Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 85 of 500
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ལེའུ་བཅོ་བརྒྱད་པའི་ཚིག་འགྲོལ།
      རབ་དབྱེ་ན། །ཞེས་གསུངས་པ་ལྟར་རྟོགས་པར་བྱ་སྟེ། དོན་དམ་དཔྱོད་བྱེད་ཀྱི་ཚད་མས། མྱང་འདས་དཔྱད་བཟོད་དམ་བདེན་གྲུབ་ཏུ་བསྒྲུབ་པ་མིན་པར་ཤན་ཕྱེད་པ་གལ་ཆེའོ། །དེ་ཡང་གཉིས་སྣང་དང་བཅས་པའི་སྤྱོད་ཡུལ་དུ་མི་བརྟན་གཡོ་བའི་ངང་ཚུལ་ཅན་གྱི་ཀུན་རྫོབ་འདི་ལྟར་སྣང་བ་སྣ་ཚོགས་པ་འདི་ཡང་། སྒྱུ་མ་ཆུ་ཟླ་སྤྲུལ་པ་གཟུགས་བརྙན་བཞིན་དུ་བརྟགས…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ལེའུ་བཅོ་བརྒྱད་པའི་ཚིག་འགྲོལ།
      སྣང་བའི་དུས་ཉིད་ནས་ཀྱང་སྐྱེ་བ་དང་གནས་པ་སོགས་སུ་གྲུབ་པ་མེད་པས་ན། ཆོས་དེ་དང་དེའི་རང་བཞིན་ནམ་གནས་ལུགས་ནི་སྣང་སྟོང་འདུ་འབྲལ་མེད་པར་གནས་པ་དེ་ཡིན་པའི་ཕྱིར་བདེན་པ་དབྱེར་མེད་པའི་བདག་ཉིད་དོ། །གཉིས་པ་ལམ་འཁོར་འདས་དབྱེར་མེད་ནི། འཁོར་བ་དེ་ཡི་རང་བཞིན་གདོད་ནས་སྐྱེ་བ་མེད་པའི་བདག་ཉིད་རྣམ་པར་དག་པ་སྟོང་པའི་ཆ་དབྱིངས་ཀྱ…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ལེའུ་བཅོ་བརྒྱད་པའི་ཚིག་འགྲོལ།
      དུ་གནས་ལུགས་ཡང་དག་པའི་དོན་དུ་ན། འཁོར་འདས་ཐ་དད་དུ་རྟོག་པ་ནི་ལོག་པའི་བློ་ཡིན་ཏེ། དངོས་པོའི་དེ་ཁོ་ན་ཉིད་ཀྱི་དོན་ལ་རབ་ཏུ་རྨོངས་ཤིང་ངེས་དོན་གྱི་མདོ་སྡེའི་དགོངས་པ་ཟབ་མོ་ཁོང་དུ་མ་ཆུད་པ་ཞེས་བྱའོ། །དེ་ལྟར་མ་རྟོགས་བཞིན་དུ་ཐ་སྙད་འཁྲུལ་བའི་སྣང་ཚུལ་ཙམ་དུའང་འཁོར་འདས་དབྱེར་མེད་ཅེས་ཁ་འབྱམས་ཚིག་གི་ལྟ་བས་དགེ་སྡིག་སྐྱ…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ལེའུ་བཅོ་བརྒྱད་པའི་ཚིག་འགྲོལ།
