Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      8998 results — page 176 of 450
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད།
      བོའི་ཆ་ལུགས་སུ། །སྔགས་དང་ཕྱག་རྒྱ་ཡང་དག་བསྒོ། །བཟླས་པའི་གྲངས་སུ་རྫོགས་བྱས་ལ། །ནད་པ་དེར་ནི་བཀུག་བྱས་ལ། །བྱང་ཕྱོགས་དག་ཏུ་གནས་པར་བྱ། །དངུལ་གྱི་རྫིང་བུ་ཉིད་དུ་ཡང་། །བྲང་གི་ས་བོན་དཀར་པོ་ཡིས། །ཡོངས་སུ་གང་བར་བྱ་བ་ཡིན། །རྫོགས་པའི་སྒྲ་ལྡན་བཅུ་དྲུག་པས། །ལྕགས་ཀྱི་སྐམ་པ་ཀ་བི་ཙའི། །ཤིང་དག་སོར་ནི་བཅུ་གཉིས་པ། །ཡོངས…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད།
      སྔགས་ཀྱིས་སུ། །མཚན་མ་ངེས་པར་གདབ་པར་བྱ། །དེ་ཉིད་དག་ལ་གང་བྱུང་བ། །དེ་ལ་ཤེས་རབ་ཅན་གྱིས་དཔྱད། །རྟགས་སུ་ལྡན་པ་གང་ཡིན་པ། །སྐུ་རྣམས་གཡོས་པ་ཉིད་དང་ནི། །གང་གིས་གཟུགས་རྣམས་གཡོས་གྱུར་པ། །རྟགས་སུ་ངེས་པར་གྱུར་པ་ཡིན། །དེ་ཉིད་འདར་བ་གང་ཡིན་པ། །དེ་ཡང་རྟགས་སུ་ངེས་པ་ཡིན། །དང་པོ་རབ་ཏུ་འབྱོར་བ་ལ། །ནང་གི་བགེགས་ཉིད་བསལ་བ་…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད།
      སྔོན་པོ་ཅན་རྡོ་རྗེ་མེ་ལྕེའི་རྒྱུད་ལས་ཀླུ་གདུག་མདངས་འཕྲོག་གི་གདོན་འདུལ་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ལག་ན་རྡོ་རྗེ་ཡིས། །འཇིག་རྟེན་མགོན་ལ་འདི་སྐད་གསོལ། །གང་ཞིག་ཚངས་པས་ཟིན་པ་ལ། །ཐབས་དེ་གང་ལགས་བསྟན་དུ་གསོལ། །མགོན་པོ་མཆོག་གིས་བཀའ་སྩལ་པ། །ཚངས་པ་སྲིན་པོའི་གདོན་ཞེས་བྱ། །ཤིན་ཏུ་གདུལ་བར་དཀའ་བ་སྟེ། །དེ་ལ་དྲག་…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད།
      རྣམས་སྐྱེད་བྱེད་དང་། །མཆོད་པ་ལྔ་ཡིས་དུས་གཉིས་སུ། །ཡང་དག་པར་ནི་མཆོད་པར་བྱ། །རང་ཉིད་སྔ་མའི་ཚུལ་གནས་ལ། །ཡིད་ཆེས་ཕྲེང་བ་རབ་བཟུང་ནས། །དྲག་པོའི་རིགས་ལ་རྩ་བའི་སྔགས །ཚད་དུ་ཕྱིན་པར་ཡོངས་སུ་བཟླས། །དེ་མཐའི་སྙིང་པོ་མ་ལུས་པ། །བརྒྱ་རྩ་བརྒྱད་དག་བཟླས་པར་བྱ། །དེ་ཡི་མཐའ་རུ་བཟླས་བྱ་བ། །དེ་ཡི་སྲོག་སྙིང་ངེས་པར་བཟླས། །སྐ…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད།
