Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 79 of 500
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་གྲུབ་མཐའ་བསྡུས་པ།
      མིག་ཐོབ་ནས་བལྟས་ཚེ་རྣམ་འགྱུར་རྣམས་གཙོ་བོའི་ཀློང་དུ་ཐིམ་ནས་བདག་ཡན་གར་དུ་གནས་པ་ནི་གྲོལ་བའོ་ཞེས་འདོད། དེ་འདྲའི་གཞུང་ལུགས་ཆོས་ཅན། རྫུན་པ་ཡིན་ཏེ། ཐར་པའི་རང་བཞིན་ནམ། གཙོ་བོའི་རང་བཞིན་དང་ཐ་དད་པའི་འགལ་བ་མང་པོ་ཉེ་བར་སྡུད་པའི་སྐྱོན་ཡོད་པའི་ཕྱིར། རྟགས་གྲུབ་སྟེ་གཙོ་བོ་རྟག་པ་ལས་འབྲས་བུ་སྐྱེ་བ་མི་རུང་བ་དང་། བདག་ར…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་གྲུབ་མཐའ་བསྡུས་པ།
      བསྐུམ་འདེགས་འཇོག་འགྲོ་བ་ལྔ། སྤྱི་ལ་ཆེན་པོ་དང་ཆུང་ངུ་གཉིས། བྱེ་བྲག་ནི་གསལ་བ་ཐ་དད་པའི་རྫས། འདུ་བ་ལ་ཐ་དད་དུ་འདུ་བ་མགོ་ལ་རྭ་ལྟ་བུ་དང་། ཐ་མི་དད་དུ་འདུ་བ་དུང་ལ་དཀར་ཟླུམ་ལྟ་བུ་གཉིས་སུ་འདོད། བདག་ནི་ཤེས་པ་མེད་པ་ནམ་མཁའ་ལྟ་བུ་ཡིན་ཞིང་།སྒྲ་ནམ་མཁའི་ཁྲོད་ན་རྟག་ཏུ་གནས་ཀྱང་རླུང་རློན་པས་བསྒྲིབས་ནས་མི་ཐོས་པ་ལ། སྐྱེས་…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་གྲུབ་མཐའ་བསྡུས་པ།
      བྲམ་ཟེ་རིག་བྱེད་ལ་གནོད་པ་བསད་ན་ཆོས་སྲུང་བས་དག་པར་འདོད་དོ། །དེ་ལྟ་བུའི་ལུགས་དེའང་ཆོས་ཅན། ཕྱིན་ཅི་ལོག་གི་གཞུང་དོར་བར་བྱ་བ་ཡིན་ཏེ། རྣམ་པར་གྲོལ་བ་ལ་ཕན་པའི་དོན་མེད་པའི་ལམ་ལྟར་སྣང་ཡིན་པའི་ཕྱིར་ཏེ། ཁྱབ་འཇུག་སོགས་གང་ཡིན་ཡང་སྐྱེས་ན་མི་རྟག་པས་ཁྱབ་ལ། མ་སྐྱེས་ན་མོ་གཤམ་གྱི་བུ་བཞིན་མེད་པས་ཁྱབ་སྟེ་བདེན་གྲུབ་ཏུ་ཡོད…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་གྲུབ་མཐའ་བསྡུས་པ།
      པ་ཙམ་དུ་མེད་པའོ། །འཇིག་མེད་སྟོང་ཉིད་ཀྱི་བདག་ཆེན་པོ་དེའི་ངང་དུ་བློ་བཞག་ན་གཉིས་འཛིན་གྱི་ཡིད་མེད་པར་གྱུར་ནས་ཤི་བའི་ཚེ་བུམ་པ་ཆག་ན་བུམ་ནང་གི་ནམ་མཁའ་ནམ་མཁའ་ཆེན་པོར་འདྲེ་བ་བཞིན་བདག་ཆེན་པོ་དེའི་ངང་དུ་ཐིམ་ནས་གྲོལ་བར་འདོད་དོ། །ཚུལ་འདི་ལྟ་བུ་ནི་རང་གི་ཡང་དག་པ་མིན་པའི་ཀུན་རྟོག་རྒྱ་མཚོའི་རླབས་ཅན་གྱི་རང་བཞིན་ཤིན་ཏ…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་གྲུབ་མཐའ་བསྡུས་པ།
