Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      1412 results — page 39 of 71
      KMG040 · པདྨ་འབྱུང་གནས། ཀུ་སུ་ལུ་པུ་ཎྱེ་ལ་ཀྵ་ས། གཞན་ཕན་མཐར་ཕྱིན། པུ་ནེ་ཀླག་ཤ།
      ༅། །མཛེས་མ་འབུམ་བསྐུལ་བསྡུས་པ་བཞུགས། མ་ཤར༴ ལྷོ༴ ནུབ༴ བྱང་༴ དབུས༴ མཚམས༴ ན་བཞུགས་པའི་མཁའ་འགྲོ་མ། །སྐུ་མདོག་སྔོན་མོ༴ སེར་མོ༴ དམར༴ ལྗང་མོ༴ དཀར་མོ༴ སྣ་ཚོགས༴ མཛེས་པའི་ཆ་བྱད་ཅན། །འཁོར་ཡང་སྔོན༴ སེར༴ དམར༴ ལྗང་༴ དཀར༴ སྣ་ཚོགས༴ མོ་མཛེས་མ་འབུམ་གྱིས་བསྐོར། །པདྨ་སྔོན༴ སེར༴ དམར༴ ལྗང་༴ དཀར༴ སྣ་ཚོགས༴ མོའི་གདན་ལ་བཞུགས…
      སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ། ལྷག་མའི་ཆོ་ག་རྒྱས་པར་སྤྲོ་ན་ལྷག་གཏོར་བཤམས།
      KMG040 · པདྨ་འབྱུང་གནས། ཀུ་སུ་ལུ་པུ་ཎྱེ་ལ་ཀྵ་ས། གཞན་ཕན་མཐར་ཕྱིན། པུ་ནེ་ཀླག་ཤ།
      ༅། །ལྷག་མའི་ཆོ་ག་རྒྱས་པར་སྤྲོ་ན་ལྷག་གཏོར་བཤམས་ལ་འདི་སྐད་དོ། །བྷྱོ། ལས་ཀྱི་མཁའ་འགྲོ་མི་སྲུན་མ། །ཤིན་ཏུ་འཇིགས་པ་ཀིང་རུས་གཟུགས། །ཡན་ལག་རུས་པའི་འཁོར་ལོས་བརྒྱན། །སྙིང་ཁྲག་འཐུང་ཞིང་རྐན་སྒྲ་བརྡེབ། །རྐང་མགྱོགས་བཏུལ་ཤུགས་རྫུ་འཕྲུལ་ཅན། །དམ་ཚིག་ཅན་གྱི་ལས་མཁན་ཡིན། །དམ་ཉམས་རུ་ཏྲའི་སྲོག་གཅོད་ཡིན། །ལྷག་མའི་གཏོར་མ་…
      KMG040 · པདྨ་འབྱུང་གནས། ཀུ་སུ་ལུ་པུ་ཎྱེ་ལ་ཀྵ་ས། གཞན་ཕན་མཐར་ཕྱིན། པུ་ནེ་ཀླག་ཤ།
      ༅། །གཅོད་ཀྱི་ཆད་ཐོ་བཏང་བ་ནི། གཏོར་མ་ལ་སྨན་རཀ་སྦྲན་ཏེ། བྷྱོ། སྔོན་ཚེ་བསྐལ་པ་དང་པོ་འདས་དུས་སུ། །གཞི་མེད་རྩ་བ་བྲལ་བའི་གནས་མཆོག་ཏུ། །ངོ་བོ་ངོས་བཟུང་བྲལ་བའི་སློབ་དཔོན་གྱིས། །གཟུང་ཡུལ་རིག་དང་བྲལ་བའི་སློབ་མ་ལ། །རྣམ་རྟོག་མཚན་མ་བྲལ་བའི་དབང་བསྐུར་ཚེ། །སྔར་མ་འདས་པའི་རྟོགས་པ་ཀུན་འདུས་ནས། །ཆོས་སྐུ་ཡེ་སངས་རྒྱས་པར…
      KMG040 · པདྨ་འབྱུང་གནས། ཀུ་སུ་ལུ་པུ་ཎྱེ་ལ་ཀྵ་ས། གཞན་ཕན་མཐར་ཕྱིན། པུ་ནེ་ཀླག་ཤ།