      བྱ། །ཨོཾ་བྷུར་བྷུ་ཏ་སཱ་བུ་བས་སྭཱ་ཧཱ། ས་མ་ན་ཨཱ་ཀཱ་སེ་མེ་ཀར་ཏྃ། བྷུ་ཡུ་བྷུ་ཏ་བྲཧྨ་ནི་ཀ་ཡ་ཡྃ་ས་ར་པ་ར་བྷུ་ཏ་སྭཱ་ཧཱ། ཨོཾ་ཏི་ལི་ཏི་ལ་བཛྲ་ཤ་ར་ཤ་བ་ར་ཧཱུྃ་ཕཊ། ཨོཾ་བྲཧྨ་རཀྵ་གྷ་ཡ་ཧྲྀ་ད་ཡ་ཀ་ར་དི་ཙྪེ་དི་ཡ་ཕཊ། ཨོཾ་ཨཱ་ཀརྵ་ཡ་ཨཱ་ཀརྵ་ཡ་ག་ཏ་ཡ་ཧཱུྃ་ཕཊ།ཨོཾ་ཨ་མྲྀ་ཏ་སིད་དྷ་ཧ་ར་ཧ་ར་བི་ཤོ་དྷ་ཡ་བྃ་ཧཱུྃ། ཨོཾ་བན་དྷ་ནཱྃ་དུ་ཥ་ག་…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད།
      སུ་རྡོ་རྗེ་ཐོགས་བྱས་ཏེ། །ཡིད་ཆེས་དཀར་པོའི་ཕྲེང་བ་ལ། །དྲག་པོའི་བཟླས་པ་མང་དུ་བྱ། །དེ་ཡི་ལོངས་སྤྱོད་བཟང་ཟ་ཞིང་། །སྟག་གི་པགས་པས་སྨད་དཀྲིས་བྱ། །དོན་དང་ལྡན་པའི་སྙིང་པོ་བསམ། །ཁྲག་གིས་ངོ་ཡང་བསྐུས་བྱས་ལ། །ནག་པོར་གཏོགས་པའི་འཕོ་བ་བརྒྱད། །སོགས་པའི་མིང་ལ་ཞུགས་བྱས་ལ། །སྐར་མ་དག་ལ་ངེས་པར་བསྒོམ། །ཆང་འདུ་བ་ལ་གནས་བཅས་…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད།
      གོས་སྔོན་གྱིས། །བཅོམ་ལྡན་མགོན་ལ་འདི་སྐད་གསོལ། །གང་ཞིག་གཤིན་རྗེས་ཟིན་པ་ལ། །ཐབས་དེ་གང་གིས་བགྱི་བ་ལགས། །རིགས་པའི་རྒྱལ་པོས་བཀའ་སྩལ་པ། །གཤིན་རྗེ་བྲང་དམར་ཞེས་པའི་གདོན། །ཁ་དོག་སྔོན་པོ་ཉིད་ལ་ནི། །མཆེ་བ་བཞི་དང་རབ་ལྡན་པའི། །གཡས་ན་ཐོད་དབྱུག་འཛིན་པ་ལ། །གཡོན་ན་མི་ཡི་མགོ་བོ་འཛིན། །དྲག་པོ་འཇིགས་སུ་རུང་བ་ཡི། །གདོན་…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད།
      ལ། །འབོར་གཉིས་རུས་པའི་ཕྲེང་བ་ཡིས། །དྲག་པོའི་རིགས་ལ་བཟུང་བྱས་ཏེ། །རྩ་བའི་སྔགས་སོགས་ཐིམ་པར་བཟླས། །མཆོད་པ་རྣམ་པ་ལྔ་དག་དང་། །ཤ་ཆེན་ལ་སོགས་གཏོར་མ་ཉིད། །གཉིས་སུ་ངེས་པར་དབུལ་གཏང་བྱ། །དེ་ཉིད་འགུགས་པའི་སྙིང་པོ་ཡིས། །ཡང་དག་པ་རུ་དགུག་པར་བྱ། །རལ་གྲི་འབར་བ་གང་ཡིན་པས། །ཤར་ཕྱོགས་དག་ཏུ་ངེས་པར་གནས། །དེ་ལ་ནག་པོ་ཆེན་པ…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད།
