Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      8998 results — page 55 of 450
      DKG079 · སངས་རྒྱས་ཤཱཀྱ་ཐུབ་པ།
      མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྡོ་རྗེ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།
      ཐོབ་སྟེ། །སྤྲོས་མེད་དེ་བཞིན་གཤེགས་པའི་རིགས། །དགོས་འདོད་འབྱུང་བ་རིན་ཆེན་རིགས། །སྐྱོན་གྱིས་མ་གོས་པདྨའི་རིགས། །སེམས་ཅན་དོན་གྲུབ་ལས་ཀྱི་རིགས། །གཞན་ནས་མ་ཡིན་རང་ཉིད་ལ། །དུག་ལྔ་སྤྱོད་པའི་གང་ཟག་དེ། །ཡེ་ཤེས་ཁྲོ་མོ་ལྔ་བསྒོམས་ནས། །བདེ་བ་སྐྱེ་བ་སྐུ་ཡིན་པས། །བདེ་ཆེན་དཀར་མོ་བསྒོམ་པར་བྱ། །ནུས་པ་འབྱུང་བ་གསུང་ཡིན་པས…
      DKG079 · སངས་རྒྱས་ཤཱཀྱ་ཐུབ་པ།
      མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྡོ་རྗེ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།
      རྣམ་ལྔ་སྟེ། །གསང་སྔགས་སྤྱོད་པས་བསྟེན་པར་བྱ། །དེ་ནས་ཉམས་དང་བྱིན་བརླབས་ནི། །གོ་རིམས་སྐྱེ་ཚུལ་འདི་ལྟ་སྟེ། །དམིགས་པ་མེད་པའི་སྙིང་རྗེ་སྐྱེ། །སངས་རྒྱས་མཁའ་འགྲོའི་ཉམས་མྱོང་ཡིན། །ཆོས་རྣམས་གཟུགས་བརྙན་ལྟར་མཐོང་བ། །རྡོ་རྗེ་མཁའ་འགྲོའི་ཉམས་མྱོང་ཡིན། །ཐམས་ཅད་མཉམ་པ་ཉིད་སྐྱེ་བ། །རིན་ཆེན་མཁའ་འགྲོའི་ཉམས་མྱོང་ཡིན། །ཆོ…
      DKG079 · སངས་རྒྱས་ཤཱཀྱ་ཐུབ་པ།
      མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྡོ་རྗེ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།
      མངོན་སུམ་དག་ཏུ་མཐོང་བར་འགྱུར། །དབང་པོ་རབ་ཀྱི་སྣང་བ་སྟེ། །ལས་འཕྲོ་ཅན་གྱི་སྣང་བ་ཡིན། །སྐལ་བ་འབྲིང་གི་གང་ཟག་ལ། །ཡེ་ཤེས་ཁྲོ་མོ་རྣམ་པ་ལྔ། །རང་གི་ལས་དང་གང་མཐུན་པར། །རྨི་ལམ་དག་ཏུ་མཆོག་ཏུ་གསལ། །སྐལ་བ་འབྲིང་གི་མཚན་ལྟས་ཡིན། །སྐལ་བ་དམན་པའི་གང་ཟག་ལ། །ཚུལ་བཞིན་བྲིས་པའི་ཐང་སྐུ་སྟེ། །འོད་དང་སྒྲ་དང་འཛུམ་པ་དང་། །མཁའ…
      DKG079 · སངས་རྒྱས་ཤཱཀྱ་ཐུབ་པ།
      མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྡོ་རྗེ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།
      མོ་ཁྱོད། །རིགས་ཅན་ལྔ་ཡི་གང་ཟག་དེས། །བདག་དོན་གཞན་དོན་བྱེད་འདོད་པས། །སྐུ་ལྔ་གདུང་ལྔ་མཆོད་རྟེན་ལྔ། །རྒྱུ་ལྔ་སྔགས་ལྔ་ལས་རིམ་ལྔ། །ལྔ་ཚན་ལྔ་རུ་ཤེས་པར་བྱ། །དེ་ཡི་བྱ་བའི་རིམ་པ་ནི། །དེ་ཉིད་གསུམ་དང་ལྡན་པར་བྱ། །དང་པོ་བདག་གི་དེ་ཉིད་དང་། །གཉིས་པ་རྒྱུ་ཡི་དེ་ཉིད་དང་། །གསུམ་པ་འབྲས་བུའི་དེ་ཉིད་དོ། །དང་པོ་བདག་གི་དེ་ཉ…
      DKG079 · སངས་རྒྱས་ཤཱཀྱ་ཐུབ་པ།
      མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྡོ་རྗེ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།
