Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      8998 results — page 1 of 450
      DKG077 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ།
      རྒྱ་གར་སྐད་དུ། མཉྫུ་ཤྲཱི་ཛྙཱ་ན་ས་ཏྭསྱ་པ་ར་མཱརྠ་ནཱ་མ་སཾ་གཱི་ཏི། བོད་སྐད་དུ། འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ། །རྣམ་…
      DKG077 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ།
      པ་ཅན། །ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ། །སངས་རྒྱས་ཕྲིན་ལས་བྱེད་པའི་མགོན། །ལུས་བཏུད་རྣམས་དང་ལྷན་ཅིག་ཏུ། །མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ཏེ། །ཐལ་མོ་སྦྱར་བ་བྱས་གྱུར་ནས། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཁྱབ་བདག་བདག་ལ་སྨན་པ་དང་། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །སྒྱུ་འཕྲུལ་དྲ་བས་…
      DKG077 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ།
      མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། །གསང་འཛིན་ཇི་ལྟར་བདག་འགྱུར་བགྱི། །ཉོན་མོངས་མ་ལུས་བསལ་བ་དང་། །མི་ཤེས་མ་ལུས་སྤང་བའི་ཕྱིར། །སེམས་ཅན་རྣམས་ཀྱི་བསམ་པ་ཡི། །ཁྱད་པར་ཇི་བཞིན་རབ་བཤད་འཚལ། །གསང་དབང་ལག་ན་རྡོ་རྗེ་ཡིས། །དེ་བཞིན་གཤེགས་ལ་དེ་སྐད་དུ། །གསོལ་བཏབ་ཐལ་མོ་སྦྱར་བྱས་ཏེ། །ལུས་བཏུད་ནས་ནི་སྤྱན་སྔར་འདུག །གསོལ་བ་འད…
      DKG077 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ།
      པོ་དྲུག་ལྡན་ཞིང་། །གཉིས་སུ་མེད་པར་འབྱུང་བ་དང་། །སྐྱེ་བ་མེད་པའི་ཆོས་ཅན་འདི། །ཚིག་གི་བདག་པོས་ཚིགས་བཅད་གསུངས། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ། སྠི་ཏོ་ཧྲྀ་དི། ཛྙཱནམཱུ་རྟིར་ཧྃ་བུདྡྷོ་བུདྡྷཱ་ནཱྃ། ཏྲྱདྷྭ་བརྟཱི་ནཱཾ། ཨོཾ་བཛྲ་ཏཱིཀྵྞ་དུཿཁ་ཙྪེ་ད། པྲཛྙཱ་ཛྙཱ་ན་མཱུརྟྟ་ཡེ། ཛྙཱ་ན་ཀཱ་ཡ། ཝཱ་གཱི་ཤྭ་ར། ཨ་ར་པ་ཙ…
      DKG077 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ།
      པོ་ཆེ་ལ་ཐབས་ཆེ་བ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཤེས་རབ་ཆེན་པོ་བློ་ཆེན་ལྡན། །ཐབས་ཆེན་བྱེད་པ་ཆེན་པོ་སྟེ། །རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན། །ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །སྲིད་པའི་རི་བོ་ཆ…
      DKG077 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ།
      སྟེ། །ཚུལ་ཆེན་གཞན་གྱིས་འདྲེན་པ་མིན། །ཚིག་རྗེ་ཚིག་བདག་སྨྲ་མཁས་པ། །ཚིག་ལ་དབང་བ་ཚིག་མཐའ་ཡས། །ཚིག་བདེན་བདེན་པར་སྨྲ་བ་དང་། །བདེན་པ་བཞི་ནི་སྟོན་པ་པོ། །ཕྱིར་མི་ལྡོག་པ་ཕྱིར་མི་འོང་། །བསེ་རུ་སོ་སོར་འདྲེན་པ་སྟེ། །ངེས་འབྱུང་སྣ་ཚོགས་ངེས་འབྱུང་བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པ། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །འདོད་ཆགས…
      DKG077 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ།
      བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །རིག་པའི་རྒྱལ་མཆོག་སྔགས་དབང་པོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །སངས་རྒྱས་ཀུན་བདག་དངོས་པོ་མཆོག །འགྲོ་བ་དགའ་བའི་མིག་དང་ལྡན…
