Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      159 results — page 4 of 8
      JTN020 · ཏཱ་ར་ནཱ་ཐ།
      བཀའ་བབས་དྲུག་ལྡན་གྱི་ཁྲིད་ཡིག་འཕགས་ཡུལ་གྲུབ་པའི་ཞལ་ལུང་།
      དྲག་ཏུ་གྱེན་དུ་འཐེན་པ་དང༌། ཁོང་ནང་གི་ཤུགས་སྟོད་དུ་ལན་གསུམ་ཙམ་འཐེན། རླུང་ཕྱིར་བཟུང་བཟུང་བར་བཤང་སྒོ་ལྷོད་ཀློད་ཅིང༌། ཁོང་ནང་གི་རླུང་གི་ཤུགས་ཐུར་དུ་མནན། མི་བདེ་བ་སྐྱེས་པ་དང༌། རླུང་ནང་དུ་རྔུབ་ཚུལ་དེ་ལྟ་བུ་ཡང་ཡང་སྒོམ་པའོ། །འདི་ལ་ཡང་ཁོང་ནང་གི་རླུང་གི་ཤུགས་གྱེན་དུ་འཐེན་པ་དང༌། ཐུར་དུ་གནོན་པ་ཡང་ཐོག་མར་གསུམ་ཙམ…
      JTN020 · ཏཱ་ར་ནཱ་ཐ།
      བཀའ་བབས་དྲུག་ལྡན་གྱི་ཁྲིད་ཡིག་འཕགས་ཡུལ་གྲུབ་པའི་ཞལ་ལུང་།
      ཏུ་བཅུག །ཉྭ་བཞི་བསྒྲིམས། མིག་གྱེན་དུ་བལྟ། ལྕེ་རྐན་ལ་སྦྱར། མགྲིན་པ་དགུག་ཅིང༌། ཐུར་སེལ་འཐེན་པ་དང་མཉམ་དུ། ཧཱུཾ་ཡིག་གི་སྒྲས་རླུང་ཕྱིར་བསལ། ལྟོ་བ་ཚིགས་པ་ལ་གཅེར། ཕྱི་རོལ་དུ་མི་བདེ་བ་མ་སྐྱེས་ཀྱི་བར་དུ་བཟུང་ལ། དེ་ནས་ནང་དུ་རྔུབ། ཡང་ལྟག་པ་བགྱེད་ཅིང༌། རླུང་སྦྱོར་སྔར་བཞིན་ནོ། །དམིགས་པ་ནི། ལྟེ་བར་ཧཱུཾ་ཡིག་གམ། ཨཾ…
      JTN020 · ཏཱ་ར་ནཱ་ཐ།
      བཀའ་བབས་དྲུག་ལྡན་གྱི་ཁྲིད་ཡིག་འཕགས་ཡུལ་གྲུབ་པའི་ཞལ་ལུང་།
      ཚུལ་གྱིས་ལན་གསུམ་བཞི་ཙམ། ལྔ་དྲུག་ཙམ་ཐུར་དུ་སྡིགས་པར་བྱེད་ཅིང༌། ལུས་འདར་ཐོན་པར་བྱེད་པའོ། །རླུང་སྦྱོར་ཕྱི་མ་ཆུང་བ་གསུམ་པོ་འདི་ལ་ལུས་གནད་རྟིང་པ་གཅིག་གིས་གསང་གནས་ཀྱི་རྩ་བ་ནས་ལྡེམ་པ་དང༌། རྟིང་པ་གཅིག་གིས་གསང་གནས་ཀྱི་སྟེང་ནས་གནོན་པར་བྱེད་པའོ། །བཅུ་པ་ནི། རླུང་རོ་བསལ་ལ། དེ་ནས་སྣ་བུག་གི་རླུང་མ་བཟུང་པར། ཁོག་ནང…
      JTN020 · ཏཱ་ར་ནཱ་ཐ།
      བཀའ་བབས་དྲུག་ལྡན་གྱི་ཁྲིད་ཡིག་འཕགས་ཡུལ་གྲུབ་པའི་ཞལ་ལུང་།