      ཡིས། །ནད་པ་སྐད་ངན་འདོན་པར་བྱེད། །ཡོངས་སུ་གྲུབ་པའི་རྟགས་སུ་ནི། །ལྷ་རྣམས་ཕྱོགས་ཆར་གཡོ་བ་དང་། །དེ་ཡི་གཟུགས་བརྙན་གཡོ་བ་ཉིད། །གྲུབ་པའི་རྟགས་སུ་བསྟན་པ་ནི། །དེ་ཡི་དུམ་བུ་གང་ཡིན་པ། །གཞན་གྱིས་སྦྱར་བར་གཏོར་མ་གཏང་། །དེ་ཡི་སྦྱོར་བ་གང་ཡིན་པས། །གཤིན་རྗེའི་གདོན་དང་ངེས་པར་བྲལ། །དེ་དང་བྲལ་བ་གང་ཡིན་པས། །བསྲུང་བའི་འཁོ…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད།
      ཡང་རབ་གསལ་སྣ་ཚོགས་པས། །ཡང་དག་པ་རུ་མཆོད་པར་བྱ། །དཔའ་བོ་སྣ་ཚོགས་འབྱོར་པ་དང་། །མཆོད་པ་སྣ་ཚོགས་ཅི་འབྱོར་པས། །ཟླ་གསུམ་བར་དུ་མཆོད་བྱ་ཞིང་། །རང་ཉིད་ཆ་ལུགས་བསྒྱུར་བ་ཡིས། །ལུས་ལ་ཁྲག་གིས་རྣམ་པར་བསྐུ། །རླག་བྱེད་དངོས་པོ་གང་ཡིན་པ། །འབར་བའི་དཀྱིལ་འཁོར་ཕྱོགས་ཀུན་ཏུ། །སྟོད་ཀྱི་ཚིགས་གཉིས་བཀུག་པ་ཡིས། །ཡོངས་སུ་བྲུ་བར་…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད།
      ལ་སོགས་པ། །མཚོན་གྱིས་ཡོངས་སུ་གཏུབ་པར་བྱ། །དེ་ནས་མེ་ཉིད་རབ་སྦྱར་བས། །སྔགས་དང་ཕྱག་རྒྱར་རབ་ལྡན་པས། །ལུས་ངག་ཡིད་ནི་དྲག་པོ་ཡིས། །ལས་ཀྱི་སྦྱོར་བ་ངེས་པར་སྤྱད། །ཨོཾ་མ་ཧཱ་ཀཱ་ལ་མཱ་ར་ཡ་མཱ་ར་ཡ་སརྦ་ཤ་ཏྲཱུྃ་ནཱྃ་ཕཊ་ཕཊ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་སརྦ་ཤ་ཏྲཱུྃ་ཙྪིནྡ་ཡ་ཕཊ། ད་ས་དྃ་རེ་ཕ་ར་ཧ་ཧ་ཧ་བྷ་སྭཱ་ཧཱ། དེ་ནས་སྔགས་པ་ཡོངས་རྟོགས་…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད།
      པ་ཡིས་ཕྱིར་མི་ལྟ། །དེ་ནས་སྔགས་པ་བློ་ལྡན་པས། །དཀྱིལ་འཁོར་ཁྲུ་ནི་ཕྱེད་དང་དོ། །ཟུར་བཞི་པ་རུ་བྱས་པ་ལ། །རམས་དང་མཐིང་ཤུན་ཡུང་བ་དང་། །བ་ཡི་རྣམ་ལྔ་དྲི་ལྡན་པས། །འཕང་དུ་སོར་གཉིས་རྣམ་པར་ངེས། །ནང་ནས་རབ་ཏུ་ཟླུམ་བྱས་ལ། །ཙན་དན་དཀར་པོའི་ཐིག་ལེ་ནི། །བཅུ་བདུན་ཡོངས་སུ་བྲི་བར་བྱ། །དེ་སྟེང་འཁོར་ལོའི་ལྷ་ཚོགས་གནས། །བླ་རེ་…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད།
