Author
About 40% of texts have an author recorded — this list will grow as more are attributed.
166 results
— page 2 of 9
JTN018
· ཏཱ་ར་ནཱ་ཐ།
རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ།
འདར་བས་སྐོས་ཐག་ཅིང་སོ་འདར་སྡེབ་པའོ། །ཨུཏྤལ་ལྟར་གས་པ་ནི་ལུས་དུམ་བུ་བཞི་འམ་བརྒྱད་ལ་སོགས་པར་གས་པ་ཡིན་ལ། པདྨ་ལྟར་གས་པ་ནི་ལུས་དུམ་བུ་བརྒྱ་ལ་སོགས་པར་གས་པ་དང༌། པདྨ་ལྟར་ཆེར་གས་པ་ནི་གྲང་བའི་མཐར་ཐུག་པས་ལུས་ཀྱི་ཆ་ཤས་རེ་རེ་ཡང་དུམ་བུ་བརྒྱ་ཚལ་སྟོང་ཚལ་དུ་གས་པའོ། །ཚེ་ཚད་ནི་ཆུ་བུར་ཅན་ལ་ཁལ་བརྒྱད་ཅུ་འགྲོ་བའི་སྣོད་ཆེན་…
JTN018
· ཏཱ་ར་ནཱ་ཐ།
རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ།
ཡང་བྲོས་པ་ན་རོ་མྱགས་ཞེས་བྱ་བ་མི་གཙང་བ་བཙོག་དགུའི་འདམ་ལ་ཐེབས་ཏེ། དྲི་མི་བཟད་པ་ཚོར་བས་མགོ་འགས་པ་ཙམ་དྲན་མེད་དུ་བརྒྱལ་བ་ཙམ་འབྱུང༌། འདམ་གྱི་དབུས་ནས་སྲིན་བུ་ལྕགས་མཆུ་ཅན་དང་ཟངས་མཆུ་ཅན་མང་པོ་བྱུང་སྟེ། ཤིང་སྲིན་གྱིས་ཤིང་ལ་ཟ་བ་བཞིན་དུ་ལུས་འབུགས་ཤིང་ཟ་བར་བྱེད་དོ། །སྤུ་གྲིའི་གཏམས་པའི་ལམ་ལ་སོགས་པ་ནི་རྒྱང་རིང་པོ་…
JTN018
· ཏཱ་ར་ནཱ་ཐ།
རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ།
དུ་ནུབ་པ་ན་ཤིན་ཏུ་ཚོས་པས་ཤ་རུས་བྲལ་ཏེ། ཤ་རྣམས་བུད་སྲོག་ནི་རུས་པ་ལ་གནས་ཏེ་ཀེང་རུས་སུ་ཟང་གི་སོང་བ་དེ་ཆུའི་སྟེང་དུ་ཐོན་ཡོང༌། དེ་མ་ཐག་ཤ་སྔར་བཞིན་སྐྱེས་ནས་ཡང་ནུབ་པ་སོགས་སོ། །དེ་དག་ལ་ཚེ་ཚད་ངེས་པ་མེད་ཀྱང་སོ་སོར་ལོ་བརྒྱ་སྟོང་དུ་མར་གནས་དགོས་པས་དོས་ནི་དྲག་ཡུན་ནི་རིང་ངོ༌། །དམིགས་པའི་གཞི་དང་འཇུག་སྡོམས་སྔར་བཞིན་…
JTN018
· ཏཱ་ར་ནཱ་ཐ།
རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ།