      པའི་ཕྱིར་རོ། །དེའི་ཚུལ་རྒྱས་པར་བཤད་ན། སྒྲིབ་པའི་དྲི་མ་ཀུན་ཡེ་ནས་མི་གནས་པའི་ཚུལ་གྱིས་རྣམ་པར་དག་ཅིང་། དྲི་མ་དེའི་རྒྱུ་རྣམ་པར་རྟོག་པའི་སྤྲོས་པ་མ་ལུས་པ་དང་བྲལ་བས་ན་མཐའ་འམ་ཕྱོགས་སུ་ལྷུང་བ་ཀུན་དང་བྲལ་བ་ནི་སྤང་བཆེན་པོ་དང་། དབྱིངས་དེ་ཉིད་ཟབ་མོ་སྐུ་དང་རྣམ་རྟོག་ཞི་བའི་ཡེ་ཤེས་དང་གདོད་ནས་འདུ་འབྲལ་མེད་པའི་རྟོགས་…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ལེའུ་བཅོ་བརྒྱད་པའི་ཚིག་འགྲོལ།
      རྟོགས་པའི་གོལ་ས་བསལ་ནས་ཚུལ་བཞིན་ངེས་པ་རྙེད་ན་མདོ་རྒྱུད་ཟབ་མོའི་དོན་ལ་ཡིད་ཆེས་ཐོབ་ནས་ལམ་ཡོངས་སུ་རྫོགས་པར་འགྱུར་བས་ན། ལེའུ་འདིར་ཚུལ་དེ་ལེགས་པར་གཏན་ལ་ཕབ་པའོ། །དེ་ལྟར་དགའ་རབ་གཉིས་པའི་ལེགས་བཤད་ཆོས། །རིན་ཆེན་མཛོད་ཀྱི་སྙིང་པོར་གང་གྱུར་པ། །ཟབ་མོའི་གནད་ལ་སྟོང་ཐུན་འདི་སྦྱར་བས། །ཚེ་འདིར་ཆོས་རྗེའི་གོ་འཕང་རྙེད་ག…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ལེའུ་བཅོ་བརྒྱད་པའི་ཚིག་འགྲོལ།
      ཡི། །མ་བཅོས་ལྷུག་པར་བརྗོད་པ་རྡོ་རྗེའི་གཏམ། །ཚིག་གི་རྗོད་པ་གཙོ་བོར་མ་བྱས་ཕྱིར། །དཔལ་ལྡན་གྲགས་པས་བསྡུས་པའི་རྒྱུད་རྒྱལ་བཞིན། ༥ །འདི་ཡིས་བསྟན་བྱའི་དོན་ལ་རྣམ་ཀུན་ཏུ། །འབད་པས་བརྟགས་ཀྱང་ཉེས་པ་ཕྲ་མོའི་ཁུར། །ཆོས་བཞིན་རྒོལ་བའི་གོ་སྐབས་མི་སྲིད་ཕྱིར། །དོན་ལ་ངེས་པར་རྟོན་པའི་བརྡ་དང་༡ལྡན། ༦ །གཞན་གྱིས་བསྟོད་ལ་བསྟོད…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ལེའུ་བཅོ་བརྒྱད་པའི་ཚིག་འགྲོལ།
      བྱའི་ཚོགས། །ངེས་པའི་དོན་ལ་རྟོན་པར་མཛད་༣པ་ཉིད། ༡༢ །སེམས་དང་སེམས་བྱུང་རྟོག་པའི་འཕྲོ་འདུ་ཡིས། །དགག་སྒྲུབ་རྩོད་པའི་ནགས་ཁྲོད་འཐུག་པོ་རུ། །རེ་དོགས་འདོར་ལེན་གོམས་པའི་སྟངས་སྟབས་ཀྱིས། །བརྒྱུད་མར་འཕྱན་ཞིང་དུབ་པའི་སྐྱེ་ཚོགས་ལ། ༡༣ །བྱམས་པའི་ལྟ་སྟངས་གཅིག་གིས་ཁྱབ་མཛད་ནས། །ཕྱི་ཕྱིར་ཐེ་ཚོམ་འཆིང་བའི་སྒྲོ་འདོགས་བརྒྱ།…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ལེའུ་བཅོ་བརྒྱད་པའི་ཚིག་འགྲོལ།
