Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      8998 results — page 185 of 450
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོ་ཞེས་བྱ་བའི་རྒྱུད།
      བྱ་བའི་རྒྱུད་རིམ་པར་ཕྱེ་བ་སྟེ་བཅུ་གཅིག་པའོ། །དེ་ནས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་དམ་ཚིག་རྡོ་རྗེ་སེམས་དཔའི་ངོ་བོ་ཙརྩི་ཀཱའི་རྣམ་པའི་ཏིང་ངེ་འཛིན་ལ་ཡང་སྙོམས་པར་ཞུགས་ཤིང་། ཕག་མོའི་རྣམ་པའི་ཏིང་ངེ་འཛིན་ལ་ཡང་སྙོམས་པར་ཞུགས་སོ། །དབྱངས་ཅན་གྱི་རྣམ་པའི་ཏིང་ངེ་འཛིན་ལ་ཡང་སྙོམས་པར་ཞུགས་སོ། །གཽ་རི་མའི་རྣམ་པའི་ཏིང་ང…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོ་ཞེས་བྱ་བའི་རྒྱུད།
      ལས་ཀུན་བྱེད་པ་ཡིན། །བྱ་བ་བཟླས་ནས་དངོས་གྲུབ་སྟེར། །བྱེ་བ་ལྔ་བཟླས་སྨོས་ཅི་དགོས། །ཉིན་རེའམ་ཡང་ན་ཟླ་རེ་འམ། །དེ་བཞིན་ལོ་ནི་རེ་རེ་ལ། །གཏོར་མ་དྲུག་ཅུ་རྩ་བཞི་སྦྱིན། །དབྱུག་གུ་དྲུག་ཅུ་རྩ་བཞིར་ཤེས། །རྟག་ཏུ་ཅུང་ཟད་ཅི་ཟ་དང་། །དེ་བཞིན་ཅུང་ཟད་འཐུང་བ་དང་། །གཞན་ཡང་བཟའ་བ་ཐམས་ཅད་ཀྱི། །ཕུད་ནི་གཤིན་རྗེའི་གཤེད་ལ་དབུལ། །…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོ་ཞེས་བྱ་བའི་རྒྱུད།
      པདྨའི་མཁའ་འགྲོ་མ། །ཕྱག་དྲུག་པདྨ་འཛིན་པའོ། །བྱང་དུ་ལས་ཀྱི་མཁའ་འགྲོ་མ། །རལ་གྲི་འཛིན་པའི་དཀྱིལ་འཁོར་རིམ་པའོ། །མེ་ལ་སོགས་པ་མཚམས་བཞི་རུ། །ལྷ་མོ་བསྒོམ་བྱ་བརྟུལ་ཞུགས་ཅན། །ལཱ་སྱེ་མཱ་ལེ་དེ་བཞིན་གར། །གླུ་མ་ཡི་ནི་ཁྱད་པར་རོ། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །དེར་ནི་སྒོ་སྐྱོང་བསྒོམ་པར་བྱ། །ཐོ་བ་དབྱིག་པ་དང་པདྨ། །དེ་བཞིན་…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོ་ཞེས་བྱ་བའི་རྒྱུད།
      སྔགས་འདི་ནི་མཁས་པས་བཟླ། །རྟ་ཡི་མཆོག་ཏུ་གྱུར་པར་གྲགས། །ཤར་དུ་བ་ཌ་བིཾ་བསྒོམ་བྱ། །ལྷོ་ཕྱོགས་སུ་ནི་རིམ་གྲོ་མ། །ནུབ་ཏུ་བདུན་པའི་རྒྱལ་པོ་སྟེ། །རྟ་མཆོག་མ་ནི་བྱང་ཕྱོགས་དགོད། །བདག་པོའི་ཞལ་ཕྱག་ཇི་ལྟ་བར། །ཐམས་ཅད་དེ་དང་འདྲ་བར་བསྒོམ། །སྔགས་འདི་ཡིས་ནི་ཐམས་ཅད་དུ། །གཤེགས་སུ་གསོལ་བར་རབ་ཏུ་གྲགས། །སྨྱུག་མའི་གླིང་བུ་པི…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོ་ཞེས་བྱ་བའི་རྒྱུད།