      རྣམས་འཇམ་ཞིང་མཉེན་པར་འགྱུར་བས་གེགས་ཆུང་བར་བྱེད་པའོ། །དེ་ནས་ཡང་ཞག་འགའ་ལུས་སྟོང་སང་ངེ་བ་འདུག་པར་བསམ་པ་དང༌། རྩ་འཁོར་ལོ་བཞི་སོགས་རྩ་ནང་རྣམས་སྟོང་སང་ངེ་འདུག་པ་ལ་སེམས་བསྟད་པའི་སྟོང་ར་སྒོམ་མོ། །དེ་ནས་དངོས་གཞི་སྲོག་ཐུར་བསྲེ་བ་ལ། འཇམ་རླུང་ལ་བརྟེན་པ་དང༌། རྩུབ་རླུང་ལ་བརྟེན་པ་དང༌། རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་ལ…
      JTN020 · ཏཱ་ར་ནཱ་ཐ།
      བཀའ་བབས་དྲུག་ལྡན་གྱི་ཁྲིད་ཡིག་འཕགས་ཡུལ་གྲུབ་པའི་ཞལ་ལུང་།
      དེ་ཉིད་ཁོ་ན་འབད་པས་སྒོམ་ན། ཐུར་སེལ་སྲོག་ལ་འདྲེ་བའི་རྟགས་འཕྲལ་དུ་འབྱུང་སླ་བ་ཡིན་ཡང༌། འཕྲལ་གེགས་སྡང་ཞིང༌། ཕུགས་བོགས་ཆུང་བས། སྲོག་ཐུར་སེལ་ལ་བསྲེ་བ་དང་གཉིས་སྤཻལ་མར་སྒོམ་ན་ལེགས་པས་དེ་ཀའི་འཕྲོ་ནས་རླུང་དལ་བུས་ནང་དུ་རྔུབ་ལ། སྟེང་རླུང་གསང་གནས་དང༌། བཤང་སྒོ་གཉིས་ཀར་དུ་མནན་ཞིང་སྒོ་དེ་གཉིས་ཀྱང་ཆ་མཉམ་དུ་ལྷོད་ཀློད…
      JTN020 · ཏཱ་ར་ནཱ་ཐ།
      བཀའ་བབས་དྲུག་ལྡན་གྱི་ཁྲིད་ཡིག་འཕགས་ཡུལ་གྲུབ་པའི་ཞལ་ལུང་།
      བྱེད། རླུང་ནང་དུ་རྔུབ་པའི་ཆེ་དྲག་ལ་མྱུར་བར་རྔུབ་བོ། །གསུམ་པ་ནི། འཕོངས་སྟེགས་སྐུམ་ཁྲུ་གང་ཙམ་གྱི་སྟེང་དུ་འཕོངས་བཞག་ལ་སྟེགས་ཀྱིས་འདུག །དེ་ནས་རླུང་བཟུང་ལ། ལག་པ་གཉིས་ཁུ་ཚུར་བཅང་པ་པུས་མོའི་སྟེང་ནས་ཡང་དྲངས་ལ། རྒྱབ་ཏུ་ཤད་ཀྱིས་བརྐྱང། རླུང་གསང་གནས་སུ་དྲག་ཏུ་མནན་ཡང་སྟེང་དུ་འདྲེན། དེ་འདྲ་ལན་གསུམ་རྫོགས་མཚམས་ལག་པ…
      JTN020 · ཏཱ་ར་ནཱ་ཐ།
      བཀའ་བབས་དྲུག་ལྡན་གྱི་ཁྲིད་ཡིག་འཕགས་ཡུལ་གྲུབ་པའི་ཞལ་ལུང་།