      ༅། །དེ་ནས་བརྟན་མ་སྐྱོང་བ་ནི་གཏོར་མ་ལ་བཤལ་ཆུས་བྲན་ལ། བྷྱོ། བརྟན་མ་སྐྱོང་མཛད་མ་སྲིན་རྒྱ་མཚོའི་ཚོགས། །དཔོན་གཡོག་མང་པོ་སྨན་ཕྲན་མང་པོ་བཅས། །འདིར་གཤེགས་རྒྱན་གྱི་གཏོར་མས་ཕྲིན་ལས་མཛོད། །བྷྱོ། བདུད་མོ་བཞི་དང་གནོད་སྦྱིིན་སྨན་མོ་བཞི། །འཁོར་བཅས་སིལ་སྙན་དྲོད་རྟགས་སྒྲ་དང་བཅས། །འདིར་གཤེགས་བརྒྱན་གྱི་གཏོར་མ་འདི་བཞེས…
      KMG040 · པདྨ་འབྱུང་གནས། ཀུ་སུ་ལུ་པུ་ཎྱེ་ལ་ཀྵ་ས། གཞན་ཕན་མཐར་ཕྱིན། པུ་ནེ་ཀླག་ཤ།
      ༈ བྲོ་འགུགས་ནི། ལྷག་མ་ཆད་བསྟན་གཏོར་འབུལ་སྣོད་རྣམས་ཁ་བུབ་པའི་སྟེང་རྒྱ་གྲམ་བྱས་པས་མནན་ལ། ན་མོ། གྲུབ་ཐོབ་གཅོད་ཀྱི་བརྒྱུད་པ། ཡི་དམ་ཆོས་སྐྱོང་རྣམས་ཀྱི་བདེན་པས་གནོད་བྱེད་དམ་སྲི་རྒབ་འདྲེ་མི་མིན་མི་རུ་བརྫུབ་མགོ་གཡོག་མགོ་བསྐོར་བྱེད་པ། བཀའ་དང་དམ་ལ་མི་གནས་པ་ཐམས་ཅད་གཏོར་གཞོང་རི་རབ་འབར་བའི་འོག་ཏུ་ཁུག་ཅིག །ཛཿཧཱུྃ…
      KMG040 · པདྨ་འབྱུང་གནས། ཀུ་སུ་ལུ་པུ་ཎྱེ་ལ་ཀྵ་ས། གཞན་ཕན་མཐར་ཕྱིན། པུ་ནེ་ཀླག་ཤ།
      མཁའ་འགྲོ་སྡེ་ལྔའི་བསྐང་བའི་དབུ་ཕྱོགས་ལགས་སོ། །ན་མོ་གུ་རུ་བཛྲ་ཌཱཀྐི་ནི་ཡེ། བླ་མ་རྡོ་རྗེ་མཁའ་འགྲོའི་ཞབས་ལ་གུས་པར་ཕྱག་འཚལ་ལོ། །རྣལ་འབྱོར་དམ་ཚིག་དང་སྡོམ་པའི་ཆགས་ཉམས་གསོ་བ་དང་། བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་བསྐང་ཞིང་མཆོག་དང་ཐུན་མོང་གིས་དངོས་གྲུབ་བདེ་ལེགས་སུ་སྒྲུབ་པར་འདོད་པས། དུར་ཁྲོད་ལ་སོགས་པའི་གནས་ཁྱད་པ…
      KMG040 · པདྨ་འབྱུང་གནས། ཀུ་སུ་ལུ་པུ་ཎྱེ་ལ་ཀྵ་ས། གཞན་ཕན་མཐར་ཕྱིན། པུ་ནེ་ཀླག་ཤ།
      མཁའ་འགྲོ་སྡེ་ལྔའི་བསྐང་བ་བཞུགས་སོ། །ཧཱུྃ། འོག་མིན་གནས་དང་ཨོ་རྒྱན་གནས། །མཁའ་སྤྱོད་གནས་དང་བདེ་ཆེན་གནས། །དུར་ཁྲོད་ཆེན་པོའི་གནས་རྣམས་ནས། །མཁའ་འགྲོ་སྡེ་ལྔ་འཁོར་དང་བཅས། །སྤྲུལ་པ་ཡང་སྤྲུལ་ཕོ་ཉར་བཅས། །འབུམ་ཚོ་ལྔ་ཡི་ཚོགས་བཅས་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཚོགས་མཆོད་འབུལ་ཕྱིར་གཤེགས་སུ་གསོལ། །ཐུགས་…
      KMG040 · པདྨ་འབྱུང་གནས། ཀུ་སུ་ལུ་པུ་ཎྱེ་ལ་ཀྵ་ས། གཞན་ཕན་མཐར་ཕྱིན། པུ་ནེ་ཀླག་ཤ།