      དང་། །ས་དང་ཕ་རོལ་ཕྱིན་པ་ལའོ། །སྒོ་ནི་དཀྱིལ་འཁོར་ཆ་བརྒྱད་དེ། །ཁྱམས་ཆེན་དག་ནི་བོར་བ་ལ། །བདག་ཉིད་ཆེན་པོས་ཤེས་པར་བྱ། །ཡིད་དུ་འོང་ཞིང་ལེགས་སྤྲས་པའི། །མུ་ཁྱུད་སྒོ་ཙམ་ཤེས་པར་བྲི། །ལྷ་ཡི་སྣམ་བུའང་དེ་ཙམ་མོ། །རྡོ་རྗེ་ལྷ་མོ་ལྡན་པ་ཡིས། །གླུ་དང་རོལ་མོ་གར་ཡང་དགོད། །མཆོད་སྣམ་སྒོ་ཡི་ཕྱེད་ཉིད་དེ། །འགྲམ་དང་ངོས་ཀྱང་དེ…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོ་ཞེས་བྱ་བའི་རྒྱུད།
      གཞོལ་ན། །ནག་པོའི་ཚིག་ནི་ཇི་ལྟ་བར། །གྲུབ་པར་འདི་ལ་ཐེ་ཚོམ་མེད། །དེ་ནས་བྱམས་པ་ལ་སོགས་ཀྱིས། །རྡོ་རྗེ་ངེས་པ་འདི་མཐོང་ནས། །རྡོ་རྗེ་བྱང་ཆུབ་སེམས་དཔའ་ཀུན། །མི་སྨྲ་བར་ནི་སྡོད་པར་གྱུར། །དེ་ལ་འདི་ནི་རྡོ་རྗེ་དབབ་པའི་ཆོ་གའོ། །འབྱུང་བཞིའི་ས་བོན་ཆེན་པོ་ཡིས། །འཁོར་ལོ་བཞི་ནི་རབ་བསྒྲུབ་བྱ། །གནས་བཞིར་རབ་ཏུ་སྦྱོར་བ་བསམ…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོ་ཞེས་བྱ་བའི་རྒྱུད།
      མཚལ་གྱིས་སོ། །དེ་ལ་བིལ་བའི་སྙིང་པོ་བཞག །ཧ་ཅང་ཉུང་དང་མང་བ་མིན། །མང་ན་ནག་པོར་འགྱུར་བ་སྟེ། །ཉུང་ན་དེ་བཞིན་འཐུལ་བར་འགྱུར། །གཟུགས་ནི་ཁྲོ་དང་ཞི་བའོ། །མཚན་ཉིད་དག་ནི་བཤད་པར་བྱ། །རོལ་བ་ཞི་བར་གསུངས་པ་སྟེ། །ཁྲོ་བོ་སྦོམ་ལ་ཐུང་བར་བཤད། །སྣ་ནི་སོར་བཞི་བྱ་བ་སྟེ། །དཔྲལ་བ་ཀོས་ཀོ་མཆུ་དེ་བཞིན། །མགྲིན་པ་འགྲམ་པ་དེ་བཞིན་མ…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོ་ཞེས་བྱ་བའི་རྒྱུད།
      ཞགས་པ་ཐོ་བ་མདའ་དག་དང་། །བརྟུལ་ཞུགས་ཅན་གྱིས་གཞུ་བཅས་བསྒོམ། །ཨོཾ་པུཀྐ་སཱི་ཨཾ་ཞེས་སྔགས་བརྗོད་དོ། །འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ནི། །དེ་ནས་ཡང་དག་བཤད་བྱ་བ། །དེ་ཡི་མོད་ལ་མི་སྣང་བར། །འཇམ་པའི་རྡོ་རྗེ་གྲགས་འགྱུར་བ། །འབར་བའི་གསེར་འོད་འདྲ་བ་ཡི། །སེར་པོ་ཞལ་གསུམ་ཕྱག་དྲུག་པ། །གཞོན་ནུའི་གཟུགས་ནི་འཛིན་པའི་མགོན། །མི…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོ་ཞེས་བྱ་བའི་རྒྱུད།