      ཕྱི་སྐོར་བ་ནི། མགོ་གཡས་གཡོན་དུ་བསྐོར་བ་དང༌། ལག་པ་གཡས་ཁུ་ཚུར་བཅངས་པ་བརྐྱང་ཏེ་ཕྱི་ནང་དུ་ལན་གསུམ་གསུམ་སྐོར་བ་དང༌། ལག་པ་གཡོན་ལ་ཡང་དེ་དང་འདྲའོ། །དེ་ནས་ལངས་ཏེ་ཐོག་མར་རྐང་པ་གཡས་ཕྱི་ནང་དུ་ལན་གསུམ་གསུམ་སྐོར་བ་དང༌། དེ་ནས་གཡོན་པའང་ཕྱི་ནང་དུ་ལན་གསུམ་གསུམ་སྐོར་བ་དང༌། དེ་ནས་འབེབས་རྒྱག་པར་བྱེད་པའོ། །རྡེག་པ་ནི། རླུ…
      JTN020 · ཏཱ་ར་ནཱ་ཐ།
      བཀའ་བབས་དྲུག་ལྡན་གྱི་ཁྲིད་ཡིག་འཕགས་ཡུལ་གྲུབ་པའི་ཞལ་ལུང་།
      གཡས་མགོ་ལ་བསྐོར་ཞིང་ཞགས་པ་འཕེན་པའི་ཚུལ་གྱིས་ལན་གསུམ་སྤྲུག །གཡོན་པའང་དེ་དང་འདྲ། ལག་པ་གཉིས་ཀ་དུས་གཅིག་ཏུ་ལན་གསུམ་སྤྲུགས། །དེ་ནས་ལངས་ལ་རྐང་པ་གཡས་ལན་གསུམ་སྤྲུགས། །གཡོན་པའང་དེ་དང་འདྲ། དེ་ནས་རླུང་བསྒྱུར་བྱས་ལ། ལག་པ་གཉིས་རྒྱབ་ཏུ་ལག་ཕུར་བཙུགས་ལ་རྐང་བ་གཡས་ལན་གསུམ་བརྐྱང་བསྐུམ་བྱ། གཡོན་པའང་དེ་དང་འདྲ། དེ་ནས་གན་…
      JTN020 · ཏཱ་ར་ནཱ་ཐ།
      བཀའ་བབས་དྲུག་ལྡན་གྱི་ཁྲིད་ཡིག་འཕགས་ཡུལ་གྲུབ་པའི་ཞལ་ལུང་།
      ཕྱིར་བུས་ལ་སྟོང་འདྲེན་བྱ། ཡང་ནང་དུ་རྔུབ་ལ་སྒང་འདྲེན་བྱའོ། །གཉིས་པ་ནི། སྣ་སྒོ་ནས་ཧཱུཾ་གི་སྒྲས་ཕྱིར་བུས་ལ། སྟོང་འདྲེན་དང༌། སྒང་འདྲེན་སྔར་བཞིན་བྱ། གསུམ་པ་ནི། ཧྲིཾ་གི་སྒྲས་རླུང་ཁ་ནས་ཕྱིར་བུས་ལ། སྟོང་འདྲེན་དང་སྒང་འདྲེན་སྔར་བཞིན་བྱའོ། །དེ་ནས་སེདྒེ་རྣམ་རོལ་གྱི་ཕྱག་རྒྱས་འགྲེམས་སྤྱི་དང་མཐུན་པར་བྱ། གཞན་ཡང་གོང…
      JTN020 · ཏཱ་ར་ནཱ་ཐ།
      བཀའ་བབས་དྲུག་ལྡན་གྱི་ཁྲིད་ཡིག་འཕགས་ཡུལ་གྲུབ་པའི་ཞལ་ལུང་།
      ལག་པ་གཡས་པའི་མཐེ་བོང་གཡོན་པས་བཟུང་ལ་མདུན་དུ་ས་ལ་བཙུགས། རྐང་པའི་བྲང་ཡང་ས་ལ་བཙུགས། རླུང་གི་ཤུགས་སྟོད་ཀྱི་ཕྱོགས་སུ་ཡོང་བར་བྱས་ལ། རྐང་པའི་བརླ་བྱིན་པ་ལ་སྦྱར་ཞིང་མནན་པ་དང༌། སྟེང་དུ་བཏེག་ཅིང་འཐེན་པ་ལན་འགའ་བྱའོ། །ཐུན་རྟིང་མ་ལ་ལག་པ་གཡོན་པའི་མཐེ་བོང་གཡས་པས་བཟུང་བ་སོགས་རེ་མོས་ཀྱིས་བྱའོ། །འཆིང་བར་བྱེད་པ་ནི། འཕོ…
