Author
About 40% of texts have an author recorded — this list will grow as more are attributed.
870 results
— page 28 of 44
KMC004
· ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
སྒྱུར་རྒྱལ་དང་བརྒྱ་བྱིན་དང་ཚངས་པ་སོགས་ཀྱི་གོ་འཕང་ཐོབ་ཀྱང་མཐར་ཐུག་སྡུག་བསྔལ་དུ་འགྱུར་ཏེ། བཤེས་སྤྲིང་ལས། འཁོར་ལོས་སྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་དང་ཡང་བྲན་ཉིད་དུ་འགྱུར། །བརྒྱ་བྱིན་མཆོད་འོས་ཉིད་དུ་གྱུར་ནས་ཀྱང་། །ལས་ཀྱི་དབང་གིས་སླར་ཡང་ས་སྟེང་ལྷུང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད…
KMC004
· ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
ཤུར་གཞལ་བ་ན་ལྕགས་བསྲེགས་རབ་ཏུ་འབར་བའི་ས་གཞིར་སྡིག་པས་བསྒྲུབས་པའི་ཤའུ་མར་གསར་ལྟ་བུ་དཔག་ཚད་མང་པོ་ཡོད་པའི་སྟེང་དུ་སྡུག་བསྔལ་ཐོག་ཏུ་བབ་ཅིང་དེའང་ཡང་སོས། ཐིག་ནག །བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ་རབ་ཏུ་ཚ་བ། མནར་མེད་པ་སྟེ་ཚ་དམྱལ་བརྒྱད། ཉེ་འཁོར་བ། མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། སྤུ་གྲིའི་ཚལ། རལ…
KMC004
· ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
བ་ཅན། ཨ་ཆུ་ཟེར་བ། ཀྱི་ཧུད་ཟེར་བ། སོ་ཐམ་པ། ཨུཏྤལ་ལྟར་གས་པ། པདྨ་ལྟར་གས་པ། པདྨ་ལྟར་ཆེར་གས་པ་སྟེ་བརྒྱད་དོ། །ཉི་ཚེ་བ་རྣམས་གནས་ལ་ངེས་པ་མེད་ཅིང་སྡུག་བསྔལ་ཡང་སྣ་ཚོགས་མྱོང་བས་དམྱལ་བ་དེ་རྣམས་ན་བདེ་བའི་གོ་སྐབས་སྐད་ཅིག་ཀྱང་མེད་པར་སྡུག་བསྔལ་འབའ་ཞིག་ལ་སྤྱོད་ཅིང་གནས་ལ། སྡུག་བསྔལ་ནི་མིའི་ཡུལ་འདིར་སྐྱེས་བུའི་ལུས་ལ་མ…
KMC004
· ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
མནར་མེད་པས་བར་བསྐལ་གཅིག་གི་བར་དུ་སྡུག་བསྔལ་བཟོད་པར་དཀའ་བ་མྱོང་བ་ཡིན། གྲང་དམྱལ་ཆུ་བུར་ཅན་གྱིས་ཏིལ་ཁལ་བརྒྱད་ཅུ་འགྲོ་བའི་བང་བ་ཏིལ་གྱིས་བྱུར་བུར་བཀང་སྟེ་ལོ་བརྒྱ་བརྒྱ་ན་ཏིལ་རེ་ཕྱིར་ཕྱུང་བས་ཏིལ་དེ་ཟད་པ་ན་ཚེ་ཚད་རྫོགས་པ་ཡིན་ཅིང་། གཞན་རྣམས་ནི་དེ་ལས་ཉི་ཤུ་འགྱུར་ཡིན་ནོ། །འདི་རྣམས་མངོན་པ་ནས་གསལ་བར་དོན་བསྡུས་ཏེ་…
KMC004
· ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
མཚོན་ཆར་མཐོང་རྣག་ཁྲག་ཏུ་མཐོང་བས་བཟར་མེད། ནང་གི་སྒྲིབ་པ་ཅན་ཟས་སྐོམ་མགྲིན་པར་མི་ཐར་བ་སོགས། ཟས་སྐོམ་གྱི་སྒྲིབ་པ་ཅན་ནི་གང་ཟོས་མེར་འབད་པ་ལ་སོགས་སྡུག་བསྔལ་དཔག་ཏུ་མེད་ཚེ་ཚད་མིའི་ཟླ་བ་གཅིག་ལ་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་ཐུབ་སྟེ། ཡི་དྭགས་རྣམས། ཟླ་བ་ཉིན་ཞག་གིས་ལྔ་བརྒྱ། །ཞེས་གསུངས་སོ། །དུད་འགྲོའི་གནས་ལ་ང…
KMC004
· ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
བྲལ་བ། ཡོད་པ་སྲུང་དཀའ་ཞིང་མེད་པ་བཙལ་ཀྱང་མི་རྙེད་པ་སོགས་སྔར་ཡང་མྱོང་ཞིང་ད་དུང་ཡང་རྒྱུན་མི་འཆད་དུ་མྱོང་། ལྷ་མ་ཡིན་ནི་འཐབ་རྩོད་ཀྱིས་གསོད་གཅོད་འབིགས་པ་སོགས་ཀྱིས་སྡུག་བསྔལ། འདོད་ལྷ་རྣམས་ཀྱང་རེ་ཞིག་འདོད་ཡོན་ལ་ཆགས་ཤིང་མྱོས་ནས་མ་ཚོར་བར་ཚེ་ཚད་ཟད་དེ། མེ་ཏོག་གི་རྒྱན་རྙིངས་སྟན་ལ་མི་དགའ་ལྷའི་བུ་དང་བུ་མོས་སྤངས། ལ…