      སྒྲོག་མ། །དེ་དག་རྣམ་པར་བསྒོམ་པར་བྱ། །སེར་དང་དམར་དང་དེ་བཞིན་ལྗང་། །ཁ་དོག་སྔོན་པོ་དབྱེ་བ་ཉིད། །མཁས་པས་འདི་ལྟར་བསྒོམ་པར་བྱ། །དེ་བཞིན་སྔགས་འདི་དག་ཀྱང་བཟླས། །ཨོཾ་ཕུཿཛཿ། ཐོ་བ་ལ་སོགས་སྒོ་རུ་དགོད། །མེ་ཏོག་ལ་སོགས་མཚམས་སུ་དགོད། །ཛྃ་གུ་ལི་ཡི་སྦྱོར་བ་ཡིས། །ཆུ་ཡི་སྟེང་ནས་རྟག་ཏུ་འགྲོ། །ཀུ་རུ་ཀུལླེ་རབ་སྒྲུབ་ཐབས། །…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོ་ཞེས་བྱ་བའི་རྒྱུད།
      ནས་བདེ་བའི་འདོད་ཡིད་ཀྱིས། །དམར་པོའི་གོས་ཀྱིས་ཡོངས་དཀྲིས་ཏེ། །རྐང་པའི་དྲུང་དུ་ལྷུང་བར་འགྱུར། །དེར་ནི་སྔགས་ཀྱང་བཟླས་པར་བྱ། །ཡི་གེ་ཨོཾ་ནི་རིང་པོར་དྲང་། །ཡི་གེ་སྭཱ་ཧཱ་མཐའ་མར་སྦྱིན། །ཡི་གེ་སི་ཏིའི་སྔགས་བཟླས་བྱ། །ཆེ་གེ་མོ་ཞིག་བདག་དབང་འགྱུར། །ཐམས་ཅད་དུ་ནི་བསྒོམས་བྱས་ན། །ནག་པོའི་ཚིག་ནི་ཇི་བཞིན་གྱིས། །རྣལ་འབ…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོ་ཞེས་བྱ་བའི་རྒྱུད།
      པར་བྱ། །འཁོར་ལོ་ཡི་ནི་སྒོ་སྲུངས་ཏེ། །ཆོ་གའི་ལས་ནི་མཐོང་བས་སོ། །གཤིན་རྗེའི་གཤེད་ནག་པོའི་རྒྱུད་ལས་ཧེ་རུ་ཀ་བསྒྲུབ་པའི་རིམ་པར་ཕྱེ་བ་སྟེ་བཅུ་དྲུག་པའོ།། །།རྣམ་པ་ལྔ་ནི་བསྒོམས་བྱས་ལ། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །སངས་རྒྱས་གཟུགས་ནི་བསྒོམ་པ་ཡིས། །མཁས་པས་འཁོར་ལོ་བསྒོམ་པར་བྱ། །གྲུ་བཞི་ཡི་ནི་སྦྱོར་བ་ཡིས། །འཁོ…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོ་ཞེས་བྱ་བའི་རྒྱུད།
      བ་དག་ནི་བསྟན་མི་བྱ། །བདག་སོགས་ཕུང་པོ་བརྙས་མི་བྱ། །གྲོང་པའི་ཆོས་ནི་སུན་མི་གདོན། །གདུག་ལ་བྱམས་པ་རྟག་ཏུ་སྤང་། །ཆོས་ལ་ཚད་གཞལ་བར་མི་བྱ། །སེམས་ཅན་དད་པ་ཅན་མི་བསླུ། །རྟག་ཏུ་དམ་ཚིག་བསྟེན་པར་བྱ། །བུད་མེད་ཤེས་རབ་རང་བཞིན་ལ། །སྨོད་པ་ཉེས་པ་དེ་བཞིན་ནོ། །རྣལ་འབྱོར་སློང་མོས་རྒྱུ་མི་བྱ། །རྣལ་འབྱོར་སྤང་བར་མི་བྱ་སྟེ། །…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོ་ཞེས་བྱ་བའི་རྒྱུད།
