Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      910 results — page 29 of 46
      KMC004 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
      སློབ་དཔོན་རྟ་དབྱངས་ཀྱིས། སའམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་དང་། ཇི་སྙེད་སངས་རྒྱས་རྣམས་ཀྱི་སྐུ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་མེད་འདྲ་བའི། །ལུས་ཅན་གཞན་ལ་ལྟ་ཅི་སྨོས། །ཞེས་སོགས་མཐའ་ཡས་པར་ག…
      KMC004 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
      བརྩོན་བཞིན་མྱུར་དུ་འཆི་སྟེ། དཔེར་ན་སྐྱེས་བུ་རྩལ་ཆེན་གྱིས། རྒྱུད་ལ་སྤྲིངས་ནས་མདའ་བསྐུལ་བ། །མི་སྡོད་བསྡིག་སར་མྱུར་དུ་ཕྱིན། །མི་རྣམས་ཚེ་ཡང་དེ་བཞིན་ནོ། །ཞེས་དང་། འདུས་པ་ལས། གྲོགས་དག་ཚེ་འདི་མྱུར་འགྲོ་ཞིང་། །རི་གཟར་ཆུ་དྲག་མགྱོགས་འགྲོ་ན། །བྱིས་པའི་སྐྱེ་བོས་མི་ཤེས་ཏེ། །མི་མཁས་ལོངས་སྤྱོད་དྲེགས་པས་མྱོས། །ཞེས་…
      KMC004 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
      སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་དང་། རིན་ཆེན་ཕྲེང་བར། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པ་ཉིད་ཀྱིས་དེ་ལྟ་མིན། །དེ་རྣམས་ཉིད་ནི་འཆི་བའི་ཡང་། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་དང་། སྤྱོད་འཇུག་ལས། བདག་ནི་སྡིག་པ་མ་བྱང་བར། །སྔོན་དུ་འགུམ་པར་འགྱུར་དུ་མཆི། །ཞེས་དང་། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རི…
      KMC004 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
      འཆི་བར་ཅིས་མི་འགྱུར། །ཞེས་སོ། །དཔའ་ཞིང་རྩལ་ཆེ་ལ་གཟེ་ཞིང་བང་མགྱོགས་སྨྲ་མ་ཆུ་བདེ་ཞིང་ལོངས་སྤྱོད་བཙན་ཕྱུག་སྟོབས་འབྱོར་ཇི་ཙམ་འཛོམ་ཡང་འཆི་བ་བཟློག་མི་ཐུབ། འཆི་དུས་སྔར་གྱི་ལས་གང་བྱས་ཀྱི་འབྲས་བུ་མ་གཏོགས་ཐམས་ཅད་ཕྱི་ལ་བཞག་སྟེ་མར་གྱི་ནང་ནས་སྤུ་བཏོན་པ་བཞིན་དུ་སྒྲེན་མོ་ལག་སྟོང་དུ་འགྲོ། ད་ལྟ་ལུས་ན་མི་བཟོད་ལྟོགས་མ…
      KMC004 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
      དང་དཀོན་མཆོག་གསུམ་མ་གཏོགས་སྐྱབས་སྐྱེལ་མ་མེད་པས་དེ་ཙ་ན་མི་འགྱོད་པའི་བློ་བདེ་ཚགས་སུ་ཚུད་པ་གལ་ཆེའོ། །དེ་སྐད་དུའང་སྤྱོད་འཇུག་ལས། བདག་ནི་མལ་དུ་འདུག་བཞིན་དུ། །གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ཡང་། །སྲོག་ཆད་པ་ཡི་ཚོར་བ་ནི། །བདག་ཉིད་ཁོ་ནས་མྱོང་བར་འགྱུར། །གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་གཤེས་ཅི་ཕན། །དེ…