      ༅། །ཕག་མོ་ཁྲོས་མའི་བསྐང་བ་བཞུགས་སོ། །ཧཱུྃ། སྟོང་ཉིད་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས། །ཐུགས་རྗེའི་སྤྲུལ་པ་བདག་གཞན་གཉིས་ཀྱི་དཔལ། །རྣམ་པར་ཐར་པ་གསུམ་གྱི་སྒོ་འབྱེད་མ། །ཤེས་རབ་ཕ་རོལ་ཕྱིན་མའི་ཐུགས་དམ་བསྐང་། །རྟོག་མེད་སྒེག་པའི་ཚུལ་གྱི་སྐུ་སྤྲུལ་པ། །ནག་མོ་ཁྲོས་མས་ལྷ་རྣམས་ཟིལ་གྱིས་གནོན། །ཆོས་ཉིད་མི་འགྱུར་སྐུ…
      སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ། ཕ་དམ་པ་རྒྱ་གར་གྱི་བསྐང་བ་རྔམ་པའི་ང་རོ།
      KMG040 · པདྨ་འབྱུང་གནས། ཀུ་སུ་ལུ་པུ་ཎྱེ་ལ་ཀྵ་ས། གཞན་ཕན་མཐར་ཕྱིན། པུ་ནེ་ཀླག་ཤ།
      ཕ་དམ་པ་རྒྱ་གར་གྱི་བསྐང་བ་རྔམ་པའི་ང་རོ་བཞུགས་སོ། །ཕ་དམ་པའི་བསྐང་བ་ནི། ཌཱ་མ་རུ་དང་། རྐང་དུང་དང་། རོལ་མོ། ཐོད་ཆང་མར་ཁུ་ལ་སོགས་ཐོགས་ནས། དགའ་བའི་དབྱངས་དང་བཅས་པས་འདི་སྐད་བརྗོད་དོ། །ཧཱུྃ། ལྷོ་ཕྱོགས་ཆེན་པོ་བྷེ་ཏིའི་ཡུལ། །ཚ་རི་སིང་ང་ཞེས་བྱའི་གླིང་། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཡུལ། །གླིང་མཆོག་དེ་ན་སྐུ་འཁྲུངས…
      KMG040 · པདྨ་འབྱུང་གནས། ཀུ་སུ་ལུ་པུ་ཎྱེ་ལ་ཀྵ་ས། གཞན་ཕན་མཐར་ཕྱིན། པུ་ནེ་ཀླག་ཤ།
      ༅། །མ་ཅིག་ལབ་ཀྱི་སྒྲོན་མའི་བསྐང་བ་བཞུགས་སོ། །ཧཱུྃ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཡུམ་ཆེན་ཤེས་རབ་ཕར་ཕྱིན་གཤེགས་སུ་གསོལ། །ཐུགས་དམ་བསྐང་བའི་གནས་འདིར་བྱོན། །སྐུ་མདོག་སེར་མོ་གསེར་འོད་འབར། །ཞལ་གཅིག་པ་ལ་ཕྱག་བཞི་ལྡན། །གཡས་ཀྱི་དང་པོ་རྡོ་རྗེ་བསྣམས། །གཡོན་གྱི་དང་པོ་ཏིང་ངེ་འཛིན། །འོག་མ་གཉིས་ཀྱི་མཉམ་བཞག…
      སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ། ཡུམ་ཆེན་གཅོད་ཀྱི་བརྒྱུད་པའི་བསྐང་བ།
      KMG040 · པདྨ་འབྱུང་གནས། ཀུ་སུ་ལུ་པུ་ཎྱེ་ལ་ཀྵ་ས། གཞན་ཕན་མཐར་ཕྱིན། པུ་ནེ་ཀླག་ཤ།