      བསྒྲུབས་ན་ཡང་། །ངེས་པར་ནུས་པའི་ཡིད་ཆེས་དད་པ་ཡི། །ཤུགས་ཀྱིས་འཕངས་པའི་བཅོས་མིན་ཚིག་གི་རླབས། །མགྲིན་པའི་གནས་སུ་འཕྱུར་བ་བཞིན་ཏུ་གྱུར། ༢༠ །འདི་ཡི་བསོད་ནམས་རྡོ་རྗེའི་རླུང་ཤུགས་ཀྱིས། །རྟོག་གེ་བདག་ཀྱང་རྟོག་པའི་དྲྭ་བ་ལས། །འདས་ནས་རྟོག་མེད་དཔའ་བོ་ཁྱོད་བཞིན་དུ། །གཉིས་སྣང་འཁྲུལ་བ་ཟིལ་གྱིས་ནོན་གྱུར་ཅིག ༢༡ །ཅེས་པའ…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ལེའུ་བཅོ་བརྒྱད་པའི་ཚིག་འགྲོལ།
      ཡིད་བཞིན་མཛོད་ཆེན་གཞུང་དང་ཆ་ལག་བཅས། །ཆོས་སྦྱིན་མི་ཟད་སྤར་གྱི་ཕྱི་མོ་ནི། །ས་སྟེང་འཇིག་རྟེན་དགེ་བའི་རྒྱན་དུ་བསྒྲུབས། །ཚུལ་འདིར་བསམ་སྦྱོར་འབྲེལ་བའི་འགྲོ་བ་ཀུན། །གནས་སྐབས་རེ་བ་ཡིད་བཞིན་འགྲུབ་པ་དང་། །བདེ་བ་ཅན་སོགས་དག་པའི་ཞིང་ཁམས་སུ། །རྫོགས་སྨིན་སྦྱངས་པ་མཐའ་རུ་ཕྱིན་པར་ཤོག །བསྟན་འཛིན་མཆོག་རྣམས་བསྐལ་བརྒྱར་འ…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་ས་བཅད་བསྡུས་སྡོམ་ཀུ་མུ་དའི་ཕྲེང་བ།
      ཡིད་བཞིན་མཛོད་ཀྱི་ས་བཅད་བསྡུས་སྡོམ་ཀུ་མུ་དའི་ཕྲེང་བ་བཞུགས་སོ།། །།
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་ས་བཅད་བསྡུས་སྡོམ་ཀུ་མུ་དའི་ཕྲེང་བ།
      ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་འདི་ཉིད་འཆད་པ་ལ། མཚན་གྱི་དོན། བྱ་བ་རྩོམ་པའི་ཕྱག །གཞུང་གི་དོན། མཇུག་གི་དོན་དང་བཞི་ལས། དང་པོ། རྒྱ་གར་སྐད་དུ། གཉིས་པ། འཇམ་དཔལ༴ གསུམ་པ་ལ་བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག །བརྩམ་བྱ་བསྟན་བཅོས་ཀྱི་ལུས་དངོས། མཇུག་ཡོངས་སུ་རྫོགས་པའི་བྱ་བ་དང་གསུམ། དང་…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་ས་བཅད་བསྡུས་སྡོམ་ཀུ་མུ་དའི་ཕྲེང་བ།