      དུག་གསུམ་མོ། །བཅིང་བ་ནི་འཁོར་བར་འཁོར་བའོ། །ཐར་པ་ནི་དཀའ་ཐུབ་ཀྱི་སྟོབས་ཀྱིས་ལས་མཐའ་དག་ཟད་ནས་ཐར་པ་ཐོབ་པའོ། །དེ་ཡང་ཐར་པའི་ཚེ་ན་སྟོང་གསུམ་གྱི་སྟེང་དུ་གདུགས་དཀར་པོ་བཀན་པ་ལྟ་བུའི་གཟུགས་སུ་འགྱུར་བར་འདོད།སྲོག་ནི་སེམས་ཏེ་དེ་ཡང་སྲོག་དང་ལུས་དབང་དང་ལྡན་པ་འབྱུང་བ་བཞི། རྣ་བ་སོགས་དབང་པོ་སོ་སོ་དང་ལྡན་པའི་ཤིང་ཡོད་ཅིང…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་གྲུབ་མཐའ་བསྡུས་པ།
      རྗེས་སུ་འབྲངས་ནས་ལྟ་བའི་སྙིང་པོ་དང་ཕུར་བུའི་རྒྱུད་དྲུག་སོགས་ལ་བརྟེན་ནས་ཚེ་སྔ་ཕྱི་མེད་པར་འདོད་པ་ཡིན་ལ། ཆད་རྐྱང་སྨྲ་བ་ནམ་མཁའི་རྗེས་སུ་འགྲོ་བས་ན་ལམ་དེས་རང་གཞན་གཉིས་ཀ་བསླུ་བའི་ཕྱིར་འཇིག་རྟེན་ཀུན་ལ་གནོད་པ་ཡིན་པས་དགག་པར་བྱ་དགོས་སོ། །དེ་ཡང་ཚེ་སྔ་མ་ཡོད་དེ་སྐྱེ་སེམས་སྐད་ཅིག་དང་པོར་རང་གི་རིགས་འདྲ་སྔ་མ་སྔོན་དུ…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་གྲུབ་མཐའ་བསྡུས་པ།
      ཡོད་ཅིང་། དམན་པ་ལའང་དབང་པོའི་རིམ་པ་ལས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་གཉིས་སུ་ཡོད་པ་ལས། དང་པོ་ཉན་ཐོས་པ་ལ་སྡེ་ཚན་དང་། རང་བཞིན་དང་། གྲུབ་པའི་མཐའ་སྟེ་རྣམ་པ་གསུམ་དུ་བཞག་པ་ལས་དང་པོ་སྡེ་པ་བཅོ་བརྒྱད་དེ། ཐོག་མར་རྩ་བའི་སྡེ་པ་ཕལ་ཆེན་པ་དང་། གནས་བརྟན་པ་གཉིས། ཕལ་ཆེན་པ་ལས་ནི། གྱེས་པའི་ཕལ་ཆེན་པ། ཐ་སྙད་གཅིག་པ། འཇིག…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་གྲུབ་མཐའ་བསྡུས་པ།
      ཉལ་བར་བརྩོན་པ་དང་། དུག་གསུམ་གྱི་གཉེན་པོར་མི་སྡུག་པ་སོགས་དང་། བདེན་བཞི་དང་རྟེན་འབྲེལ་གྱི་དོན་ཚུལ་བཞིན་སྒོམ་པའི་བྱང་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལམ་ལྔར་སྦྱངས་པས། འབྲས་བུ་ཁམས་གསུམ་ལས་ཐར་པ་ཐོབ་པ་ཡིན་ཏེ། དེ་དག་གི་ལམ་དང་ཐར་པ་ནི་ཡང་དག་པ་ཡིན་པས་དགག་པར་བྱར་མེད་ཅིང་། ཐེག་པ་ཆེན་པོ་ལའང་ལམ་དང་ཐར་པ་དེ་དག་ཡར་ལྡན་ད…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་གྲུབ་མཐའ་བསྡུས་པ།