      KMC004 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
      གཏམ་གྱི་ཤེད་ཤོར། ཟས་ཀྱིས་ཕན་ཡང་དང་ཁར་མི་འགྲོ། སྐོམ་འཐུང་འདོད་ཀྱང་སྨན་པས་བཀག །ཨ་ན་ཧུ་ཁྱུའི་སྒྲ་འབྱིན། ནུབ་གཉིད་མི་ཡོང་། ཉིན་དབང་མེད་དུ་འཐིབས། མལ་གྱི་ཐ་མར་ཉལ། ཟས་ཀྱི་ཐ་མ་ཁར་སྙོད། གཏམ་གྱི་ཐ་མ་འོར་སྐྱེད་བྱེད། གདོང་ལ་རྡུལ་ཆགས། གོས་ལ་ནོམ་ནོམ་འཇུ། ས་འོག་ཏུ་ལྷུང་བ་སྙམ་བྱེད། དབུགས་ཁ་ནས་བཤོ་ཞིང་ཕྱིར་ལྡོག་པ་མེ…
      KMC004 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
      དེའི་དུས་ན་ཆོས་ནི་གླིང་དང་མགོན་དང་གནས་དང་སྟོན་པར་འགྱུར་རོ། །ཞེས་གསུངས་པ་བཞིན་དུ་འགྱུར་རོ། །གཞན་ཡང་སྔོན་བྱོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱང་མི་རྟག་པས་ཐུགས་བརྒྱུད་བསྐུལ་ཚེ་འདི་བློས་བཏང་སྒྲུབ་པ་སྙིང་པོར་མཛད་པས་དོན་གཉིས་མཐར་ཕྱིན་པ་ཡིན་པས། ཇོ་བོ་རྗེ་དང་ལོ་ཆེན་རིན་བཟང་དང་། ཆག་ཁྲི་མཆོག །ཨ་མེས་བྱང་ཆུབ་ཤེས་རབ་རྡ…
      KMC004 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
      བཟང་། ཕོ་བྲང་སྐྱེད་ཚལ་རིན་ཆེན་སྣ་བདུན་སོགས་ཀྱིས་སྤྲས་པ་ལས་ས་རྡོའི་སྤྱིལ་པོར་སྒོ་གསུམ་མི་དགེ་བས་དབེན་པར་བསྡད་ན་གནས་བཟང་། ནོར་ཇི་ཙམ་འཛོམ་པ་ལས་འདོད་ཆུང་ཆོག་ཤེས་ནོར་དུ་ཆེ་བས་ལག་ཏུ་བླང་བ་གལ་ཆེ། དེས་ན་ནམ་འཆི་ཆ་མེད་བསམས་ལ་བློ་སྣ་བསྟུངས། སྐྱོ་ཤས་བསྐྱེད། ལོང་མེད་ཀྱི་བསམ་པ་དྲག་པོས་ཉིན་མཚན་དགེ་སྦྱོར་གྱི་དུས་འད…
      KMC004 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
      དབང་མེད་དུ་འཕྱོ་བ་ལ་སེམས་གཏད་དེ། སྐྱོ་ཤས་དང་ལོང་མེད་ཀྱི་བློ་སྣ་ཐུང་སྦུད་པ་བྱའོ། །ཆོས་ཐུན་དང་དམིགས་ཐུན་གསུམ་པའོ།། ༈ །།གསུམ་པ་ལས་རྒྱུ་འབྲས་བསམ་པ་ནི། དེ་ནས་ལས་རྒྱུ་འབྲས་བསམ་པར་བྱ་དགོས་པས། སྤྱིར་བདེ་སྡུག་ཐམས་ཅད་ལས་ལ་བརྟེན་ནས་བྱུང་བ་ཡིན་ཏེ། ལས་བརྒྱ་པ་ལས། ལས་རྣམས་ཀྱང་ནི་སྣ་ཚོགས་ལས། །དེ་ཡིས་འགྲོ་རྣམས་སྣ་ཚོ…
      KMC004 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
      རྣམས་སུ་དགེ་མི་དགེ་གང་སྤྱད་ཀྱི་འབྲས་བུ་ཡིན་ཞིང་། འདིར་ལས་གང་དང་གང་སྤྱད་པ་དེའི་རྣམ་སྨིན་གྱི་འབྲས་བུ་སྐྱེ་བ་ཕྱི་མ་དེའང་མི་དགེ་བ་སྤྱད་པའི་རྣམ་སྨིན་གྱི་འབྲས་བུས་ངན་སོང་གསུམ་དུ་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་ནི། གསོད་པ་ཡིས་ནི་ཚེ་ཐུང་འགྱུར། །རྣམ་པར་འཚེ་བས་གནོད་པ་མང་། །བརྐུས་པ་ཡིས་ནི་ལོངས་སྤྱོད་ཕོངས། །བྱི་བོ་…
