Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      966 results — page 49 of 49
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      དྲང་སྲོང་ཨ་མོ་ལི་ཀའི་མངོན་ཤེས་གསལ་བའི་མེ་ལོང་སྒྲུབ་ཚུལ།
      དབང་དུ་འགྱུར་རོ། །དེ་ལ་བསྒྲུབ་པའི་དུས་སུ་ཤ་ཆང་སྒོག་པ་བུད་མེད་རྣམས་སྤང་བར་བྱ། དེ་ལྟར་བསྒྲུབ་པའི་སྔགས་དེ་དམ་ཚིག་དང་བྱང་སེམས་ལྡན་པས་སྟོང་ཕྲག་གསུམ། དད་བརྩོན་སྣོད་ལྡན་རྣམས་ཀྱིས་ཁྲི་ཕྲག་གསུམ་བཟླས་པས་རྟགས་འབྱུང་ངོ་། །དེ་ལ་རྟགས་ནི་རྨི་ལམ་དུ་བུད་མེད་མཛེས་མ་རང་གི་མ་སྲིང་སོགས་ཀྱིས་ཟས་ནོར་སྟེར་ཞིང་གཏམ་མང་དུ་སྨྲ…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      དྲང་སྲོང་ཨ་མོ་ལི་ཀའི་མངོན་ཤེས་གསལ་བའི་མེ་ལོང་སྒྲུབ་ཚུལ།
      པའི་བཀའ་དང་དམ་ལས་མ་འདའ་བར། རྣལ་འབྱོར་སྒྲུབ་པ་པོ་བདག་ལ་ཁམས་གསུམ་དུས་གསུམ་སྒྲིབ་མེད་ས་ལེར་གསལ་བའི་མངོན་ཤེས་སྩོལ་ཅིག་བསོད་ནམས་དཔལ་འབྱོར་ཡར་ངོའི་ཟླ་བ་ལྟར་སྤེལ་ཅིག །གང་འདོད་པའི་དོན་ཐམས་ཅད་ཐོགས་མེད་དབང་དུ་སྡུས་ཤིག །མདོར་ན་ཅི་བཅོལ་བའི་ཕྲིན་ལས་ཐམས་ཅད་ད་ལྟ་ཉིད་དུ་སྒྲུབས་ཤིག །ཅེས་བྱའོ། ༈ །གལ་ཏེ་སྒྲུབ་པའི་སྐབས…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      དྲང་སྲོང་ཨ་མོ་ལི་ཀའི་མངོན་ཤེས་གསལ་བའི་མེ་ལོང་སྒྲུབ་ཚུལ།
      ཚན་བརྒྱད་དུ་བྲི། དེའི་ཕྱི་རོལ་མུ་ཁྱུད་ལ་ཡིག་ངོ་ནང་བསྟན་གྱི་རྟེན་སྙིང་དང་འདོད་གསོལ་བྲི། དེའི་ཕྱི་རོལ་དྲང་སྲོང་གི་སྐུ་གཟུགས་ཕྱག་མཚན་རྒྱན་ཆ་རྣམས་མངོན་རྟོགས་ནས་འབྱུང་བ་ལྟར་བྲི། ལེགས་པར་ལྟེ་བ་ནས་ཚོན་སྐུད་སྣ་ལྔས་འཆིང་རྒྱག་དར་གྱིས་དྲིལ། སྲོག་སྔགས་དང་ཡེ་དྷར་གྱི་རབ་གནས་བྱ། སྟག་པའམ་སེང་ལྡེང་གི་ཕུར་བུ་སོར་བཞི་…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      དྲང་སྲོང་ཨ་མོ་ལི་ཀའི་མངོན་ཤེས་གསལ་བའི་མེ་ལོང་སྒྲུབ་ཚུལ།
      ནན་ནནཿ བར་གཅོད་དམ་སྲིད་ཐེའུ་རང་ལྔ་པོ་མཱ་ར་ཡ་ནནཿ ཅེས་བྲིས་རྭ་རུའི་ནང་དུ་བཞུགས་རང་ཡི་དམ་དྲག་པོར་གསལ་ལ་འགུགས་བཞུགས་དང་དྲག་སྔགས་ཀྱིས་གཟིར་ལ་ཡུངས་ཐུན་དང་ཕུར་བུས་བཏབ་ནས། འབུམ་པའི་འོག་ཏུ་མནན་ནོ། །བར་གཅོད་ཀྱི་རྣམ་པ་ནམ་བྱུང་ན་དྲག་སྔགས་བག་རེ་བཟླ། གསུམ་པ་རྗེས་ནི། དེ་ལྟར་སྒྲུབ་པ་བྱས་པའི་རང་གི་དད་བརྩོན་རྟོགས་པ་ད…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      དྲང་སྲོང་ཨ་མོ་ལི་ཀའི་མངོན་ཤེས་གསལ་བའི་མེ་ལོང་སྒྲུབ་ཚུལ།
      ཀྱང་བཤད་དུ་འོང་བ་ལ། ལར་ངེས་ཆ་མེད་པར་བྱུང་ན་རང་གི་དྲང་སྲོང་མི་དགྱེས་པ་མེད་པར་དམ་ཚིག་ཤིན་ཏུ་གཙང་བར་བྱ་བ་དང་། ལན་གསུམ་དྲི་བ་གལ་ཆེ། རྗེས་མ་དེ་ནི་ཤིན་ཏུ་ངེས་པར་བཤད་དོ། །དྲང་སྲོང་ཨ་མོ་ལི་ཀ་ཞེས་བྱ་བ་འདི། གྲོང་ཁྱེར་ཐམས་ཅད་ཀྱི་དྲི་བསྣོམ་ཞིང་རྒྱུ་བ། ཡི་དྭགས་ལ་ཆད་པའི་ཚུལ་ཅན། བུད་མེད་ཀྱི་ཡིད་ཅན་དྲང་སྲོང་གི་ཆ་བྱ…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      དྲང་སྲོང་ཨ་མོ་ལི་ཀའི་མངོན་ཤེས་གསལ་བའི་མེ་ལོང་སྒྲུབ་ཚུལ།
      ཡི་གེར་བྲིས་པས་དགེ་བས་སེམས་ཅན་ལ་ཕན་ཐོག་ཉི་ཟླ་ལྟར་འབྱུང་བར་གྱུར་ཅིག །མཚན་ལྡན་གྱི་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པ་བར་མ་ཆད་པ་ལས་བྱུང་བའི་མན་ངག་འདི་ནི་རིག་པ་འཛིན་པ་ཤྲཱིའི་ཞབས་ཀྱི་པདྨོ་གཙུག་ཏུ་བཀོད་ནས་བདག་མི་ཕམ་འཇམ་དབྱངས་རྒྱ་མཚོས་ཞུས་པ་ལགས་ཕྱིན་ཆད་ཡིག་ཆ་འདིའི་སྟེང་ནས་ལུང་ཐོབ་པས་ཆོག །འདི་གཞུང་མན་ངག་བསྡེབས་ཤ…