Author
About 40% of texts have an author recorded — this list will grow as more are attributed.
559 results
— page 10 of 28
CMR036
· མཁས་གྲུབ་ཀརྨ་ཆགས་མེད།
རྒྱུན་བསང་ཉུང་འདུས་དགོས་འདོད་ཀུན་འབྱུང་།
ནོར་ལྷ་གཏེར་བདག་ཐམས་ཅད་བསང་། །རྣམ་སྲས་ཚོགས་བདག་རེ་མན། །གནོད་སྦྱིན་དབང་པོ་ཐམས་ཅད་བསང་། །དཔལ་མགོན་བདུན་ཅུ་རྩ་ལྔ་སོགས། །འཇིག་རྟེན་ཁམས་ཀྱི་སྲུང་མ་བསང་། །གནས་མཆོག་ཉི་ཤུ་རྩ་བཞི་ཡི། །མཁའ་འགྲོ་ཞིང་སྐྱོང་ཐམས་ཅད་བསང་། །བདུད་མགོན་སེང་གདོང་ཡབ་ཡུམ་སོགས། །གནས་ཆེན་ཀུན་གྱི་སྲུང་མ་བསང་། །དུར་ཁྲོད་བདག་པོ་ཡབ་ཡུམ་དང་། …
CMR036
· མཁས་གྲུབ་ཀརྨ་ཆགས་མེད།
རྒྱུན་བསང་ཉུང་འདུས་དགོས་འདོད་ཀུན་འབྱུང་།
བཙུན་དེ་མོ་ལ་སོགས་པའི། །བོད་ཁམས་བརྟན་མ་བཅུ་གཉིས་བསང་། །བཀྲ་ཤིས་ཚེ་རིང་མཆེད་ལྔ་སོགས། །སྒྲུབ་བརྒྱུད་སྲུང་མ་ཐམས་ཅད་བསང་། །རྡོ་རྗེ་གཡུ་སྒྲོན་མཆེད་ལྔ་སོགས། །བཀའ་སྲུང་ལྷ་སྨན་ཐམས་ཅད་བསང་། །དགེ་བསྙེན་མཁའ་རི་ལ་སོགས་པའི། །དགེ་བསྙེན་ཉི་ཤུ་རྩ་གཅིག་བསང་། །ཇོ་བོ་སྤྲུག་བཙན་ལ་སོགས་པའི། །གདོང་རིགས་ཕོ་ལྷ་ཐམས་ཅད་བསང་།…
CMR036
· མཁས་གྲུབ་ཀརྨ་ཆགས་མེད།
རྒྱུན་བསང་ཉུང་འདུས་དགོས་འདོད་ཀུན་འབྱུང་།
གྲོགས་མཛོད། །གྲིབ་དང་མི་གཙང་སངས་གྱུར་ཅིག །ཕོག་ཐུག་འགྲམ་འཁྲུགས་བྱང་གྱུར་ཅིག །ནད་གདོན་བར་ཆད་ཞི་བར་མཛོད། །འཐབ་རྩོད་འཁྲུག་ལོང་ཞི་བར། མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །ཀག་ངན་མུ་གེ་ཞི་བར་མཛོད། །གོད་ཁ་གྱོད་གྱུར་ཞི་བར་མཛོད། །ཚེ་དང་བསོད་ནམས་རྒྱས་པར་མཛོད། །ལོ་ལེགས་ནོར་ཕྱུགས་འཕེལ་བར་མཛོད། །རྐང་བཞི་ཕྱུགས་ཀྱི་ད…
CMR036
· མཁས་གྲུབ་ཀརྨ་ཆགས་མེད།
རྒྱུན་བསང་ཉུང་འདུས་དགོས་འདོད་ཀུན་འབྱུང་།