དེའི་ཉེ་སྐོར་ན་ཡི་དྭགས་བགྲང་བ་ལས་འདས་པ་ཞིག་གནས། ཁ་འཐོར་བ་ནི་བར་སྣང་ལ་རྒྱུ་བ་དང༌། ས་སྟེང་ན་རྒྱུ་བ་དང༌། ས་འོག་ན་རྒྱུ་བ་བགྲང་བ་ལས་འདས་པ་ཞིག་ཡོད་དེ། གལ་ཏེ་མངོན་ཤེས་དང་ལྡན་པས་བལྟས་ན། ཕྱོགས་གང་ལ་ཕྱིན་ཀྱང་ཡི་དྭགས་ཀྱི་འགྲོ་བས་ཁྱབ། འགྲོ་སྡོད་ཀྱི་ས་ཙམ་ཡང་མི་རྙེད་པའི་ཚུལ་ཙམ་དུ་ཡོད་པར་གདའ། དེ་དག་ལས་ཡི་དྭགས་རྫུ་…
JTN018
· ཏཱ་ར་ནཱ་ཐ།
རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ།
རྟག་ཏུ་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་བཟོད་གླགས་མེད་པ་ཡིན། གོས་དང་བྲལ་ཏེ་ཚད་པས་ཚིག་པ་དང་གྲང་བས་སྦྲེབས་པའི་སྡུག་བསྔལ་དཔག་ཏུ་མེད། དགུན་གྲང་དུས་ཉི་མའི་འོད་ཀྱིས་ཀྱང་གྲང་རེག་བྱེད། སོས་ཀ་ཚད་དུས་སུ་ཟླ་བའི་འོད་ཀྱིས་ཀྱང་ཚིག་སྟེ་འོང༌། ཆར་བབ་ན་མེ་ཆར་བབས་ཏེ་ཚིག་པའི་སྣང་བ་འབྱུང༌། དུས་རྟག་ཏུ་འཚོལ་འགྲོས་ཀྱི་བྲེལ་བས…
JTN018
· ཏཱ་ར་ནཱ་ཐ།
རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ།
ཆེན་པོ་ན་ཡོད། སྐྱོབ་པའི་གནས་མེད། རླབས་ཀྱིས་བདས་ཏེ་འགྲོ་བས་ངེས་མེད་དུ་འཁྱམས། ཕན་ཚུན་གཅིག་ལ་གཅིག་ཟ་རྟག་ཏུ་དགྲ་བྱུང་གི་དོགས་པས་འཇིགས་ཤིང་སྐྲག །གསོན་བཞིན་དུ་ཟ་བ་སོགས་ཀྱིས་སྡུག་བསྔལ་ལ་བཟོད་ཐབས་མེད། ཁ་འཐོར་བ་མི་དང་ལྷའི་ཡུལ་ན་ཡོད་པ་འདི་རྣམས་ཡིན། མིས་བདག་ཏུ་མ་བཟུང་བ་རྣམས་ནི་དགྲ་བྱུང་གི་དོགས་པས་རྟག་ཏུ་སེམས་ལ…
JTN018
· ཏཱ་ར་ནཱ་ཐ།
རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ།
བསྐྱབས་ཀྱང༌། སྐྱོབ་པ་ཆོས་ཀྱིས་སྐྱོབ་བྱ་བ་ཡིན། སངས་རྒྱས་ཀྱིས་ཀྱང་མི་ཆུས་ཁྱེར་བ་སྐྲ་ནས་འཛིན་པ་ལྟར་བསྐྱབ་ཏུ་མི་བཏུབ། ཆོས་བཤད་ཆོས་བཞིན་བྱེད་དུ་བཅུག་ནས་སྐྱོབ་པ་ཡིན། སངས་རྒྱས་ལ་དད་པ་བསྒོམས་ཏེ་དེས་གསུངས་པའི་ཆོས་ནས་ཇི་སྐད་བཤད་པ་བཞིན་བྱ། འཕགས་པའི་དགེ་འདུན་རྣམས་ཀྱིས་ཇི་འདྲ་མཛད་འདུག་པ་དེ་བཞིན་དུ་རང་རེ་ཡང་དེའི་…
JTN018
· ཏཱ་ར་ནཱ་ཐ།
རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ།