      མཆོད་རྟེན་ཅི་རིགས་གདབ། །འོག་མིན་གནས་ནས་སྤྱན་དྲངས་ལ། །རབ་ཏུ་གནས་པ་གཞུང་བཞིན་བྱ། །དེ་ལ་མངའ་གསོལ་ན་བཟའ་གསོལ། །མཆོད་དང་བསྟོད་དང་བཞུགས་པ་ཀུན། །དམ་ཆོས་གཞན་དང་མཐུན་པར་བྱ། །དབང་གི་ལས་རྣམས་འགྲུབ་པར་འགྱུར། །དང་པོ་བདག་གི་དེ་ཉིད་ནི། །རྡོ་རྗེ་རིགས་ཀྱི་གང་ཟག་དེ། །དད་དང་བརྩོན་འགྲུས་རབ་ལྡན་པས། །སྐུ་དང་མཆོད་རྟེན་འདེ…
      DKG079 · སངས་རྒྱས་ཤཱཀྱ་ཐུབ་པ།
      མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྡོ་རྗེ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།
      བདག་ལ་གསོན། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དང་། །རྣམ་རྟོག་བརྒྱད་ཁྲི་བཞི་སྟོང་གིས། །དུས་གསུམ་ཀུན་ཏུ་སྡུག་བསྔལ་བསྐྱེད། །དེ་ཡི་གཉེན་པོ་བཤད་དུ་གསོལ། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །རྒྱུ་ནི་མ་རིག་པ་ཡིས་བསྐྱེད། །རྐྱེན་ནི་རྣམ་པར་རྟོག་པ་སྟེ། །དེ་རྣམས་རྣམ་རྟོག་ཇི་ལྟར་བསལ། །ཕྱ…
      DKG079 · སངས་རྒྱས་ཤཱཀྱ་ཐུབ་པ།
      མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྡོ་རྗེ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།
      པ་ཕུལ་ནས། མགོན་པོ་ཐུགས་རྗེ་དང་ལྡན་པས། །བདག་དང་འདུས་པའི་འཁོར་རྣམས་དང་། །འཁོར་བའི་སེམས་ཅན་ཐམས་ཅད་ལ། །ཐུགས་རྗེས་གནང་བ་བཀའ་དྲིན་ལགས། །ཞེས་དགའ་མགུ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བ་རྩ་བའི་ར…
      DKG079 · སངས་རྒྱས་ཤཱཀྱ་ཐུབ་པ།
      མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྡོ་རྗེ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།
      གི་གདོང་། །ཐབས་དང་ཤེས་རབ་ཕག་མོ་ལ། །བདེ་སྟོང་སྐྱོན་བྲལ་གཅེར་བུ་ནི། །རྟོག་པ་མེད་པས་སྤྲུལ་སྐུའོ། །ཡིག་འབྲུ་གསལ་ལ་མི་རྟོག་པས། །ཐིམ་པ་ན་ཡང་ཅང་ཏེའུ། །སྣང་སྟོང་མཐའ་དང་བྲལ་བའོ། །བསྐྱེད་རྫོགས་ངོ་བོ་དབྱེར་མེད་པས། །མཚོན་པ་སྣང་བ་སྟོང་པའི་དང་། །དེ་ཉིད་སྣང་བའི་ངོ་བོ་ཉིད། །དབྱེར་མེད་ཟུང་འཇུག་ཁས་ལེན་བྲལ། །གཅིག་ལ་གཅ…
      DKG079 · སངས་རྒྱས་ཤཱཀྱ་ཐུབ་པ།
      མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྡོ་རྗེ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།
      དྲག་པོ་ནག་པོའི་འཕྲོ་འདུ་བྱ། །སྣ་ཚོགས་འཕྲོས་པས་ཕྲིན་ལས་བཞིའི། །དངོས་གྲུབ་ཐམས་ཅད་འགྲུབ་པ་ཡིན། །ནང་དང་གསང་བའི་བཟླས་པ་ཡང་། །གོང་བཞིན་སྤྲོ་བསྡུ་ཤེས་པར་བྱ། །དུར་ཁྲོད་ཕག་མོས་ཡང་གསོལ་པ། །ཟད་ཅིང་འཕེལ་བར་བྱེད་པ་གང་། །མཐར་ཐུག་པ་ཡི་ཡི་གེ་གང་། །ཞེས་ཞུས་སོ། །དཔའ་བོ་ཆེན་པོས་ཡང་གསུངས་པ། །གཏི་མུག་ཟད་བྱེད་ཨ་ཡིན་ཏེ། །…
      DKG079 · སངས་རྒྱས་ཤཱཀྱ་ཐུབ་པ།
      མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྡོ་རྗེ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།