      པར་བྱ། །དེ་ནས་དེ་ཉིད་འཕྲོས་པ་ན། །མི་བཟད་རབ་ཏུ་འབར་བ་ཡི། །སྡེར་མོ་ཡིས་ནི་དྲག་ཏུ་བཟུང་། །ཧཱུྃ་གི་ང་རྒྱལ་སྒྲ་དང་ལྡན། །ཞགས་པ་སྔོན་པོ་གང་ཡིན་པས། །དེ་ཡི་སྐེ་ནས་བཟུང་བྱས་ལ། །མེ་ལོང་ཉིད་ལ་ངོ་བསྟན་བྱ། །གཡས་པ་རྡོ་རྗེ་ལྡན་པ་ཡིས། །ཕྲེང་བས་སྔགས་ནི་ཡང་དག་བཟླས། །དེ་ནས་རབ་ཏུ་ལྡན་པ་ཡིས། །སྲོག་གི་སྙིང་པོ་ཡོངས་སུ་བཟླས…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད།
      མེ་ཏོག་ཕྲེང་བས་ཡོངས་སུ་བརྒྱན། །རིན་ཆེན་སྣ་ལྔའི་ཕྱེ་མ་དང་། །དྲི་ཡི་ཕྱེ་མ་སྣ་ཚོགས་པ། །ཕུར་མ་བྱས་པས་གདགས་པར་བྱ། །སྲོག་སྙིང་འོ་མས་བྲི་བྱས་ལ། །དེ་ཡི་མིང་རུས་ཁྲག་གིས་བྲི། །འབྲུ་དག་དཀར་པོའི་སྟེང་བཙུགས་པས། །དེ་ཉིད་ལ་ནི་ཆགས་པར་འགྱུར། །དཀྱིལ་འཁོར་ཁྲུ་གང་གྲུ་བཞི་པ། །འཕང་དུ་སོར་གཉིས་ངེས་པ་ལས། །གོང་དུ་བསྟན་པའི་ས…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད།
      ནི། །ངེས་པར་འགྲུབ་པར་ཡང་དག་བཤད། །ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་མེ་ལྕེའི་རྒྱུད་ལས་གནོད་སྦྱིན་གདོང་སེར་གྱི་གདོན་འདུལ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།ལག་ན་རྡོ་རྗེ་གོས་སྔོན་གྱིས། །བཅོམ་ལྡན་མགོན་ལ་འདི་སྐད་གསོལ། །གང་ཞིག་སྒྲུབ་པར་བྱེད་པ་ལ། །བྲིས་སྐུ་ལ་སོགས་གླེགས་བམ་ཉིད། །ཚད་དེ་གང་གིས་བགྱི་བ་ལགས། །རིག་པ…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད།
      པའི་རོ་ལངས་དང་། །ཅེ་སྤྱང་དྲག་པོའི་སྒྲ་ཡང་སྒྲོགས། །དེ་ལྟར་རིམ་པ་ཇི་བཞིན་པས། །གོང་མ་ལྟ་བུས་ཡང་དག་བྲི། །དབང་བསྐུར་གནས་སྐབས་གང་ཡིན་པས། །མཚན་མའི་དཀྱིལ་འཁོར་ཡོངས་སུ་བྲི། །དེ་ཡི་བར་དུ་མི་གཞན་ལ། །བྲིས་སྐུ་བསྟན་པར་མི་བྱའོ། །བརྒྱང་ཤིང་རུས་པ་ཉིད་ལ་ནི། །བྱས་པས་ཐང་ཀ་ཡོངས་སུ་བརྒྱངས། །གུར་དག་སྔོན་པོ་ཕུབ་བྱས་ལ། །མཁ…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད།