མཛོད། །ཀྱེ།་འཆི་མེད་ཚེ་ཡི་དངོས་གྲུབ་དེ། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །འཛད་མེད་ནོར་གྱི་དངོས་གྲུབ་དེ། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །བང་མཛོད་འབྲུ་ཡི་འཕེལ་གཡང་དེ། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །མི་འཕེན་རྟ་ཧྲག་དར་གཡང་དེ། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །རྨ་གཡང་ཟས་ཀྱི་དངོས་གྲུབ་དེ།ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྒྱུད་འཛིན་རིག…
CMR036
· མཁས་གྲུབ་ཀརྨ་ཆགས་མེད།
རྒྱུན་བསང་ཉུང་འདུས་དགོས་འདོད་ཀུན་འབྱུང་།
བདེ་བ་ཅན་གྱི་ཞིང་ཁམས་སུ། །བརྫུས་སྐྱེས་སྤྲུལ་སྐུ་ཐོབ་པར་ཤོག །ཅེས་བརྗོད་སྟོང་པའི་ངང་ལ་བཞག །ཅེས་པ་འདི་ནི་ཐབ་བསང་དང་། །རྒྱུན་བསང་བྱེད་ན་ནངས་སྔ་དང་། །གསུར་ཆེན་བྱེད་ན་ནུབ་ཀྱང་རུང་། །འདི་ཉིད་ཁོ་ན་བཏོན་པས་འཐུས། །བསང་ཡིག་རྒྱས་པར་སྦྱར་འདོད་ན། །འཛམ་གླིང་སྤྱི་བསང་འཇུག་ཉིད་དུ། །འདི་ཡི་སྦྲུལ་ཤད་གཉིས་ཡོད་པས། །སྟོད…
CMR036
· མཁས་གྲུབ་ཀརྨ་ཆགས་མེད།
བརྔན་ཆུང་རིན་ཆེན་ཕྲེང་བ།
བརྔན་ཆུང་རིན་ཆེན་ཕྲེང་བ་ནི། ན་མོ་གུ་རུ་ཡ། བརྔན་གྱི་བཅའ་ཐབས་ནི། རི་རབ་སྟེང་དུ་དཀར་གཏོར་འདབ་བརྒྱད་ལ་འཁོར་བཤོས་བུ་ལྔ་ཡིས་བསྐོར། འབྱོར་ན་གཟུགས་འགྲོས་དགོས། མ་འབྱོར་ན་ཤེལ་ཚིགས་མཆོད་ལ། བསྐྱེད་ཆོག་བྱིན་རླབས་སྔོན་ལ་སོང་བས་མཐུས། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་པའི་བརྔན་གཏོར་ལོངས་སྤྱོད་ཆར་འབེབས་གྱུར༔ ཤེལ་ཚིགས་ཁྲི་ད…
CMR036
· མཁས་གྲུབ་ཀརྨ་ཆགས་མེད།
བརྔན་ཆུང་རིན་ཆེན་ཕྲེང་བ།
སྣ་ཚོགས་འབུལ༔ བརྟན་མ་བཅུ་གཉིས་ཡ་མ་སྐྱོང་མ་དང་༔ དཔལ་མགོན་བདུན་ཅུ་དྲེགས་པ་ཐམས་ཅད་ལ༔ ཞི་དང་བརྔན་གྱི་མཆོད་པ་སྣ་ཚོགས་འབུལ༔ ཕྲིན་ལས་རྣམ་བཞི་མྱུར་དུ་བསྒྲུབ་ཏུ་གསོལ༔ ཀྱཻ༔ རི་རབ་རི་བདུན་རོལ་པའི་མཚོ་བདུན་དང་༔ གླིང་བཞི་གླིང་ཕྲན་དག་ལ་གནས་པ་དང་༔ ས་བདག་ཀླུ་གཉན་གཞི་བདག་ཟོ་དོར་བརྔན༔ རྒྱ་གར་རྒྱ་ནག་ལི་ཡུལ་བོད་ཡུལ་དང་…
CMR036
· མཁས་གྲུབ་ཀརྨ་ཆགས་མེད།
བརྔན་ཆུང་རིན་ཆེན་ཕྲེང་བ།