      གྱི་བཀོད་པ་དང་། དེ་དག་གི་བདེ་སྡུག་སྣང་ཚུལ་བསྟན་པ་གཉིས། དང་པོ་ལ། གཞི་གང་ལས་སྣང་བ་དང་། གང་སྣང་བའི་འཇིག་རྟེན་གཉིས། དང་པོ་ལ།གཞི་ཆོས་ཉིད་ངོས་བཟུང་བ་དང་། དེ་ལས་ཇི་ལྟར་སྣང་ཚུལ་གཉིས། དང་པོ། ཐོག་མའི་འོད་གསལ་སོགས་ཀྱིས་བསྟན། གཉིས་པ་ལ། ཇི་ལྟར་སྣང་ཚུལ་དངོས། དེའི་རང་བཞིན་བརྟག་ཅིང་ཤེས་པར་གདམས་པ་གཉིས། དང་པོ་ལ། བག་ཆ…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་ས་བཅད་བསྡུས་སྡོམ་ཀུ་མུ་དའི་ཕྲེང་བ།
      དང་པོ། འཁྲུལ་སྣང་ཇི་སྙེད༴ གཉིས་པ། ཡུལ་གྱི་བག་ཆགས༴ གསུམ་པ། དེ་ལྟར་ཀུན་གཞིའི༴ གཉིས་པ་ལོག་རྟོག་དགག་པ། མི་ཤེས་པ་དག༴ །གཉིས་པ་སྣང་བ་དེ་དག་གི་རང་བཞིན་ཤེས་པར་བྱ་བ་ལ། དངོས་དང་། དེ་ལྟར་བརྟགས་པའི་ཕན་ཡོན་གཉིས། དང་པོ་ལ། སྣང་གསུམ་སྒྱུ་མ་ལྟར་སྣང་བར་ཤེས་པ་དང་། སྣང་བ་དེ་དག་སེམས་ལ་རག་ལས་པར་བསྟན་པ་གཉིས། དང་པོ། འདི་ལྟར…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་ས་བཅད་བསྡུས་སྡོམ་ཀུ་མུ་དའི་ཕྲེང་བ།
      པར་མི་མཇེད༴ གཉིས་པ་སྟོན་པར་སྣང་ཚུལ་ལ། ཞིང་སྤྱི་བྱེ་བྲག་གི་སྟོན་པར་སྣང་ཚུལ་དང་། དེ་ལ་དོགས་པ་སྤང་བ་གཉིས། དང་པོ། དེ་ལྟར་ལོངས་སྐུའི༴ གཉིས་པ། ཐུན་མོང་མདོ་ལས༴མདོར་བསྡུས་ཤིང་དད་པར་གདམས་པ། སངས་རྒྱས་ཐུགས་རྗེས༴ གཉིས་པ་བྱེ་བྲག་མི་མཇེད་ཀྱི་ཞིང་རྒྱས་པར་བཤད་པ་ལ། སྡོམ་གྱིས་མདོར་བསྟན་པ། ཡན་ལག་རྒྱས་པར་བཤད་པ་གཉིས།དང་…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་ས་བཅད་བསྡུས་སྡོམ་ཀུ་མུ་དའི་ཕྲེང་བ།
      སོ་སོའི་ངོ་བོ་གཉིས། དང་པོ། ཆུ་དང་ས༴ གཉིས་པ་ལ། ལྷུན་པོ་བཤད་པ་དང་། རི་བདུན་བཤད་པ་གཉིས། དང་པོ་ལ། དངོས་དང་། རི་གླིང་ཐུན་མོང་གི་ཡས་མན་གྱི་ཚད་བསྟན་པ་གཉིས། དང་པོ། རི་རབ་རིན་ཆེན༴ གཉིས་པ། ལྷུན་པོ་ཆུ་ལས༴ གཉིས་པ། གསེར་གྱི་རི་བདུན༴ གཉིས་པ་མཚོ་ནི། དེ་དག་ནང་གི༴ གསུམ་པ་གླིང་ནི། གླིང་རྣམས་ས་གཞི༴ གསུམ་པ་བརྟེན་པ་སེམས…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་ས་བཅད་བསྡུས་སྡོམ་ཀུ་མུ་དའི་ཕྲེང་བ།