      སྐད་ཅིག་བཞི་པའི་ཡེ་ཤེས་ཀྱིས། །ཉམས་ལ་ཞེན་པའི་རྣམ་རྟོག་གཅད། །སྐད་ཅིག་ལྔ་བའི་ཡེ་ཤེས་ཀྱིས། །ཉམས་མྱོང་བདེ་བའི་རྣམ་རྟོག་གཅད། །སྐད་ཅིག་དྲུག་པའི་ཡེ་ཤེས་ཀྱིས། །ཡིད་ལ་བྱེད་པའི་རྣམ་རྟོག་གཅད། །གྲོལ་འགྱུར་རབ་ལ་ཐེ་ཚོམ་མེད། །དབང་པོ་འབྲིང་པོའི་གང་ཟག་ལ། །རླུང་དྲུག་མན་ངག་བསྟན་པ་ནི། །ལྷན་ཅིག་སྐྱེས་པའི་རླུང་གོམས་པས། །ར…
      DKG079 · སངས་རྒྱས་ཤཱཀྱ་ཐུབ་པ།
      རིག་པ་འཛིན་པ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་བ།
      རྒྱ་གར་སྐད་དུ། བིདྱཱ་དྷ་རི་ཎཱི་བཛྲ་ཡོ་གི་ནཱི་སཱ་དྷ་ན་ནཱ་མ། བོད་སྐད་དུ། རིག་པ་འཛིན་པ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་བ། དེ་ནས་ཡང་དག་བཤད་བྱ་སྟེ། འབུམ་ཕྲག་གསུམ་བ་ལས་འབྱུང་བའི་སྒྱུ་འཕྲུལ་དྲ་བ་ཆེན་མོ་རལ་པ་གྱེན་དུ་བརྫེས་པའི་རྒྱུད་ལས་སྒྱུ་མ་ཆེན་མོ་ཞེས་བྱ་བ་སྟེ། སྙིང་ག་ནས་སྤྲོས་པས་རྨི་ལམ་ལྟ་བུའི་ལུས་…
      DKG079 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཡང་དག་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཆེན་པོ།
      རྒྱ་གར་སྐད་དུ། སྃ་པུ་ཊ་ནཱ་མ་མ་ཧཱ་ཏནྟྲ། བོད་སྐད་དུ། ཡང་དག་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཆེན་པོ། རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས…
      DKG079 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཡང་དག་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཆེན་པོ།
      བའི་ཏིང་ངེ་འཛིན་ཅེས་བྱ་བའི་དོན་ཏོ། །འབྱུང་བ་ནི་སྐྱེ་བ་སྟེ། དེ་ལྟར་གནས་པ་དང་གཡོ་བའི་དངོས་པོའི་རང་བཞིན་གྱི་བདག་ཉིད་ཅན་དུ་གྱུར་པའོ། །མཚན་ཉིད་ཅེས་བྱ་བ་ནི་འདིས་མཚོན་པར་བྱེད་པའོ། །ཡང་ན་རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཡང་དག་པར་སྦྱོར་བ་ལས་བྱུང་བ་ཞེས་བྱ་བའི་སྒྲས་ནི་རྡོ་རྗེ་སེམས་དཔར་གསུངས་སོ། །གསང་བ་ཞེས་བྱ་བ་འདིས་ན…
      DKG079 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཡང་དག་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཆེན་པོ།
      གསང་བ་སངས་རྒྱས་སྤྱོད་ཡུལ་ཉིད། །དེ་རྣམས་ཀུན་གྱིས་མི་ཤེས་སོ། །འཁོར་བའི་རྒྱ་མཚོའི་འཇིགས་པ་ལས། །རྒལ་བར་འགྲོ་བའི་སེམས་ཀྱིས་ནི། །ལུས་ཀྱི་དབུས་སུ་བསྐོར་བ་ཡི། །རྒལ་བ་མཚོན་པར་གསུངས་པ་སྟེ། །རྣམ་ཤེས་ཡེ་ཤེས་སེམས་ཀྱིས་ནི། །མཚན་ཉིད་མཚན་གཞི་མཚོན་པར་བྱེད། །ཡེ་ཤེས་ཀྱིས་ནི་ཤེས་བྱ་བལྟ། །ཤེས་བྱ་རྣམས་གྱིས་འགྲོ་བ་བརྟག །འ…
      DKG079 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཡང་དག་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཆེན་པོ།
      རྣམས་སུ། །ཕྱུགས་བདག་ལྟེ་བའི་རྩ་བར་ནི། །ཡན་ལག་བརྒྱད་ཀྱི་ས་བོན་གྱིས། །ཡན་ལག་བརྒྱད་ཀྱི་ཆོ་གས་འཛིན། །བརྟན་སོགས་གཡོ་བར་བཅས་པ་ཡི། །འགྲོ་ཀུན་ཁྱབ་པར་བྱེད་པས་ཁྱབ། །ཚངས་སོགས་ལྷ་དང་ལྷ་མིན་རྣམས། །དེ་ཡི་གདན་དུ་གྱུར་པ་ཡིན། །གང་ལ་གཙོ་བོ་སྤྱོད་གྱུར་པའི། །ཁྱིམ་ནི་བྷ་ག་ཞེས་སུ་གསུངས། །ཇི་སྲིད་ལུས་ལ་རྣམ་གནས་པ། །དེ་ཡི་ལ…