      དང་ཉོན་མོངས་པ་གཉིས་སོ། །ལས་ནི་སེམས་པ་ཡིད་ཀྱི་ལས་དང་། བསམ་པ་ལུས་ངག་གི་ལས་ཏེ་དེ་རེ་རེར་ཡང་དགེ་མི་དགེ་ལུང་མ་བསྟན་གསུམ་དུ་ཡོད་དོ། །ཉོན་མོངས་ནི་འདོད་ཆགས་ལ་སོགས་པའོ། །འགོག་པ་ནི་སྡུག་བསྔལ་རྒྱུ་དང་བཅས་པ་གཏན་ནས་ཞི་བ་སྟེ་དེ་ལ་ལྷག་བཅས་ལྷག་མེད་གཉིས་སོ། །ལམ་ནི་སྡུག་བསྔལ་ཤེས་ནས། དེའི་རྒྱུ་ཀུན་འབྱུང་སྤོང་ཞིང་འགོག་…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་གྲུབ་མཐའ་བསྡུས་པ།
      མེད་པ་ནི། བདེན་པ་མཐོང་ནས་བསྐལ་པ་མང་པོར་འཁོར་བར་གནས་མི་སྲིད་དེ། སོ་སྐྱེའི་ས་ལ་གྲངས་མེད་གསུམ་གྱི་ཚོགས་བསགས་ནུས་པའི་སྐྱེས་བུ་རབ་སངས་རྒྱས་པར་ནུས་པ་དེས། ངེས་འབྱེད་ཡན་ཆད་སྟན་གཅིག་ལ་ནུབ་གཅིག་གི་ཚེ་མངོན་དུ་བྱེད་ཅེས་འདོད། སངས་རྒྱས་རང་རྒྱུད་པ་ནི། སྐྱེས་བུ་རབ་གྲངས་མེད་ཀྱི་བསྐལ་པར་འཁོར་བར་བསྲན་ནུས་པ་འགའ་ཞིག་གིས…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་གྲུབ་མཐའ་བསྡུས་པ།
      ཡང་གཞན་འཇུག་པའི་གོ་ཡོད་པས་ན་ཡུངས་འབྲུའི་ནང་དུ་སྟོང་གསུམ་ཤོང་བར་ཐལ་བ་སོགས་ཀྱི་རིགས་པས་མི་འཐད་དོ། །གཞན་ཡང་ཉི་གྲིབ་ཀྱི་ཕྱོགས་དང་། རིང་ཐུང་དང་། མདའ་འཕོ་བ་ལ་སོགས་པས་བརྟགས་ན་རྡུལ་ཕྲ་རབ་ཏུ་བདེན་པར་གྲུབ་པ་མེད་དོ། །དུས་ཅན་སྐད་ཅིག་མའང་བདེན་པར་མེད་དེ་དབུས་ཀྱི་སྐད་ཅིག་དེ་སྔ་ཕྱིའི་སྐད་ཅིག་དང་ཕྲད་དམ་མ་ཕྲད། ཕྲད་ན་…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་གྲུབ་མཐའ་བསྡུས་པ།
      དང་། གཞན་ཡང་སྣང་བ་ཐམས་ཅད་སེམས་སུ་དངོས་སྟོབས་ཀྱི་རིགས་པས་འགྲུབ་པ་ན། བག་ཆགས་ཀྱི་རྟེན་ནི་ཉི་ཚེ་བའི་ཤེས་པས་མི་རུང་བས། ཐུན་མོང་གི་རྟེན་ཀུན་གཞི་ཡོད་པར་ཤེས་པར་བྱའོ། །ཐེག་ཆེན་མེད་པའང་མི་འཐད་དེ། སྡེ་སྣོད་གསུམ་དང་ཕྱག་རྒྱ་བཞིའི་དོན་སོགས་དང་འགལ་བ་མེད་པར་མ་ཟད། འོག་མའི་བསྟན་དོན་ལས་ཕུལ་དུ་བྱུང་བར་གྲུབ་པ་དང་། ཐེག་ད…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་གྲུབ་མཐའ་བསྡུས་པ།