      JTN020 · ཏཱ་ར་ནཱ་ཐ།
      བཀའ་བབས་དྲུག་ལྡན་གྱི་ཁྲིད་ཡིག་འཕགས་ཡུལ་གྲུབ་པའི་ཞལ་ལུང་།
      མིག་ལྟར་བསྣོལ། ལག་པ་གཉིས་བསྣོལ་བས་རྐང་པ་གཡས་གཡོན་གྱི་མཐེ་བོང་ནས་བཟུང་ལ་རླུང་བུམ་པ་ཅན་འཛིན་ཞིང་ཐོག་མར་ལྟོ་བའི་སྨད་གཡས་སུ་སྐོར་བ་དང༌། གཡོན་དུ་སྐོར་བ་ལན་གསུམ་གསུམ་བྱ། དེ་ནས་རྐེད་པ་གཡས་སུ་གཅུ་བ་དང༌། གཡོན་དུ་གཅུ་བ་དང༌། ལུས་བགྱེད་ཅིང་སྐེད་པ་མདུན་དུ་འཕུལ་བ་དང༌། ལུས་སྒུར་ཞིང་རྒྱབ་ཏུ་འཕུལ་བ་དང༌། དེ་ཀའི་ངང་ནས…
      JTN020 · ཏཱ་ར་ནཱ་ཐ།
      བཀའ་བབས་དྲུག་ལྡན་གྱི་ཁྲིད་ཡིག་འཕགས་ཡུལ་གྲུབ་པའི་ཞལ་ལུང་།
      གི་སྒྲས་སྟོང་འདྲེན་བྱ་ཞིང༌། མགོ་དང་རོ་སྟོད་སྒུར་རྒྱབ་ཤེད་གྱེན་དུ་འཐེན་ཅི་ཐུབ་བྱ། དེ་ནས་མགོ་དང་རོ་སྟོད་བགྱེད་ཅིང༌། ལུས་ཀྱི་སྨད་འབུར་གྱིས་ཡོད་པར་བྱའོ། །ལྕེ་སྤྱང་གི་འདུག་སྟངས་ནི། འཕོངས་ས་ལ་མ་རེག་པར་རྐང་པའི་བྲང་ས་ལ་བཙུགས། ལག་པ་གཉིས་ཁུར་ཚུར་བཅངས་པ་མདུན་དུ་ས་ལ་བཞག །ཧཱུཾ་གི་སྒྲས་སྟོང་འདྲེན་བྱའོ། །དེ་ནས་སེང…
      JTN020 · ཏཱ་ར་ནཱ་ཐ།
      བཀའ་བབས་དྲུག་ལྡན་གྱི་ཁྲིད་ཡིག་འཕགས་ཡུལ་གྲུབ་པའི་ཞལ་ལུང་།
      པར་བྱས་ལ། གན་རྐྱལ་དུ་འགྱེལ་བ་དང༌། ཡར་ལངས་ལ་མདུན་དུ་ཁ་བུབ་བྱས་ཏེ་དཔྲལ་བ་ས་ལ་རེག་པ་ཙམ་ཡོང་བར་བྱ་བ་སྟེ། མདུན་རྒྱབ་ཏུ་ལན་གསུམ་གཡས་གཡོན་གྱི་པུས་མོ་ས་ལས་མ་བཏེག་པར་བྱས་ཏེ། མགོ་གཡས་གཡོན་གྱི་ས་ལ་རེག་པ་ཙམ་ཡོང་བའང་ལན་གསུམ་གསུམ་བྱའོ། །དེ་ནས་ལངས་ལ་རྐང་པ་གཡས་མདུན་དུ་ལན་གསུམ་བརྐྱང་བསྐུམ་བྱེད་པ་དང༌། དེ་བཞིན་དུ་གཡས་…
      JTN020 · ཏཱ་ར་ནཱ་ཐ།
      བཀའ་བབས་དྲུག་ལྡན་གྱི་ཁྲིད་ཡིག་འཕགས་ཡུལ་གྲུབ་པའི་ཞལ་ལུང་།