KMC004
· ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
སོགས་སུ་སྐྱེ་བས་སླར་ཡང་སྡུག་བསྔལ་མྱོང་ངོ་། །དེས་ན་ཇི་སྐད་དུ། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུངས་པས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང་། ཡབ་སྲས་མཇལ་བའི་མདོར། འཁོར་བའི་ཉེས་དམིག…
KMC004
· ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
རི་དྭགས་བཞིན་བྲེད་ཤ་དང་བཅས་རིངས་པར་འབྲོས། མཚོ་འཁྱགས་པའི་བྱ་བཞིན་གདུང་བ་བཅད་དེ་འབྲོས། དེད་དཔོན་སྲིན་མོའི་གླིང་ནས་ཐར་པ་ལྟར་ཞེན་ཆགས་བཅད་དེ་ཡ་ང་བས་འབྲོས། ཆུ་བོ་སྒྲོལ་བར་རྐྱལ་པའི་གཅེས་སྤྲས་བཞིན་སྡོམ་གསུམ་ལ་ཉེས་པས་མ་གོས་པར་འཁོར་བའི་ཕ་རོལ་དུ་འབྲོས། ལམ་དུ་ཆས་པའི་ཚོང་པའི་གྲབས་ཤོམས་བཞིན་ཚོགས་གཉིས་དང་དགེ་བའི་ན…
KMC004
· ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
ཀྱི་དོན་དུ་མི་འགྱུར་བས་མ་རྒན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཞིག་ཅི་ནས་ཀྱང་བསྒྲུབ་པར་བྱ་སྙམ་པའི་བསམ་པ་རྣམ་པར་དག་པ་བསྐྱེད། བྱང་ཆུབ་ཀྱི་སེམས་དང་ལྡན་ན་བླ་མེད་ཀྱི་བྱང་ཆུབ་ཀྱང་ངོ་བོར་མ་ཐོགས་པར་མངོན་དུ་བྱེད་ནུས་སོ་སྙམ་དུ་ཕན་ཡོན་ཡོང…
KMC004
· ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
བསྒྲུབ་སྙམ་པའི་འདུན་པ་དྲག་པོ་བྱ་དགོས་སོ། །འདི་རྣམས་ནི་ཐུན་མོང་གི་སྔོན་འགྲོ་བཞི་སྦྱོར་ཞེས་བྱའོ། །ཐུན་དམིགས་བདུན་པའོ། །རྒྱས་པར་ཐུན་བཞི་བསྡོམས་ན་བཞི་པའོ།། ༈ །།གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་བཞི་སྦྱོར་ནི། རྒྱུད་སྣོད་དུ་རུང་བའམ་ཅི་བྱས་ཐར་པའི་ལམ་དུ་འགྲོ་བ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད། སྡིག་སྒྲིབ་དག…
KMC004
· ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་དང་། བློ་གྲོས་རྒྱ་མཚོའི་མདོ་ལས། །སངས་རྒྱས་འདྲ་བའི་སྟོན་པ་མེད། །དམ་ཆོས་འདྲ་བའི་སྐྱོབ་པ་མེད། །དགེ་འདུན་འདྲ་བའི་ཞིང་མཆོག་མེད། །ཅེས་དང་། མདོ་སྡེ་མྱང་འདས་ལས། དཀོན་མཆོག་གས…
KMC004
· ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
གལ་ཆེའོ། །ཕན་ཡོན་དང་བྱེད་ལས་ནི། སངས་རྒྱས་སར་ཚུད། སྡོམ་པ་ཐམས་ཅད་ཀྱི་རྟེན་བྱེད། སྔར་བྱས་ཀྱི་སྡིག་པ་ཟད། མི་དང་མི་མ་ཡིན་གྱི་གནོད་པ་ལས་སྐྱོབ། བསམ་པའི་དངོས་པོ་ཐམས་ཅད་འགྲུབ་ཅིང་བསོད་ནམས་ཆེན་པོ་འཐོབ། ངན་སོང་དུ་མི་ལྟུང་ཞིང་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱའོ། །འཚེ་བ་སོགས་ལས་ཀྱང་སྐྱོབ་སྟེ། མདོ་སྡེ་རྒྱན་ལས། འཚེ…
KMC004
· ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
ཁྱབ་པ་ཡལ་ག་ལྔ་ཕྱོགས་བཞི་འབུར་དུ་དོད་པ། དེའི་དབུས་ཀྱི་ཟེའུ་འབྲུའི་སྟེང་དུ་སེང་གེ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པཾ་ལས་པདྨ་དང་ཨ་ལས་ཟླ་བ་རམ་ལས་ཉི་མའི་དཀྱིལ་འཁོར་གདན་གྱི་སྟེང་དུ་རང་གི་ཚེ་ཕྱི་མ་ཕན་གྱི་རེ་ལྟོས་ཞུ་ས་ཚེ་འདི་ལ་དབང་དང་གདམས་ངག་ཐོབ་པའི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉི…