      བདེ་བ་ཆེན་པོ་སྟེ། །ས་ཡང་མ་ཡིན་ཆུ་མིན་ཏེ། །མེ་མིན་རླུང་མིན་ནམ་མཁའ་མིན། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །བསྐྱེད་པ་ཡང་ནི་རབ་གནས་ནས། །དངོས་པོ་ཐམས་ཅད་དངོས་མེད་བཤད། །དངོས་པོ་མེད་ཅེས་མ་བསྒྲགས་པ། །རྣལ་འབྱོར་སྦྱོར་བ་དང་འབྲེལ་ཕྱིར། །ཆད་པ་མ་ཡིན་རྟག་པ་མིན། །ཡན་ལག་མེད་ཅིང་ཁ་དོག་མེད། །ཐོག་མ་བར་དང་མཐའ་སྤངས་པ། །དངོ…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད།
      ཇི་ལྟར་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཐོས་ཏེ། སྐད་ཅིག་ལ་བཟུང་ཞིང་དོན་བཟུང་སྟེ་བསྡུས་ནས་རབ་ཏུ་ཡིད་ལ་བྱས་སོ། །ཞེས་གསང་བ་ཆེན་པོའི་བདག་པོ་ཆེན་པོ་རྡོ་རྗེ་རིགས་ཀྱི་གཙོ་བོ་ནཱ་ད་ཀུ་བེ་རའི་ཡབ་ཀྱིས་དེ་སྐད་ཅེས་གསུངས་སོ། །ཨཽཌྱན་གྱི་ཡུལ་ནས་ཡང་དག་པར་བྱུང་བ་དངོས་གྲུབ་ཐམས་ཅད་སྐྱེད་པར་བྱེད་པ་རྒྱུད་ཀྱི་རྒྱལ་པོ་འབུ…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད།
      མིག་སྨན་དང་།ས་འོག་དང་།རིལ་བུ་དང་། གསེར་འགྱུར་དང་། བཅུད་ཀྱིས་ལེན་པ་དང་། ནོར་དང་། འབྱུང་པོ་དང་། རོ་ལངས་དང་། ཤ་ཟ་དང་། གནོད་སྦྱིན་དང་། གནོད་སྦྱིན་མོ་དང་། ཀླུ་ལ་སོགས་པ་ཆོ་ག་འདིས་བསྒྲུབ་པར་བྱའོ། །དེ་ལ་ཆོ་ག་ནི་དང་པོར་རེ་ཞིག་སྔགས་པས་རོ་བསྲེགས་པའི་ཐལ་ཆེན་གྱིས་ལུས་བྱུགས་ཏེ། མཚན་ཕྱེད་ན་གཅེར་བུ་སྐྲ་བསིལ་བུ་བྱས་…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད།
      འདོད་ན་མར་ཁུ་ཆེན་པོའི་མར་མེ་དབུལ་ལོ། །མི་དང་།བོང་བུ་དང་། རྔ་མོ་དང་། ཁྱི་དང་། ཝ་དང་། མ་ཧེ་དང་། གླང་པོ་ཆེ་དང་། བ་ལང་དང་། བ་མེན་དང་། ལུག་དང་། རི་དགས་དང་། ཕག་པ་ལ་སོགས་པའི་ཤ་རྣམས་དབུལ་བར་བྱའོ། །གཞན་ཡང་བྱ་རྒོད་དང་། འུག་པ་དང་། བྱ་རོག་དང་། ཁྲ་དང་། ཆུ་སྐྱར་དང་། མཐིང་རིལ་དང་། བཞད་དང་། རྨ་བྱ་དང་། ཁྱིམ་བྱ་དང་། …