      འདི་སྐད་གསོལ། །གང་ཞིག་རྒྱུད་འདི་ལས་སྦྱོར་བས། །ཐབས་ཀྱི་ཡན་ལག་སྣ་ཚོགས་པ། །ཡང་དག་རྒྱས་པར་གསུང་དུ་གསོལ། །བདེ་གཤེགས་མཆོག་གིས་བཀའ་སྩལ་པ། །དད་པའི་རང་བཞིན་ཅན་གྱི་མིས། །འདི་ཉིད་ལ་ནི་མངོན་པར་བསྒྲུབ། །ཀླུ་གདུག་འབར་བས་ཟིན་པ་ནི། །ནུབ་མོ་ན་པར་གྱུར་པ་དང་། །ཡན་ལག་དྲག་པར་ན་བ་དང་། །སྨིན་མ་ལ་སོགས་བྱི་བ་དང་། །ལུས་ལ་ཤ་ར…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད།
      ལྦུ་བ་སྐྱུག །འཁུར་བ་འབུད་ཅིང་བྲང་ལ་རྡུང་། །གནོད་སྦྱིན་གདོན་དུ་ཤེས་པར་བྱ། །ཡང་ཡང་ལྡང་ཞིང་རྔམ་པ་རྒོད། །ཁ་ནས་ལྕེ་ནི་རྐྱོང་བ་དང་། །ལུས་ལ་བསྐུ་བྱུག་བྱེད་པ་ནི། །གནོད་སྦྱིན་གདོན་དུ་ཤེས་པར་བྱའོ། །ལྟོ་བ་ན་ཞིང་ཟས་ལ་དགའ། །རྒྱབ་ཏུ་གཟེར་བ་གང་ཡིན་པ། །གནོད་སྦྱིན་ནད་དུ་ཤེས་པར་བྱ། །རྟ་སྔོན་དག་ལ་ཞོན་པ་དང་། །བོང་བུ་ལ་…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད།
      མ་དེ་བ་ཡ་ཡ་ཡ་ཀ་ཡ་ཀ་ཀཱ་ལ་སིཉྩ་བྷ་གྷ་བི་བརྟ་ན་སྭཱ་ཧཱ། ཨ་མུ་ཀཾ །འབུམ་དུ་དང་པོར་བསྙེན་པ་ཡིས། །སྦྱོར་བ་ངེས་པར་སྤྱད་པར་བྱ། །ནོར་དག་བསྒྲུབ་པར་འདོད་པ་ན། །ནོར་འཛིན་ལྷ་མོ་ཡོངས་སུ་བྲི། །ཁ་དོག་སེར་པོ་ཉིད་ལ་ནི། །ཕྱག་བཞི་པར་ནི་བྲི་བར་བྱ། །ཞལ་གཅིག་ནུ་མ་འབུར་བ་ལ། །གཡས་ཀྱི་དང་པོ་ཏིང་འཛིན་པ། །གཉིས་པ་འབྲས་ཀྱི་སྙེ་མ་འཛ…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད།
      པར་དཔྱད། །བཟང་ངན་ལྟས་རྣམས་ཡོངས་སུ་བཤད། །རིག་པ་ལེགས་པར་སྤངས་པ་ཡིས། །བ་ཡི་ལྕི་བས་རབ་གཏུམས་ལ། །དང་པོར་གཉིས་སུ་ཤེས་པར་བྱ། །རིང་དུ་བྱེ་བྲག་མེད་པ་ཡིས། །བཅོམ་ལྡན་སྔོན་དུ་བཞག་བྱས་ཏེ། །དང་པོར་མཆོད་པས་ཡང་དག་མཆོད། །དམོད་དག་ཡོངས་སུ་བཙུགས་པ་ཡིས། །ཤེས་རབ་བཅུ་གསུམ་བདག་ཉིད་ཅན། །དམར་པོ་གོས་ཀྱིས་བརྒྱན་བྱས་ཏེ། །ཁྲུས་ད…