      KMC004 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
      ཡུལ་ཡིད་དུ་འོང་བར་སྐྱེ་བར་འགྱུར་རོ། །དེའང་མི་དགེ་བ་ཆེ་འབྲིང་ཆུང་གསུམ་དུ་སྤྱད་པ་དང་ཞེ་སྡང་འདོད་ཆགས་གཏི་མུག་གིས་ཀུན་ནས་བསླངས་ཏེ་ལས་བསགས་པ་ལས་དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་སུ་སྐྱེ་ཞིང་། །དགེ་བ་ཆུང་དུ་སྤྱད་པས་མི་ལུས། འབྲིང་འདོད་ལྷ་སོགས། ཆེ་བ་སྤྱད་པས་བསམ་གཏན་དང་གཟུགས་མེད་རྣམས་སུ་སྐྱེ་སྟེ། དེ་སྐད་དུའང་རིན་…
      KMC004 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
      བསྟན། །ཞེས་དང་། རིན་ཆེན་ཕྲེང་བར། བསམ་གཏན་ཚད་མེད་གཟུགས་མེད་ཀྱིས། །ཚངས་སོགས་བདེ་བ་ཐོབ་པར་འགྱུར། །ཞེས་གསུངས་སོ། །ལུས་ཀྱི་མི་དགེ་བ་གསུམ། ངག་གི་བཞི། ཡིད་ཀྱི་གསུམ་སོགས་མི་དགེ་བ་ཐམས་ཅད་སྤང་ཞིང་དེ་ལས་ལྡོག་པའི་དགེ་བཅུ་བསྒྲུབ་པ་ལ་འབད་པར་བྱ་དགོས་ཏེ། ལས་བརྒྱ་པ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མ…
      KMC004 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
      གཉེན་པོ་བསྐྱེད་དེ་ས་བོན་བཅོམ་ན་མ་གཏོགས་བསྐལ་བ་མཐའ་ཡས་པའི་བར་དུའང་བག་ལ་ཉལ་ཆུད་མི་ཟ་བར་གནས། སོ་སོའི་འབྲས་བུའང་བསླུ་མེད་དུ་འབྱུང་སྟེ། མདོ་ལས། ལྷས་བྱིན་ཉིད་ཀྱིས་བྱས་པའི་ལས་ནི་ས་དང་ཆུ་ལ་སོགས་པ་ལ་མི་སྨིན་གྱི་དེ་ཉིད་ཀྱི་ཟིན་པའི་ཕུང་པོ་དང་སྐྱེ་མཆེད་འབའ་ཞིག་ལ་སྨིན་པར་འགྱུར་ཏེ། གཞན་སུ་ཞིག་ལ་སྨིན་པར་འགྱུར། །ཞེ…
      KMC004 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
      པས་ཟིན་ཀྱང་སྲིད། །ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །ལས་ཀྱི་རྣམ་སྨིན་བསླུ་མི་སྲིད། །ཅེས་གསུངས་སོ། །ཐུན་དམིགས་བཞི་པའོ།། ༈ །།སྤྱིར་ལས་དེ་ལ། མཐོང་ཆོས་མྱོང་འགྱུར། སྐྱེ་གནས་མྱོང་འགྱུར། ལན་གྲངས་གཞན་ལ་མྱོང་འགྱུར། མྱོང་བར་མ་ངེས་པ་དང་བཞིར་ཡོད། དང་པོ་ནི། ཞིང་བསམ་གྱི་ཁྱད་པར་ལས། ལས་དེའི་འབྲས་བུ་ཚེ་དེ་ལ་སྨིན་པ་ལྟ་བུ་ལ་བྱ…
      KMC004 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
      གསུམ་པ་ནི་ཁམས་གོང་མ་གཉིས་ཀྱི་དགེ་བའི་ལས་ལ་བྱེད། ཡང་ན་གཅིག་ཏུ་དཀར་བའི་ལས། གཅིག་ཏུ་གནག་པའི་ལས། འདྲེས་མའི་ལས། རྣམ་སྨིན་ཟད་བྱེད་ཀྱི་ལས་དང་བཞི། དང་པོ་ནི། ཁམས་གོང་མའི་དགེ་ལས་ལ་བྱེད། གཉིས་པ་ནི་འདོད་པའི་མི་དགེ་བ་ལ་བྱེད། གསུམ་པ་ནི་འདོད་པའི་དགེ་ལས་ལ་བྱེད། བཞི་པ་ནི་ཟག་མེད་ཀྱི་ལས་ལ་བྱེད་དེ། དེས་རྣམ་སྨིན་ཡིད་དུ་…