      DKG079 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཡང་དག་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཆེན་པོ།
      རྣམ་པར་ངེས། །འདི་རྣམས་དེ་བཞིན་གཤེགས་པའི་རིགས། །མདོར་བསྡུས་པས་ནི་བརྗོད་པར་བྱ། །དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང་། །དེ་བཞིན་སླར་ཡང་གཤེགས་པ་ཉིད། །འདིས་ནི་ཤེས་རབ་རིགས་པས་ནི། །དེ་བཞིན་གཤེགས་པར་མངོན་པར་བརྗོད། །རིགས་ནི་རྣམ་པ་ལྔ་རུ་གསུངས། །རིགས་ནི་བརྒྱ་དང་མཐའ་ཡས་དང་། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཕྱི་ནས་རྣམ་…
      DKG079 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཡང་དག་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཆེན་པོ།
      པར་བྱ། །ཨཱ་ལི་ཀཱ་ལི་རབ་སྨྲས་པ། །བརྗོད་པ་བཟླས་པར་ཡང་དག་བཤད། །རྐང་པའི་རྗེས་ནི་དཀྱིལ་འཁོར་ཡིན། །ཉེད་ཕྱིར་དཀྱིལ་འཁོར་བརྗོད་པར་བྱ། །ལག་པ་སྒྱུར་བ་ཕྱག་རྒྱ་ཡིན། །སོར་མོ་ཉེད་པའང་དེ་བཞིན་ནོ། །གང་ཕྱིར་རྣམ་སེམས་བསམ་གཏན་ནི། །གང་སེམས་དེ་ནི་བསམ་གཏན་ནོ། །ཕ་ལས་བདེ་བ་གང་ཐོབ་པ། །དེ་ཡི་བདེ་བ་རང་གིས་བཟའ། །བདེ་བ་གང་གིས་འ…
      DKG079 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཡང་དག་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཆེན་པོ།
      པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཇོག་གོ། །སྨོན་ལམ་ཡང་དག་པར་འདེབས་སོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཇོག་གོ། །སྨོན་ལམ་ཡང་དག་པར་འདེབས་སོ། །དེ་ལྟར་དགེ་བའི་ཆོས…
      DKG079 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཡང་དག་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཆེན་པོ།
      པས་ངེས་པར་འབྱུང་བ་དང་། རྣམ་པར་བྱང་བས་བདག་གི་སེམས་ནུབ་པར་འགྱུར་ཞིང་ཤིན་ཏུ་རབ་ཏུ་འཇོག་པ་མ་ཡིན་པའོ། །འདི་རྣམས་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། འདོད་པར་སྤྱོད་པ་དང་བཅས་པའོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་དད་པར་བྱེད་དེ། རང་གི་ལས་ཀྱི་རྣམ་པར་སྨིན་པ་ལ་སོ་སོར་ཡིད་ཆེས་པར་གྱུར་པ་གང་ཞིག་དེ་ལྟར་ལས་བྱེད་པར་འགྱུར་བ…
      DKG079 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཡང་དག་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཆེན་པོ།
      ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། བྱེ་བྲག་ཕྱེད་པས་ངེས་པར་འབྱུང་བ་དང་། འདོད་ཆགས་དང་བྲལ་བས་ངེས་པར་འབྱུང་བ་དང་། འགོག་པས་ངེས་པར་འབྱུང་བ་དང་། ཀུན་ནས་ཉོན་མོངས་པ་དང་བྲལ་བའི་ཀུན་ནས་རྣམ་པར་བྱང་བར་གྱུར་པ་དང་། ཆོས་རབ་ཏུ་འབྱེད་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་ས…