      ཡུམ་ཆེན་གཅོད་ཀྱི་བརྒྱུད་པའི་བསྐང་བ་བཞུགས་སོ། །ཨེ་མ་ཧོ། མ་བཅོས་སྤྲོས་བྲལ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །གཅོད་ཀྱི་ཕྲིན་ལས་སྣ་ཚོགས་དང་། །དབང་སྒྲུབ་ཁྱིམ་གཅོད་བསྒྲལ་མཆོད་དང་། །མེ་ཚག་ལ་སོགས་བཅས་འཛོམ་དུས། །བསྐང་བའི་ཆོ་ག་འདི་ཉིད་གཅེས། །བསྐང་བའི་དམ་རྫས་གཞན་དང་མཐུན། །ཕྱི་ནང་གསང་བའི་མཆོད་པའི་རྫས། །གཟུགས་འགྲོས་སྣ་…
      KMG040 · པདྨ་འབྱུང་གནས། ཀུ་སུ་ལུ་པུ་ཎྱེ་ལ་ཀྵ་ས། གཞན་ཕན་མཐར་ཕྱིན། པུ་ནེ་ཀླག་ཤ།
      ༅། །བརྒྱུད་བསྐང་ཆེ་བའི་འགྲེས་བྱང་ནི། ཁྱེད་འཁོར་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཞི་རྒྱས་དབང་དྲག་ལྷ་ཚོགས་དང་། །དཔའ་བོ་དཔའ་མོ་ཆོས་སྐྱོང་དང་། །དམ་ཅན་མ་སྲིང་མཁའ་འགྲོ་དང་། །ལས་བྱེད་ཤ་ཟ་ཁྲག་འཐུང་དང་། །ཕོ་ཉ་སྲོག་གཅོད་ཤན་པའི་ཚོགས། །སྔོན་གྱི་ཐུགས་དམ་དགོངས་པ་བཞིན། །ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འདི། །དོ་ནུབ་གནས་…
      KMG040 · པདྨ་འབྱུང་གནས། ཀུ་སུ་ལུ་པུ་ཎྱེ་ལ་ཀྵ་ས། གཞན་ཕན་མཐར་ཕྱིན། པུ་ནེ་ཀླག་ཤ།
      ༈ བརྒྱུད་བསྐང་གྱི་འགྲེལ་བཤད་ནི། ཁྱེད་འཁོར་དཔའ་བོ་མཁའ་འགྲོ་ལ། །ལུས་དང་ལོངས་སྤྱོད་ལ་སོགས་པ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །དམ་ཚིག་ཉམས་ཆག་མཐོལ་ལོ་བཤགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བརྒྱུད་པ་རེ་རེ་བཞིན་འགྲེལ་སྦྱར་རོ། །གཞུང་གི་དེ་ཚིག་མང་བས་འདི་ཁྱེར་བདེ་བར་མངོན་ནོ།། །།
      སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ། ཟབ་མོ་གཅོད་ཀྱི་བརྒྱུད་བསྐང་ཉམས་ཆག་སྦྱང་།
      KMG040 · པདྨ་འབྱུང་གནས། ཀུ་སུ་ལུ་པུ་ཎྱེ་ལ་ཀྵ་ས། གཞན་ཕན་མཐར་ཕྱིན། པུ་ནེ་ཀླག་ཤ།
      ཟབ་མོ་གཅོད་ཀྱི་བརྒྱུད་བསྐང་ཉམས་ཆག་སྦྱང་བ་བཞུགས་སོ། །ཧཱུྃ། སྐྱེ་མེད་རྣམ་དག་མཐའ་དབུས་བྲལ་བ་ལ། །འགགས་མེད་ཐོག་བཅས་ཐོག་མེད་སྙེམ་བྱེད་བདུད། །གང་ཤར་ཡུལ་མེད་རང་རིག་དབྱིངས་སུ་གཅོད། །གྲུབ་ཐོབ་གཅོད་བརྒྱུད་བླ་མའི་ཐུགས་དམ་བསྐང་། །རང་རིག་ངོ་བོ་སྨྲ་བསམ་ཡུལ་ལས་འདས། །ཡུམ་ཆེན་ཕ་རོལ་ཕྱིན་མའི་ཐུགས་དམ༴ དོན་གཉིས་ཕུན་ཚོགས…
      སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ། གཅོད་ཟབ་དོན་གྱིས་ལྷན་ཐབས་བསྒྲུབ་ཐབ་དངོས་གྲུབ་སྒོ་འབྱེད་ཀྱིས་མཆོད་འབུལ།
      KMG040 · པདྨ་འབྱུང་གནས། ཀུ་སུ་ལུ་པུ་ཎྱེ་ལ་ཀྵ་ས། གཞན་ཕན་མཐར་ཕྱིན། པུ་ནེ་ཀླག་ཤ།
      གཅོད་ཟབ་དོན་གྱིས་ལྷན་ཐབས་བསྒྲུབ་ཐབ་དངོས་གྲུབ་སྒོ་འབྱེད་ཀྱིས་མཆོད་འབུལ་བཞུགས་སོ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འདུད། །མཁའ་འགྲོའི་མཆོད་འབུམ་ཐུགས་དམ་བསྐང་བྱེད་ནི། །སྦྱོར་བ་དངོས་གཞི་རྗེས་གསུམ་བསྟན་པར་བྱ། །སྦྱོར་བ་སྔོན་དུ་འགྲོ་བའི་ཆོས་གསུམ་ནི། །སྐྱབས་འགྲོ་སེམས་བསྐྱེད་བསྲུང་འཁོར་བསྒོམ་པའོ། །སྐྱོབས་འགྲོ་དཀ…
      སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ། ཀུན་དགའ་འབུམ་པའི་བུམ་སྒྲུབ་གབ་སྤྲད་ཚུལ།
      KMG040 · པདྨ་འབྱུང་གནས། ཀུ་སུ་ལུ་པུ་ཎྱེ་ལ་ཀྵ་ས། གཞན་ཕན་མཐར་ཕྱིན། པུ་ནེ་ཀླག་ཤ།
      ༅། །ཀུན་དགའ་འབུམ་པའི་བུམ་སྒྲུབ་གབ་སྤྲད་ཚུལ་ལོ། །བུམ་བསྐྱེད་ནི། ༀ་སྭ་བྷ་ཝ་སོགས། སྟོང་པ་ངང་ལས་བྷྲཱུྃ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བུམཔ་མཚན་ཉིད་དང་ལྡན་པ་ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། མཆུ་འཕྱངས་བ། ཁ་གཡེལ་བ། ལྷ་ཡི་གོས་ཀྱི་མགུལ་ཆིངས་དང་། དཔག་བསམ་ཤིང་གིས་ཁ་རྒྱན་པ། བཅུད་སྣ་ཚོགས་པ…
      KMG040 · པདྨ་འབྱུང་གནས། ཀུ་སུ་ལུ་པུ་ཎྱེ་ལ་ཀྵ་ས། གཞན་ཕན་མཐར་ཕྱིན། པུ་ནེ་ཀླག་ཤ།
      དབང་བསྐུར་ཆོས་ཀྱི་སྒོ་འབྱེད་བཞུགས་སོ། །དབང་བསྐུར་ཆོས་ཀྱི་སྒོ་འབྱེད་པ་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་གསུམ་མོ། །དང་པོ་སྦྱོར་བའི་ཆོས་ལ་གཉིས་སྟེ། སྟ་གོན་དང་མཇུག་ཆོག་གཉིས་སོ། །དང་པོ་སྟ་གོན་ལ་ལྔ་སྟེ། དཀྱིལ་འཁོར་སྟ་གོན། མཆོད་པ་སྟ་གོན། ལྷ་སྟ་གོན། བུམ་པ་སྟ་གོན། སློབ་མ་སྟ་གོན་ནོ། །དང་པོ་དཀྱིལ་འཁོར་སྟ་གོན…