གཞི་བདག་ཐམས་ཅད་བརྔན༔ རྩི་རྒྱལ་དཀར་རྒྱལ་རྣམ་རྒྱལ་རྫིག་རྒྱལ་དང་༔ ནོར་བུ་ལྷ་རྩེ་མེ་འབར་མཚོ་ལ་སོགས༔ ས་བདག་ཀླུ་གཉན་གཞི་བདག་ཐམས་ཅད་བརྔན༔ ལྷ་ཀླུ་བདུད་བཙན་མ་མོ་གཤིན་རྗེ་དང་༔ གནས་དཔོན་རྒྱལ་པོ་ཤ་ཟ་སྲིན་པོའི་རིགས༔ ས་བདག་ཀླུ་གཉན་གཞི་བདག་ཐམས་ཅད་བརྔན༔ གཟའ་ཀླུ་ཐེའུ་རང་འབྱུང་པོ་བརྟན་མ་དང་༔ དམ་སྲི་ཡུལ་འདྲེ་བགེགས་ཀྱི…
CMR036
· མཁས་གྲུབ་ཀརྨ་ཆགས་མེད།
བརྔན་ཆུང་རིན་ཆེན་ཕྲེང་བ།
བཞི་མྱུར་དུ་འགྲུབ་པར་མཛོད༔ ཅེས་ཚར་གྲངས་སོང་ནས་ཕུལ་ལོ། །སྔགས་འཆང་རཱག་སྱས་མཛད་པའོ། །སརྦ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
CMR036
· མཁས་གྲུབ་ཀརྨ་ཆགས་མེད།
རྒྱུན་བསང་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང།
རྒྱུན་བསང་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་བཞུགས་ས།
CMR036
· མཁས་གྲུབ་ཀརྨ་ཆགས་མེད།
རྒྱུན་བསང་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང།
བླ་མ་པད་འབྱུང་དཀོན་མཆོག་རྣམ་གསུམ་ལ། །བདག་སོགས་འགྲོ་རྣམས་རྟག་པར་སྐྱབས་སུ་མཆི། །འགྲོ་ཀུན་སངས་རྒྱས་ས་ལ་འགོད་པའི་ཕྱིར། །བསོད་ནམས་ཚོགས་ཆེན་བསང་གི་མཆོད་པ་བྱ། །ཆོས་རྣམས་ཡེ་ནས་དམིགས་མེད་སྟོང་པ་ཉིད། །སྟོང་པའི་ངང་ལས་རང་ཉིད་པད་འབྱུང་གསལ། །རཾ་ཡཾ་ཁཾ་འཕྲོས་མི་གཙང་འབག་བཙོག་སྦྱངས། །དྷཱི༔ལས་དུད་པའི་ལྷ་མོ་སྐུ་མདོག་སྔ…
CMR036
· མཁས་གྲུབ་ཀརྨ་ཆགས་མེད།
རྒྱུན་བསང་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང།
བའི་ཟེར་མ་རེ་རེའི་གསེབ་ནས་ཀྱང་། །འདོད་ཡོན་ལྔ་དང་རྒྱལ་སྲིད་རིན་ཆེན་བདུན། །སྣ་ཚོགས་མཆོད་པའི་ཆར་རྒྱུན་ཟད་མེད་གྱུར། །ཨོཾ་བཛྲ་དྷུ་པེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཀུན་བཟང་མཆོད་པའི་སྤྲིན་ཕུང་བྱིན་གྱིས་རློབས། །རང་བཞིན་རྣམ་དག་སྐུ་གསུམ་ཞིང་ཁམས་ནས། །འཇིག་རྟེན་འདས་དང་མ་འདས་བསང་མགྲོན་ཚོགས། …
CMR036
· མཁས་གྲུབ་ཀརྨ་ཆགས་མེད།