      DKG077 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ།
      བརྒྱ་པ་སྟེ་རྡོ་རྗེའི་མིག །རྡོ་རྗེའི་སྤུ་ནི་མྱུ་གུ་ལུས། །རྡོ་རྗེའི་སྤུ་ནི་ལུས་གཅིག་པུ། །རྡོ་རྗེ་རྩེ་མོ་སེན་མོས་བརྩམས། །རྡོ་རྗེ་སྙིང་པོ་པགས་པ་མཁྲེགས། །རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན། །རྡོ་རྗེ་རྒྱན་གྱིས་བརྒྱན་པ་སྟེ། །གད་རྒྱངས་ཧཱ་ཧཱ་ངེས་པར་སྒྲོགས། །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །འཇམ་པའི་དབྱངས་ནི་སྒྲ་ཆེ་བ། །…
      DKG077 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ།
      མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཉོན་མོངས་དྲི་མ་ཀུན་ལས་འདས། །དུས་གསུམ་དུས་མེད་རྟོགས་པར་གནས། །སེམས་ཅན་ཀུན་གྱི་ཀླུ་ཆེན་པོ། །ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད། །ལྷག་མ་ཀུན་ལས་རྣམ་གྲོལ་བ། །ནམ་མཁའི་ལམ་ལ་རབ་གནས་པ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །བུམ་པ་བཟང་པོ་ཆེ་བ…
      DKG077 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ།
      ཉེས་པ་སྤངས་པ་སྐྱོན་མེད་པ། །ཤིན་ཏུ་རབ་སད་རྣམ་སད་བདག །ཐམས་ཅད་ཡེ་ཤེས་ཀུན་རིག་མཆོག །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རིས་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བ…
      DKG077 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ།
      ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིག་པ་འཆང་། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །རྣམ་པར་དག་པ་འགྱུར་མེད་མཆོག །ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། །མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས། །རྡོ་རྗེ་ཟབ་མོ་ཛིན་ཛིཀ །རྡོ་རྗེ་བློ་གྲོས་དོན་བཞིན་རིག །ཕ་རོལ་ཕྱིན་པ་ཀུ…
      DKG077 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ།
      ཚངས་པའི་སྒོ་ངའི་རྩེ་མོ་གནོན། །རྐང་མཐེབ་སེན་མོ་ལ་གནས་པ། །དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །དམ་པའི་དོན་དེ་འཇིག་པ་མེད། །རྣམ་རིག་སྣ་ཚོགས་རང་བཞིན་དོན། །སེམས་དང་རྣམ་ཤེས་རྒྱུད་དང་ལྡན། །དངོས་པོ་མ་ལུས་དོན་དགའ་བ། །སྟོང་བ་ཉིད་དགའ་འདོད་ཆགས་བློ། །སྲིད་པའི་འདོད་ཆགས་ལ་སོགས་འདས། །སྲིད་པ་གསུམ་པོ་དགའ་བ་ཆེ། །དག་པ་སྤྲིན་…
      DKG077 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ།
      པོ། །སྐད་ཅིག་ཐམས་ཅད་མངོན་པར་རྟོགས། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་གྱི་རྣམ་དབྱེ་ཅན། །ཐེག་པ་གསུམ་གྱི་ངེས་འབྱུང་ནི། །ཐེག་པ་གཅིག་གི་འབྲས་བུར་གནས། །ཉོན་མོངས་ཁམས་རྣམས་དག་པའི་བདག །ལས་ཀྱི་ཁམས་རྣམས་ཟད་བྱེད་པ། །ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ། །སྦྱོར་བའི་དགོན་པ་ལས་བྱུང་བ། །…
      DKG077 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ།