      བྱ་བ་ནི་འོག་ཏུ་འཐེན་པ་དང༌། དེ་ནས་གན་རྐྱལ་དུ་བསྡད་པའི་ངང་ནས་རྐང་ལག་བཞི་དུས་གཅིག་ཏུ་སྤྲུགས་ཤིང༌། བརྐྱང་བསྐུམ་ལན་གསུམ་བྱས་པའི་མཐར་རྒྱབ་འཕར་གཅིག་བྱའོ། །དེ་ལྟར་ལུས་སྦྱོང་དང༌། རླུང་སྦྱོར་དེ་རྣམས་ཡུན་རིང་དུ་གོམས་པར་བྱས་པ་ལས་ཐོག་མར་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལག་པའི་ཕྱག་རྒྱ་ལ་བསླབ། དེ་ནས་མཚན་ཉིད་དང་ལྡན་པའི་ཕྱག་རྒ…
      JTN020 · ཏཱ་ར་ནཱ་ཐ།
      བཀའ་བབས་དྲུག་ལྡན་གྱི་ཁྲིད་ཡིག་འཕགས་ཡུལ་གྲུབ་པའི་ཞལ་ལུང་།
      ཤས་ཙམ་འཆར་བ་ནི་ངེས་པར་ཡིན་ནོ། །ཐབས་ཤེས་མཉམ་པར་སྦྱོར་བ་དང་མ་བྲལ་བའི་དུས་དེར་བཟུང་པའི་ཐབས་ནི། འོག་སྒོ་དྲག་ཏུ་ལྷོད། སྟེང་རླུང་ཕྱིར་བུས་ལ། ཕྱི་རོལ་དུ་བཟུང་བཞིན་པའི་ངང་ནས། ལྟོ་བ་ཚིགས་པ་ལ་གཅེར་བྱ། ཡང་རླུང་ཕྱི་རོལ་དུ་བཟུང་བཞིན་པའི་ངང་ནས། ལྟོ་བ་ཕྱིར་བསྐྱེད་པ་རྣམས་བྱ་ཞིང༌། སྟེང་རླུང་ནང་དུ་རྔུབ་པ་དང༌། གསང་གནས…
      JTN020 · ཏཱ་ར་ནཱ་ཐ།
      བཀའ་བབས་དྲུག་ལྡན་གྱི་ཁྲིད་ཡིག་འཕགས་ཡུལ་གྲུབ་པའི་ཞལ་ལུང་།
      པ་གསལ་ན་དེའི་ཐུགས་ཀར་ས་བོན་སྔགས་འཕྲེང་དང་བཅས་པའང་སྒོམས་ལ། དེ་རྣམས་ལ་དམིགས་པ་བསྟད་ཅིང༌། སྣང་སྟོང་སྒྱུ་མ་ལྟ་བུ་ཤེས་པས་སྔགས་བཟླ་ཞིང༌། ཐུན་འཇོག་ཁར་མཆོད་པ་དཔག་ཏུ་མེད་པ་བློས་སྤྲུལ་ཏེ་ཕུལ་ལ་གསོལ་བ་བཏབ། ཐུན་མཚམས་སུ་ཡང་ཁ་ཟས་ཟ་བའི་ཚེ། ཡི་དམ་ལ་མཆོད་པ་ཕུལ་བར་མོས་སོ། །ལྷ་སྒོམ་པའི་ཚུལ་འདི་ནི། རང་ལུས་ཀྱི་རྩ་འཁོར་ར…
      JTN020 · ཏཱ་ར་ནཱ་ཐ།
      བཀའ་བབས་དྲུག་ལྡན་གྱི་ཁྲིད་ཡིག་འཕགས་ཡུལ་གྲུབ་པའི་ཞལ་ལུང་།
      བཞུགས་པ་ལ། འཁོར་དཔའ་བོ་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བར་བསམས་ལ་ཕྱག་འཚལ་བ་སོགས་གོང་བཞིན་ནོ། །གཉིས་པ་ནང་སྒྲུབ་ནི། མདུན་དུ་བླ་མ་སྒོམ་ལ། མོས་གུས་གདུང་བ་བྱས་གསོལ་བ་བཏབ་པས། བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་གི་སྤྱི་བོའི་འཁོར་ལོ་པདྨའི་གཞལ་ཡས་ཁང་གི་དབུས་སུ་བླ་མ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་གཡས་འཁོར་ལོ་དང༌།…