རྒྱུན་བསང་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང།
ཡིད་སྤྲུལ་མཆོད་ཚོགས་བཞེས། །སོ་སོའི་ཡོན་ཏན་གང་དང་ཅི་མཆིས་པ། །བདག་གིས་རབ་ཏུ་དད་པས་བསྟོད་པར་བགྱི། །ཤུག་པ་བལ་བུ་མཁན་དཀར་ཨ་ག་རུ། །ཀླུ་གཉན་མཉེས་བྱེད་བཟང་ཤིང་སྣ་ཚོགས་པ། །ཕྱེ་མར་དཀར་གསུམ་ཇ་ཆང་ཟས་ཕུད་བསྲེགས། །དྲི་བཟང་དུད་པ་སྤྲིན་ལྟར་གཏིབས་པར་གྱུར། ཀྱཻ། ཀུན་བཟང་རྡོར་སེམས་རྡོ་རྗེ་འཆང་ལ་སོགས། །རྒྱལ་བ་དགོངས་བརྒྱ…
CMR036
· མཁས་གྲུབ་ཀརྨ་ཆགས་མེད།
རྒྱུན་བསང་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང།
བླ་མ་ཐམས་ཅད་བསང་། །ཀུན་བཟང་རིགས་ལྔ་ཆེ་མཆོག་རིགས་ལྔ་སོགས། །དམ་པ་རིགས་བརྒྱའི་ལྷ་ཚོགས་ཐམས་ཅད་བསང་། །ཆེ་མཆོག་གཙོ་དགུ་ཡབ་ཡུམ་སྲས་དང་བཅས། །ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་འཁོར་བཅས་བསང་། །པདྨ་བཛྲ་རྡོ་རྗེ་གཞོན་ནུ་སོགས། །དགོངས་པ་འདུས་པའི་ལྷ་ཚོགས་ཐམས་ཅད་བསང་།དྲག་པོ་རིགས་ལྔ་ཁྱུང་སྡིག་ཁྲོ་བོ་བཅུ། །དབང་དྲག་པདྨའི་ལྷ་ཚོག…
CMR036
· མཁས་གྲུབ་ཀརྨ་ཆགས་མེད།
རྒྱུན་བསང་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང།
བསང་། །ཉན་ཐོས་མཆོག་བརྒྱད་གནས་བརྟན་བཅུ་དྲུག་དང་། །གཏད་རབས་བདུན་དང་རྒྱན་དྲུག་མཆོག་གཉིས་སོགས། །ཉན་རང་དགྲ་བཅོམ་ལོ་པཎ་མཁས་གྲུབ་བསང་། །འཕགས་མ་སྒྲོལ་མ་མ་གཅིག་ལབ་ཀྱི་སྒྲོན། །གདུགས་དཀར་ལོ་གྱོན་འོད་ཟེར་ཅན་མ་སོགས། །ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་ཐམས་ཅད་བསང་། །ཕག་ཁྲོས་སེང་གསུམ་ཀུ་རུ་ཀུལླེ་སོགས། །མ་སྲིང་མཁའ་འགྲོ་ཤུགས…
CMR036
· མཁས་གྲུབ་ཀརྨ་ཆགས་མེད།
རྒྱུན་བསང་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང།
བསང་། །ཞིང་སྐྱོང་སེང་གེའི་གདོང་ཅན་ཡབ་དང་ཡུམ། །སྡེ་བརྒྱད་དམག་ཚོགས་འཁོར་དང་བཅས་པ་བསང་། །རྡོ་རྗེ་ལེགས་པ་མཆེད་འཁོར་སུམ་བརྒྱ་དང་། །ཡབ་ཡུམ་སྲས་དང་བཀའ་སྡོད་བཅས་པ་བསང་། །དུར་ཁྲོད་བདག་པོ་བདག་མོ་ངས་ནུས་མ། །དཀོར་ནོར་སྲུང་བའི་སྲུང་མ་ཐམས་ཅད་བསང་། །རྒྱལ་བུ་མཐིང་གེའི་གདོང་ལྷ་སྨུག་པོ་སོགས། །ཕ་མཚུན་དགྲ་ལྷ་གཉན་པོ་ཐམས…