      འཆང་། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང་། །ཏིང་འཛིན་རིག་དང་རྒྱུད་རིག་པ། །ཏིང་འཛིན་སྐུ་སྟེ་སྐུ་ཡི་མཆོག །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཇི་བཞིན་འགྲོ་བའི་དོན་བྱེད་པ། །ལྷ་ཡི་དབང་པོ་ལྷ་ཡི་ལྷ། །ལྷ་མིན་དབང་པོ་ས…
      DKG077 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ།
      འཇམ་དཔལ་དཔལ་དང་ལྡན་པའི་མཆོག །བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་ཚིགས་སུ་བཅད་པ་བཅོ་ལྔའོ།། །།མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་སྙིང་པོ་ཁྱོད་ལ་འདུད། །སྟོང་ཉིད་སྙིང་པོ་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །…
      DKG077 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ།
      རབ་ཏུ་བཤད་པ་དང་། །རྣམ་པར་བཀྲོལ་བ་དང་། རྣམ་པར་ཕྱེ་བ་དང་། རབ་ཏུ་གསལ་བར་བྱས་པ་དང་། བྱིན་གྱིས་བརླབས་པའོ། །ལག་ན་རྡོ་རྗེ་རྡོ་རྗེ་འཆང་། འདི་ནི་ངས་ཁྱོད་ཀྱི་རྒྱུད་ལ་སྔགས་ཀྱི་ཆོས་ཉིད་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པའོ། །འདི་ནི་འཁོར་ལོ་དང་པོའི་རྗེས་སུ་བསྔགས་པ་བཅུ་གཅིག་གོ། །གཞན་ཡང་ལག་ན་རྡོ་རྗེ་རྡ…
      DKG077 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ།
      བཞིའི་སྟོབས་དང་དཔུང་དང་སྡེ་རྣམས་ཀྱི་ཕམ་པར་བྱེད་པའོ། །སེམས་ཅན་ཐམས་ཅད་ཀྱི་ཡང་དག་པར་སྡུད་པའོ། །ངེས་པར་འབྱུང་བས་བགྲོད་པ་ཐམས་ཅད་ཀྱི་འཕགས་པའི་ལམ་ཡོངས་སུ་སྨིན་པའོ། །ཚངས་པའི་གནས་བཞི་ལ་གནས་པ་རྣམས་ཀྱི་ཏིང་ངེ་འཛིན་ཏོ། །སེམས་རྩེ་གཅིག་པ་རྣམས་ཀྱི་བསམ་གཏན་ནོ། །ལུས་དང་ངག་དང་ཡིད་མངོན་པར་སྦྱོར་བ་རྣམས་ཀྱི་རྣལ་འབྱོར་རོ…
      DKG077 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ།
      གཉིས་སོ།། །།གཞན་ཡང་ལག་ན་རྡོ་རྗེ་རྡོ་རྗེ་འཆང་། མཚན་ཡང་དག་པར་བརྗོད་པ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་ལུས་དང་ངག་དང་ཡིད་ཀྱིས་ཀུན་ཏུ་སྤྱད་པའི་སྡིག་པ་མ་ལུས་པ་རབ་ཏུ་ཞི་བར་བྱེད་པའོ། །སེམས་ཅན་ཐམས་ཅད་ཀྱི་ངན་སོང་ཐམས་ཅད་རྣམ་པར་སྦྱོང་བའོ། །ངན་འགྲོ་ཐམས་ཅད་ཟློག་པའོ། །ལས་ཀྱི་སྒྲིབ་བ་ཐམས་ཅད་ཡང་དག་པར་གཅོད་པའོ། །མི་ཁོམ་པ་བར…
      DKG077 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ།
      ཤིན་ཏུ་འབྱོར་ལྡན་རྣམས་ཀྱི་ཤིན་ཏུ་འབྱོར་ལྡན་ནོ། །ཤིན་ཏུ་བཀྲ་ཤིས་པ་རྣམས་ཀྱི་ཤིན་ཏུ་བཀྲ་ཤིས་པའོ། །སྐྱབས་འདོད་པ་རྣམས་ཀྱི་སྐྱབས་སོ། །གནས་མེད་པ་རྣམས་ཀྱི་གནས་སོ། །སྐྱོབ་པ་འདོད་པ་རྣམས་ཀྱི་སྐྱོབ་པའོ། །དཔུང་གཉེན་མེད་པ་རྣམས་ཀྱི་དཔུང་གཉེན་ནོ། །གླིང་འདོད་པ་རྣམས་ཀྱི་གླིང་དུ་གྱུར་པའོ། །རྟེན་མེད་པ་རྣམས་ཀྱི་བླ་ན་མེད…
      DKG077 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ།
      སོ།། །།གཞན་ཡང་ལག་ན་རྡོ་རྗེ་རྡོ་རྗེ་འཆང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པས། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཡེ་ཤེས་ཀྱི་སྐུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་གཉིས་སུ་མེད་པ་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། གཙུག་གི་ནོར་བུ་ཞེས་བྱ་བ་འདི་མཐའ་དག་ཡོངས་སུ་རྫོགས…