      འཇིག་པ་དོན་གཞན། དུས་གསུམ་རྫས་གྲུབ། བརྗོད་མེད་ཀྱི་བདག །ཤེས་པས་རང་དང་ཡུལ་མི་རིག་པ། མཚན་མཚོན་ཐ་དད། ཆུད་མི་ཟ་བའི་རྫས་ཏེ། དེ་ལྟར་འདོད་པ་རྣམ་པ་བདུན་གྱི་གཞུང་གི་དོན་རིག་པའམ་ཤེས་པར་བྱེད་པ་དག་ཀྱང་ཡང་དག་པ་མིན་ཏེ་གྲུབ་མཐའི་ཞེ་འདོད་ཀྱིས་བསླད་པ་ཅི་རིགས་དང་འདྲེས་པའི་ཕྱིར་རོ། །དེ་ལ་ཤེས་བྱ་གཞི་ལྔ་ནི་གཟུགས་ཀྱི་གཞི་ན…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་གྲུབ་མཐའ་བསྡུས་པ།
      རྒྱགས་པ། རྣམ་པར་འཚེ་བ། ངོ་ཚ་མེད་པ། ཁྲེལ་མེད་པ། རྨུག་པ། རྒོད་པ། མ་དད་པ། ལེ་ལོ། བག་མེད་པ། བརྗེད་ངས། རྣམ་པར་གཡེང་བ། ཤེས་བཞིན་མ་ཡིན་པ་སྟེ་ཉི་ཤུ་ནི་ཉེ་བའི་ཉོན་མོངས་པའོ། །གཉིད་འགྱོད་རྟོག་དཔྱོད་བཞི་ནི་གཞན་དུ་འགྱུར་བ་བཞི་སྟེ་དེ་ལྟར་ལྔ་བཅུ་རྩ་གཅིག་གོ། སེམས་དང་སེམས་བྱུང་དེ་དག་ཀྱང་རྟེན་དང་དམིགས་པ་དང་། རྣམ་པ་དང…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་གྲུབ་མཐའ་བསྡུས་པ།
      དང་མཚན་ཉིད་གཞན་བདུན་ཏེ་བརྒྱད་པོ་སྐྱེད་པ་སོགས། གནས་པ་སོགས་ལའང་དེ་བཞིན་དུ་སྦྱར་ཏེ་ཤེས་པར་བྱའོ། །དེ་ཡང་མཚོན་བྱ་དང་དེའི་མཚན་ཉིད་ཐ་དད་དེ་ཁང་པ་བྱ་རོག་གིས་མཚོན་པ་ལྟར་འདོད་པའོ། །དུས་གསུམ་རྫས་གྲུབ་ནི་འདས་དང་མ་འོངས་ཀྱང་རང་ས་ན་ཡོད་པས་དུས་གསུམ་པོ་ད་ལྟར་རྫས་སུ་ཡོད་ལ། དེ་ལྟར་ན་འདས་མ་འོངས་མཐོང་བར་ཐལ་ཟེར་ན་འགག་པ་དང…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་གྲུབ་མཐའ་བསྡུས་པ།
      ལས་བྱས་པ་ཆུད་མི་ཟ་བ་ཞེས་བུ་ལོན་གྱི་ཡི་གེ་ལྟ་བུ། ངོ་བོ་ལུང་མ་བསྟན་པ་དེ་ཡི་དབང་གིས་ལས་ཆུད་མི་ཟ་བར་འདོད་དོ། །འདོད་པ་དེ་དག་ལ་བརྟགས་ན། རྒྱུ་འབྲས་ཀྱི་གཟུགས་ཐམས་ཅད་རྡུལ་ཕྲན་བཀག་པས་ཁེགས་པ་དང་། རྣམ་རིག་མིན་པའང་གཟུགས་མཚན་ཉིད་པ་མིན་ཏེ་ལུས་ངག་ལ་བརྟེན་པའི་ལས་དགེ་སོགས་རྒྱུན་ཆགས་པར་འཕེན་པའི་འདུ་བྱེད་ཙམ་ལ་བཏགས་པ་ལས…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་གྲུབ་མཐའ་བསྡུས་པ།