      JTN020 · ཏཱ་ར་ནཱ་ཐ།
      བཀའ་བབས་དྲུག་ལྡན་གྱི་ཁྲིད་ཡིག་འཕགས་ཡུལ་གྲུབ་པའི་ཞལ་ལུང་།
      དང་རིགས་ལྔ་སོ་སོའི་ས་བོན་ལྔ་དེ་ཉིད་གསུམ་སྤེལ་པའི་བཟླས་པ་བྱ་བ་སྟེ། ཨོཾ་ཨཱཿརིན་ཆེན་རྡོ་རྗེ་བྷྲུཾ་ཧཱུཾ། ཞེས་པ་དང༌། དེ་བཞིན་དུ་ཛྲིཾ་ཧཱུཾ་དང༌། ཧཱུཾ་ཧཱུཾ་དང༌། ཨཾ་ཧཱུཾ་དང་ཁཾ་དང་ཁཾ་ཧཱུཾ་ཞེས་པ་རྣམས་བཏགས་པ་བཟླས་པར་བྱའོ། །བར་ཆད་བསལ་བའི་མན་ངག་ལ། གོ་རཀྵའི་ལུགས་དང༌། བི་རུ་པའི་ལུགས་གཉིས་ལས། དང་པོ་ནི། ཐོག་མར་རང་གི་…
      JTN020 · ཏཱ་ར་ནཱ་ཐ།
      བཀའ་བབས་དྲུག་ལྡན་གྱི་ཁྲིད་ཡིག་འཕགས་ཡུལ་གྲུབ་པའི་ཞལ་ལུང་།
      རྣམས་ལ་རིམ་གྱིས་བསླབས་ཏེ་གོམས་པར་གྱུར་པ་ན། ཐོག་མར་ཚ་གྲང་ལ་སོགས་རྐྱེན་ཕྲན་བུ་ལ། ཧཱུཾཾཾ་གི་སྒྲས་རྣམ་པར་མི་རྟོག་པའི་དབྱིངས་སུ་སྐྱེལ་བ་དང༌། དེ་ནས་ཆགས་སྡང་བདེ་སྡུག་འཇིགས་སྐྲགས་སོགས་འཆར་སྒོ་ཐམས་ཅད། ཧཱུཾ་གི་སྒྲས་དབྱིངས་སུ་གཅོད་པས། རང་གི་ཁྱིམ་དུ་སྒོམ་ཞིང༌། དེ་ནས་དུར་ཁྲོད་དང༌། ཚོགས་འདུས་དང༌། འདྲེ་གདོན་གྱི་གན…
      JTN020 · ཏཱ་ར་ནཱ་ཐ།
      བཀའ་བབས་དྲུག་ལྡན་གྱི་ཁྲིད་ཡིག་འཕགས་ཡུལ་གྲུབ་པའི་ཞལ་ལུང་།
      སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་པར་གྱུར་ཅིག་སྙམ་དུ་སྒོམ་པ་ནི། དམིགས་སྐོར་གཉིས་པ་དང༌། དེ་ནས་སེམས་ཅན་རྣམས་ཉོན་མོངས་པས་སེམས་དཀྲུགས་ཏེ་ལས་བསགས། དེས་འཁོར་བར་འཁྱམས་ཏེ་སྡུག་བསྔལ་མྱོང་བ་སྙིང་རེ་རྗེ་སྙམ་དུ་སྒོམ་པ་ནི། དམིགས་སྐོར་གསུམ་པ་དང༌། དེ་ནས་དོན་དམ་པར་སེམས་ཅན་ཡང་བདེན་པར་མ་གྲུབ། དེ་དག་གིས་མྱོང་བའི་…