      KMC004 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
      བྱེད། གསུམ་པ་ནི་བསམ་གཏན་བཞི་པ་ཡན་ཆད་ཀྱི་དགེ་ལས་ལ་བྱེད། ཡང་ན་འཕེན་རྫོགས་གཉིས་ལ་མུ་བཞིར་ཡོད། དང་པོ་གཉིས་ཀ་དགེ་བ་ནི་བདེ་འགྲོའི་རྟེན་ཅན་གྱི་བདེ་བ་ལྟ་བུ། གཉིས་པ་ནི་ངན་འགྲོའི་རྟེན་ཅན་གྱི་སྡུག་བསྔལ་ལ་བྱེད། གསུམ་པ་འཕེན་བྱེད་དགེ་ལ་རྫོགས་བྱེད་སྡིག་པ་ནི་བདེ་འགྲོའི་རྟེན་ཅན་གྱི་སྡུག་བསྔལ་ལ་བྱེད། བཞི་པ་ནི་ངན་འགྲོ…
      KMC004 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
      བསྒྲིབས་མ་བསྒྲིབས་ཀྱི་ཁྱད་པར་ལུང་མ་བསྟན་གཞིར་བྱས་ལ་ཉོན་མོངས་ཅན་ཡིན་མིན་ལ་བྱེད། མ་བསྒྲིབས་ལུང་མ་བསྟན་ལ་དབྱེ་ན། རྣམ་སྨིན་སྐྱེས། སྤྱོད་ལམ་པ། བཟོ་གནས། སྤྲུལ་སེམས་དང་བཞིར་ཡོད། ཡང་ལས་ལ་དབྱེ་ན། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས། དང་པོ་ནི་སྣོད་ཀྱི་འཇིག་རྟེན་འགྲུབ་བྱེད་ཀྱི་ལས་ལྟ་བུ་ལ་བྱེད། གཉིས་པ་ནི་བཅུད་ཀྱི་ས…
      KMC004 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
      ངུས་ནགས་ཚལ་སྲེག་ནུས་པ་ལྟར་དགེ་བས་སྡིག་པའི་ཕུང་པོ་འཇོམས་པར་ནུས་པ་ལ་སྤྲོ་བས་འཇུག་པར་བྱ་དགོས་ཏེ། ཚོམས་ལས། བསོད་ནམས་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་བདེ་ཆེན་འདྲེན། །དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ། །འབྲུ་རྣམས་ཕུན་ཚོགས་སྨིན་པ་བཞིན། །ཞེས་གསུངས་པས་སོ། །དེ་ལྟར་སྡིག་པ་ཕྲ་ཞིང་ཕྲ་བ་ནས་སྤང་། དགེ་བ་ཕྲ་ཞིང་ཕྲ་བ་…
      KMC004 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
      བསྒྲུབ་པར་བརྩོན་པ་བསྐྱེད་དོ། །ཐུན་དམིགས་ལྔ་པའོ།། ༈ །།བཞི་པ་འཁོར་བའི་ཉེས་དམིགས་བསྒོམ་པ་ནི། དེ་ནས་འཁོར་བའི་ཉེས་དམིགས་བསྒོམ་དགོས་ཏེ། ཐོག་མེད་ནས་ང་མེད་པར་ང་དང་བདག་མེད་པར་བདག་ཏུ་ཞེན་པའི་མ་རིག་པའི་རྒྱུ་ལ་བརྟེན་ནས་འཁོར་བའི་འཁྲུལ་པ་འབྱུང་ཞིང་སྡུག་བསྔལ་གསུམ་གྱིས་བར་མ་ཆད་དུ་མནར་རོ། །དེའང་འདུ་བྱེད་ཀྱི་སྡུག་བསྔ…
      KMC004 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ།
      ལྡན་པ་ཡིན་ལ། །དེ་སོ་སྐྱེས་མི་ཤེས་ཤིང་འཕགས་པ་རྣམས་ཀྱིས་ཚུལ་བཞིན་གཟིགས་ཏེ། དཔེར་ན་སྤུ་ཉག་གཅིག་ལག་མཐིལ་དུ་བཞག་ཀྱང་མ་བདེ་བ་མེད་ལ། དེ་ཉིད་མིག་ཏུ་སོང་ན་མི་བདེ་བ་བཞིན་ནོ། །དེ་ཡང་མཛོད་འགྲེལ་ལས། ལག་མཐིལ་སྤུ་ཉག་གཅིག་འདུག་པ། །དེ་ནི་མིག་ཏུ་སོང་བ་ན། །མི་བདེ་བ་དང་སྡུག་བསྔལ་སྐྱེད། །བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བ…