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད།
      ས་འོག་དང་། མིག་སྨན་དང་། གསེར་འགྱུར་དང་། བཅུད་ཀྱིས་ལེན་པའམ། དེ་ལས་གཞན་ཡང་ཡིད་ལ་འདོད་པའི་དངོས་གྲུབ་ངེས་པར་བདག་ལ་སྩོལ་ལོ། །བརྒྱ་ཞིག་ལ་སྔགས་པས་དེ་དག་མ་གྲུབ་ན་ཡང་དེའི་ཕྲ་མོའི་ལས་ཐམས་ཅད་ངེས་པར་འགྲུབ་བོ། འདི་ནི་འཇམ་དཔལ་ཞེས་བྱ་བའི་མིང་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་འཁོར་ལོའི་རྣལ་འབྱོར་རྒྱུད་ལས་དཀྱིལ་འཁོར་བ…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད།
      དེ་ལ་ལེ་ཚེ་བཅུ་དྲུག་པའི་རབ་ཏུ་སྦྱོར་བ་འདི་གསུངས་ཏེ། འོན་ཀྱང་འདིའི་ཁྱད་པར་ནི་ཡི་གེ་སུམ་ཅུ་རྩ་གཉིས་པའི་སྔགས་དང་ལྡན་པ་ཡི་གེ་བཅུ་པའི་སྔགས་བསྒྲུབ་བྱའི་མིང་དང་ལྷན་ཅིག་ཏུ་ཡི་གེ་དང་སྔགས་སྤེལ་ལོ། །སྔོན་དུ་གསུངས་པའི་རྫས་དང་ལྷན་ཅིག་ཏུ་བྱ་རོག་གིས་བཏོགས་པའི་ལྷག་མ་མི་གཙང་བ་དང་། རྣམ་པར་སྣང་མཛད་དང་ལྷན་ཅིག་ཏུ་དུར་ཁྲ…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད།
      ན་ཐར་བར་འགྱུར་རོ། །དེ་ནས་རེངས་པའི་རབ་ཏུ་སྦྱོར་བ་གསུངས་ཏེ། ཏེའུ་ལོའི་པགས་པ་ལ་དུག་ལ་སོགས་པའི་རྫས་ཀྱིས་ཡི་གེ་བཅུ་པའི་སྔགས་བྲིས་ལ། པགས་པ་དེ་བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་དང་། གཅིན་བཏང་བའི་ཤུལ་གྱི་སས་བཀང་ལ་དེའི་སྐྲས་བཅིང་བར་བྱའོ། །ཕྱི་ནས་བོང་བུའི་གཅིན་དང་། རྣམ་པར་སྣང་མཛད་དང་ལྷན་ཅིག་ཏུ་བརྫིས་ལ་ཁམ་ཕོར་དགང་…
      DKG083 · སངས་རྒྱས་ཤཱཀྱ་ཐུབ་པ།
      དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད།
      ཕྱིས་ཀྱིས་བཞར་ལ་དེར་གནས་པར་གཟུང་ངོ་། །མར་ཁུ་དེ་བླངས་ནས་ལྷ་ཆེན་པོའི་རྒྱལ་མཚན་གྱི་རས་བླངས་ལ་དེ་བསྲེགས་པའི་བར་གྱི་དུ་བའི་དྲེག་པ་དེ་དང་མར་ཁུ་དེ་གཅིག་ཏུ་བྱས་ལ་བསྐྲད་པར་འདོད་པ་དེའི་མཆིལ་ལྷམ་ལ་དེ་བསྐུའོ། །དེའི་ལག་པ་དང་རྐང་པ་གཉིས་ལ་ཡང་བྱུགས་ན་སྐད་ཅིག་གིས་དེ་སྐྲོད་དོ། །དེ་ནས་གཞན་ཡང་རབ་ཏུ་སྦྱོར་བ་གསུངས་པ་ནི་ད…