      KMG040 · པདྨ་འབྱུང་གནས། ཀུ་སུ་ལུ་པུ་ཎྱེ་ལ་ཀྵ་ས། གཞན་ཕན་མཐར་ཕྱིན། པུ་ནེ་ཀླག་ཤ།
      ནམ་མཁའ་གོ་འབྱེད་བསྡུས་པ་བཞུགས། ཐུན་མོང་མ་ཡིན་པ་ཟབ་པའི་དབང་བཀའ་ནི། བཅའ་བཞི་གསུམ་གྱིས་བཀའ་ཐོག་ན་བཞག །བཅོས་བསླད་མེད་པར་རིག་པ.ངོས་བཟུང་། །ཅེས་གསུངས་པས། དང་པོ་ལུས་ཀྱི་བཅའ་གཞི་ནི། ཡར་ལང་ལ་རྐང་པ་གཉིས་ཤིབ་ཀྱི་གཤིབ། ལག་པ་གཉིས་ཤད་ཀྱིས་བརྐྱང་ལ་ཐལ་མོ་སྦྱར། ངག་གི་བཅའ་གཞི་ནི། སྟེང་རླུང་འོག་རླུང་གཉིས་ཁ་སྦྱར་ལ་བཟུང…
      སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ། དམ་པ་རྒྱ་གར་དང་མ་ཅིག་ལབ་སྒྲོན་ཡུམ་ཆེན་མོ་རྣམས་ཀྱི་གཏོར་དབང་གི་ཁ་འཕང་རྣམས།
      KMG040 · པདྨ་འབྱུང་གནས། ཀུ་སུ་ལུ་པུ་ཎྱེ་ལ་ཀྵ་ས། གཞན་ཕན་མཐར་ཕྱིན། པུ་ནེ་ཀླག་ཤ།
      དམ་པ་རྒྱ་གར་དང་མ་ཅིག་ལབ་སྒྲོན་ཡུམ་ཆེན་མོ་རྣམས་ཀྱི་གཏོར་དབང་གི་ཁ་འཕང་རྣམས་བཞུགས་སོ། །དམ་པའི་གཏོར་དབང་བྱེད་པ་ནི། གཏོར་མ་ཆུས་བྲན་ལ། གཏོར་མ་མི་དམིགས་པའི་ངང་ལས། པད་ཟླའི་སྟེང་དུ་དམ་པ་རྒྱ་གར་སྐུ་མདོག་དམར་སྨུག་སེང་ལྡེང་གི་མདོག་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ་གཡས་པས་ཌཱ་མ་རུ། གཡོན་ན་མི་རྐང་གླིང་བུ་འབུད་པ། སྤྱན་ཧྲིག…
      སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ། བླ་མ་མཁའ་འགྲོའི་བསྒྲུབ་པ་མཁའ་འགྲོའི་སྲོག་འདྲེན།
      KMG040 · པདྨ་འབྱུང་གནས། ཀུ་སུ་ལུ་པུ་ཎྱེ་ལ་ཀྵ་ས། གཞན་ཕན་མཐར་ཕྱིན། པུ་ནེ་ཀླག་ཤ།
      ༅། །བླ་མ་མཁའ་འགྲོའི་བསྒྲུབ་པ་མཁའ་འགྲོའི་སྲོག་འདྲེན་བཞུགས་སོ། །སྐྱབས་སེམས། མ་རིགས་དྲུག་སྣང་སྲིད་ལྷ་འདྲེ་རྣམས། །སེམས་སྙེམ་ཐག་ཆོད་པར་སྐྱབས་སུ་མཆི། །བཀའ་ཟབ་མོ་གཅོད་ཡུལ་ཉམས་ལེན་གྱིས། །བདུད་ཆོས་སྐུར་གྲོལ་བར་སེམས་བསྐྱེད་དོ། །བསྒོམས་ལ། དངོས་གཞི་ནི། ༀ་མ་ཧཱ་ཤུ་ནྱ༴ རིག་པ་རང་བྱུང་ཀ་དག་ཅིང་། །ལྷུན་གྲུབ་རོལ་རྩལ་ག…