CMR036
· མཁས་གྲུབ་ཀརྨ་ཆགས་མེད།
རྒྱུན་བསང་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང།
དྲག་ལས་བྱེད་ན་རྒྱབ་རྟེན་མཛོད། །ལས་དང་བྱ་བ་ཀུན་ལ་སྡོང་གྲོགས་མཛོད། །མི་རྟ་ཕྱུགས་ཀྱི་གཡང་དང་ཟས་གོས་གཡང་། །ལུག་གཡང་ནོར་གཡང་བང་མཛོད་འབྲུ་ཡི་གཡང་། །རྨ་གཡང་ས་དང་རིགས་རྒྱུད་མི་ཡི་གཡང་། །ས་གཞི་བང་མཛོད་ནོར་བུ་རིན་ཆེན་གཡང་། །ཕྱྭ་དང་གཡང་རྣམས་ཐམས་ཅད་གཡང་དུ་ལེན། །ཕྲུ་ཁུག་གཡང་ཁུག་བདེ་ལེགས་བསྐྱེད་པ་ཧཱུྃ། །ཡེ་ཤེས་ལྷ…
CMR036
· མཁས་གྲུབ་ཀརྨ་ཆགས་མེད།
རྒྱུན་བསང་ཁྱེར་བདེ་ཉུང་ངུར་བསྡུས་པ་བདེ་ལེགས་དཔལ་སྟེར།
རྒྱུན་བསང་ཁྱེར་བདེ་ཉུང་ངུར་བསྡུས་པ་བདེ་ལེགས་དཔལ་སྟེར་བཞུགས་སོ།།
CMR036
· མཁས་གྲུབ་ཀརྨ་ཆགས་མེད།
རྒྱུན་བསང་ཁྱེར་བདེ་ཉུང་ངུར་བསྡུས་པ་བདེ་ལེགས་དཔལ་སྟེར།
ན་མོ་ཨརྱ་ལོ་ཀི་ཤྭ་ར་ཡེ། དེ་ཡང་བསང་ཞེས་བྱ་བ་ཚད་ལྡན་གྱི་ལུགས་གང་ནས་བཤད་ཅེ་ན། མདོ་སྡེ་ཕལ་པོ་ཆེའི་རྣམ་གྲངས། སྡོང་པོ་རྒྱན་པ་ནོར་བཟང་གི་རྟོགས་བརྗོད་ལས། སྔོན་འཇིག་རྟེན་གྱི་ཁམས་འཁོར་ལོ་སྣ་ཚོགས་སུ། དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་འོད་ཟེར་འཁོར་དང་བཅས་པ་རྒྱལ་པོ་ཆོས་ཀྱི་དབང་ཕྱུག་གིས་སྤྱན་དྲངས་པའི་ལོ་རྒྱུས་སྐབས་ས…
CMR036
· མཁས་གྲུབ་ཀརྨ་ཆགས་མེད།
རྒྱུན་བསང་ཁྱེར་བདེ་ཉུང་ངུར་བསྡུས་པ་བདེ་ལེགས་དཔལ་སྟེར།
སེམས་ཅན་ཐམས་ཅད་ཀྱི་ལུས་སྤོས་དྲི་ཡིས་ཁྱབ་པར་གྱུར་ཏོ། །ཞེས་གསུངས་པ་དང་། ཡེ་ཤེས་ཀྱི་ཌཱཀི་ལབ་ཀྱི་སྒྲོན་མས་ཀྱང་། དྲི་བཟང་གི་་ཤིང་ཐོག་གམ། ཤིང་ལ་མེ་སྦྱར་ཞིང་། དཀར་གསུམ་མངར་གསུམ་ཕྱེ་མར་དང་། འབྲུ་སྣ་ཚོགས་བསྲེགས་ཏེ། བླ་མ་དཀོན་མཆོག་མཆོད་ཅིང་འབྱུང་པོ་རྣམས་ལ་དྲི་ཞིམ་པས་ཚིམ་པར་བྱེད་དོ། །ཞེས་གསུངས་པ་ལྟར། འབྲུ་སྣ་ཟ…