      འཇིག་པར་རྒྱུ་གང་གིས་གདགས་ཏེ། དངོས་པོ་དང་དེ་ཡི་འཇིག་པ་དུས་མཉམ་ན་དེས་དེ་མི་འཇིག་ལ། མི་མཉམ་པར་སྔ་ཕྱིར་གྱུར་ན་ཡང་འཇིག་པ་དོན་མེད་དོ། །དུས་གསུམ་རྫས་སུ་མ་གྲུབ་སྟེ། འདས་པ་འགག་པ་དང་། མ་འོངས་མ་སྐྱེས་པའི་དངོས་པོ་ད་ལྟ་ཡོད་ན་ཐམས་ཅད་ད་ལྟ་བར་ཐལ་ལ། འདས་པ་དང་འགགས་པའི་མཚན་ཉིད་ཙམ་དུ་ཡོད་དོ་ཟེར་ན་བཏགས་པ་ཙམ་ལས་དོན་ལ་རྫས…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་གྲུབ་མཐའ་བསྡུས་པ།
      ཐོབ་པ་སྤྱིར་བཀག་པ་དང་བྱེ་བྲག་དེ་འདྲའི་རྫས་ལ་དགོས་ནུས་མེད་པ་སོགས་རིགས་པའི་གནོད་པ་ཡོད་པས་མི་འཐད་དོ། །གཉིས་པ་མདོ་སྡེ་སྤྱོད་པས་ནི། གྲུབ་མཐའ་སྤྱི་བྱེ་སྨྲ་དང་མཚུངས་པ་ལས། ཁྱད་པར་གྱི་འདོད་པ་སྐྱེད་བྱེད་རྐྱེན་བཞི། སྣང་བ་བློ། ཡུལ་ལྐོག་གྱུར། རྡུལ་བར་མེད། དབང་པོ་ནུས་པ། མི་ལྡན་པ་ཀུན་བཏགས། མྱང་འདས་དངོས་མེད་དེ། གྲུ…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་གྲུབ་མཐའ་བསྡུས་པ།
      ཤེས་པའི་རྣམ་པ་ཡིན་གྱི། དོན་བུམ་པ་ལྟ་བུ་ནི་དངོས་སུ་ནམ་ཡང་མི་མཐོང་སྟེ། བུམ་སྣང་དང་གོ་ས་ཐ་མི་དད་པར་ལྐོག་ན་ཡོད་དེ། སྐད་ཅིག་དང་པོ་ལ་ཡུལ་དབང་ཤེས་པའི་རྐྱེན་གསུམ་ཚོགས་པའི་ཕྱི་ལོགས་སུ་ཡུལ་དེའི་རྣམ་པ་མེ་ལོང་ལ་གཟུགས་བརྙན་ལྟར་ཤར་བ་ལ། འདྲ་བ་ཉམས་སུ་མྱོང་བའི་ཕྱིར་ཤེས་པས་ཡུལ་མྱོང་བ་ཞེས་ཐ་སྙད་བཏགས་པའོ། །རྡུལ་བར་མེད་…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་གྲུབ་མཐའ་བསྡུས་པ།
      པའམ་མེད་པ་གང་སྐྱེད། རང་སྐྱེ་སོགས་མཐའ་བཞི་པོ་གང་གི་ཚུལ་དུ་སྐྱེ་དཔྱད་ན་དོན་དམ་པར་རྐྱེན་ལས་སྐྱེ་བ་མ་གྲུབ་ཅིང་། སྣང་བ་བློ་དང་ཡུལ་ལྐོག་གྱུར་ཡིན་ན། གཞལ་བྱ་མངོན་གྱུར་ལྐོག་གྱུར་གྱི་རྣམ་དབྱེ་འཐད་དཀའ་ལ། ཡུལ་ལྐོག་ན་མོ་མེད་པར་ཡང་སྣང་རིགས་པའི་ཕྱིར་ཕྱི་དོན་བདེན་པར་མི་འགྲུབ་བོ། །གཞན་ཡང་རྡུལ་ཕྲ་རབ་ལ་བར་མེད་ན་གཅིག་ཏ…