KMC004
· ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
འགྲོ་ཐམས་ཅད་ན་བུན་ལྟར་བར་མཚམས་མེད་པར་བཞུགས་པ་གདན་མཚམས་སུ་ཆོས་སྐྱོང་སྲུང་མ་རྣམས་བདག་ཉིད་ཀྱི་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་སེལ་ཕྱིར་ཞལ་ཕྱིར་ཕྱོགས་ཤིང་ཁྲོ་གཏུམ་དང་ལྡན་པར་བསྒོམ། དེའི་མདུན་གྱི་འདབ་མར་གདན་ཁྲི་སྔར་བཞིན་ལ་པདྨ་ཉི་རོའི་གདན་སྟེང་དུ་ཡི་དམ་རྡོ་རྗེ་རྣལ་འབྱོར་མའམ། ཕ་རྒྱུད་གསང་བ་འདུས་པ། མ་རྒ…
KMC004
· ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
ཁྲ་ཆེམ་མེ་རང་ལ་བསྟན་ཏེ་བཞུགས་པར་བསྒོམ། གཡོན་གྱི་ཡལ་གའི་སྟེང་དུ་འཕགས་པའི་དགེ་འདུན་ཉེ་བའི་སྲས་བརྒྱད་སོགས་བྱང་ཆུབ་སེམས་དཔའི་དགེ་འདུན་དང་མཆོག་ཟུང་ཀུན་དགའ་བོ་འོད་སྲུང་སོགས་ཉན་ཐོས་ཀྱི་དགེ་འདུན་རྣམས་ན་བཟའ་ངུར་སྨྲིག་དབུ་ཟླུམ་ཞབས་རྗེན་གྱི་ཚུལ་དུ་བཞུགས་པར་བསམ། དེའི་བར་མཚམས་སུ་ཡང་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང…
KMC004
· ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས་འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །…
KMC004
· ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སོགས་ཚད་མེད་བཞི་བསྒོམ། མཐར་སྐྱབས་ཡུལ་གདན་ཁྲི་དང་བཅས་པ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་དང་སྐྱབས་ཡུལ་རྣམས་ཀྱི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་སྙམ་པའི་ངང་ནས་སེམས་མ་བཅོས་པར་རང་ལུགས་སུ་གློད། གསལ་སིང་ངེ་བ་ལ་ངོས་གཟུང་མེད་པར་གང་ཡང་མི་འཕ…
KMC004
· ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
པའི་གཏན་གྱི་གེགས། །ཞེས་དང་། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྟུང་། །ཞེས་གསུངས་པས། ཉན་རང་གི་བྱང་ཆུབ་ཙམ་མ་གཏོགས་མཐར་ཐུག་གི་བྱང་ཆུབ་ཐོབ་མི་ནུས་པས། འདིར་ནི་ཐེག་པ་ཆེན་པོའི་སེམས་བསྐྱེད་ལ་འབད་དགོས་ཤིང་ཐེག་ཆེན་གྱི་སེམས་བསྐྱེད་དེ་ལ་ཡང་། ངོ་བོའི་སྒོ་ནས་དབྱེ་བ། མཚན་ཉིད། རྒྱུ་རྐྱེན། དབྱེ་བ། ས་མཚམས་སོགས་དུ་མ…
KMC004
· ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
བསྡུ་ན། རྒྱལ་བ་སྲས་བཅས་ལ་དད་པ། སེམས་ཅན་ལ་སྙིང་བརྩེ་བ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་རྣམས་ཡིན་ཏེ། དེ་ཡི་རྩ་བ་སྙིང་རྗེར་འདོད། །རྟག་ཏུ་སེམས་ཅན་ཕན་པར་སེམས། །ཞེས་དང་། དཀོན་མཆོག་ཏ་ལའི་མདོར། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང་། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་པ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ན། །སྐ…
KMC004
· ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང་། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས་གསུངས་སོ། །དེ་དག་གི་ས་མཚམས་ནི། ས་སོགས་ཀྱི་སེམས་བསྐྱེད་རྣམས་ལས་དང་པོ་གསུམ་ནི་ལས་དང་པོ་པའི་སས་བསྡུས། དེའི་འོག་ཏུ་གཅིག་ནི་སྦྱོར་ལམ་གྱིས་བསྡུས། དེ་ནས་བཅུ་ནི་ས་བཅུས་བསྡུས། དེ་འོག་ལྔ་ནི་ས་བཅུའི་ཁྱད…