      རིས་བཞི་དང་སུམ་ཅུ་རྩ་གསུམ་གཉིས། དང་པོ། རྒྱལ་ཆེན་རིས་བཞི། གཉིས་པ་ལ། གནས་སྤྱི་དང་། འབྱོར་པའི་ཁྱད་པར་གཉིས། དང་པོ། རི་རབ་སྟེང་ན༴ གཉིས་པ་ལ་བསྟན་བཤད་གཉིས། དང་པོ། གྲོང་ཚུལ་སོགས་རྐང་པ་གཅིག་གིས་བསྟན། གཉིས་པ་ལྔ་པོ་རིམ་པར། དབུས་ན༴ ལྷའི་སྐྱེད་ཚལ༴ ཚལ་རྣམས་ཕྱི་རོལ༴ ཤིང་ནི་གྲོང་ཁྱེར༴ ལྟ་ན་སྡུག་ནས༴ ཞེས་སོགས་ཀྱིས་བས…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་ས་བཅད་བསྡུས་སྡོམ་ཀུ་མུ་དའི་ཕྲེང་བ།
      མར་གཟུགས་མེད༴ གཉིས་པ། དེ་ལྟར་གཟུགས་མེད༴ གསུམ་པ། དེ་ལྟར་རྟེན་དང་༴ གཉིས་པ། དེ་ནས་གཟུགས་ཁམས༴ གསུམ་པ་འདོད་ཁམས་ལ། མཐོ་རིས་དང་། ངན་སོང་གཉིས། དང་པོ་ལ། ལྷ། མི་གཉིས། དང་པོ་ལ་དངོས་དང་། ཞར་བྱུང་ལྷ་མིན་གཉིས། དང་པོ་ལ་བསྟན་བཤད་གཉིས། དང་པོ། འདོད་པའི་ཁམས༴ གཉིས་པ་ལ། མཁའ་ལ་གནས་པ་དང་། ས་ལ་གནས་པའོ། །དང་པོ་ལ། གནས་སོ་སོའ…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་ས་བཅད་བསྡུས་སྡོམ་ཀུ་མུ་དའི་ཕྲེང་བ།
      དྭགས་དང་དུད་འགྲོའི་ཆགས་ཚུལ་གཉིས། དང་པོ། ངན་སོང་དག་ལས༴ གཉིས་པ། དེ་བཞིན་ཡི་དྭགས༴ གསུམ་པ་སྣོད་བཅུད་ཆགས་པའི་བསྐལ་བའི་མཇུག་བསྡུ་བ། དེ་ལྟར་དམྱལ་གནས༴ གཉིས་པ་གནས་པ་ལ། གང་གནས་པའི་འཇིག་རྟེན་བཤད་པ། དེ་དག་གི་རྩོམ་གཞི་ཕྲ་བ་ངོས་བཟུང་བའོ། །དང་པོ་ལ་བསྟན་བཤད་གཉིས། དང་པོ། དེ་ནས་གནས་པའི༴ གཉིས་པ། འཕེལ་འགྲིབ་ཀྱི་ཚུལ་བཤད…
      MJN021 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཡིད་བཞིན་མཛོད་ཀྱི་ས་བཅད་བསྡུས་སྡོམ་ཀུ་མུ་དའི་ཕྲེང་བ།
      པ་གཉིས། དང་པོ་ལ། འཇིག་པའི་ཐོག་མ་ངོས་བཟུང་བ་དང་། ཇི་ལྟར་འཇིག་ཚུལ་དང་། འཇིག་པའི་ཡུན་བཤད་པ་གསུམ། དང་པོ། དེ་ནས་འཇིག་པའི༴ གཉིས་པ་ལ། བཅུད་འཇིག་པ་དང་། སྣོད་འཇིག་པ་གཉིས། དང་པོ་ལ། ངན་སོང་དང་། མཐོ་རིས་གཉིས། དང་པོ། ལས་ཟད་རྣམས་ནི༴ གཉིས་པ་ལ། མི་དང་། ལྷ་གཉིས། དང་པོ། མི་ཡི་འཇིག་རྟེན༴ གཉིས་པ་ལ་འདོད་ལྷ་དང་། གཟུགས་གཉ…