡུམ་མཚོན་པ་གཡོན་དུ་འབྱུང་། གྲ…