ནག་རྣམས་ནི་གཉེན་པོས་མ་བཅོམ་ན། འབྲས་བུ་མ་སྨིན་གྱི་བར་དུ་ཆུད་འཛའ་བ་མི་སྲིད། རང་གིས་མ་བྱས་ན་ལས་དཀར་ནག་གང་ཡང་རང་རྒྱུད་ལ་འབྱུང་བ་མི་སྲིད་པས། རང་ཉིད་བླང་དོར་གྱི་གནས་ལ་བཟབ་པ་གལ་ཆེ་སྙམ་དུ་སྒོམས། དམིགས་སྐོར་བཅུ་དྲུག་པའོ།། །།གཉིས་པ་སོ་སོར་བསྒོམ་པ་ལ། ནག་པོའི་རྒྱུ་འབྲས་བསམ་པ་དང༌། དཀར་པོའི་རྒྱུ་འབྲས་བསམ་པའོ། །དང…
JTN018
· ཏཱ་ར་ནཱ་ཐ།
རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ།
རྟེན་གྱི་གནས་དང་བླ་མའི་གནས་སོགས་སུ་བསྟེན་པ་གནས་ཀྱི་སྒོ་ནས་བསྒྲོད་བྱ་མ་ཡིན་པ་དང༌། ནམ་ཡང་འདོད་པས་ཆོག་མི་ཤེས་ཤིང༌། སྐྱེ་གནས་ལས་གཞན་པའི་སྒོར་བསྟེན་པ་ལམ་གྱི་སྒོ་ནས་བསྒྲོད་བྱ་མ་ཡིན་པ་སྟེ། དབྱེ་ན་བཞིའོ། །དེ་ཙམ་ནི་ཁྱིམ་པའི་དབང་དུ་བྱས་པ་སྟེ། ཚངས་པར་སྤྱོད་པའི་བརྟུལ་ཞུགས་ཁས་བླངས་པས་ནི། མི་ཚངས་པར་སྤྱོད་པ་ཅི་འདྲ…
JTN018
· ཏཱ་ར་ནཱ་ཐ།
རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ།
ན་བདག་གིས་ཐོག་མ་ཉིད་དུ་ངེས་པར་སྤོང་པའི་ལས་ནི། འདི་དག་ཡིན་ནོ་སྙམ་དུ་ཡང་ཡང་བསྒོམ་སྟེ་དམིགས་སྐོར་བཅུ་བདུན་ནོ།། །།ད་ནི་མི་དགེ་བ་དེ་དག་གི་འབྲས་བུ་བསམ་པར་བྱ་སྟེ། མི་དགེ་བ་བཅུ་པོ་འདི་རྣམས་རེ་རེ་ཡང་སྟོབས་ཆེན་པོ་བྱས་པ་དང༌། ཡང་ཡང་བྱས་ན་དམྱལ་བར་སྐྱེ། འབྲིང་དུ་བྱས་ན་ཡི་དྭགས་སུ་སྐྱེ། སྟོབས་ཆུང་བ་དང་ཉུང་ངུར་སྤྱད་…
JTN018
· ཏཱ་ར་ནཱ་ཐ།
རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ།
ཞིམ་པར་འགྱུར་བ་དང༌། ལོག་ལྟས་ནི་འབྲུ་རྩ་བ་ནས་མི་ཆགས་པར་བྱེད་དེ། དེ་ལྟར་ན་རྒྱུ་མཐུན་པའི་འབྲས་བུ་འདི་དག་དང༌། བདག་པོའི་འབྲས་བུ་འདི་རྣམས་ལས་དེ་དང་དེ་བྱས་པའི་སྐྱེ་བ་དེ་ཉིད་ལ་འབྱུང་བའང་ཡོད། སྐྱེ་བ་ཕྱི་མའི་གནས་སྐབས་མཐོ་རིས་སུ་སྐྱེས་པའི་སྐབས། དུས་ངེས་མེད་སྣ་ཚོགས་པར་ཡང་འབྱུང་བའོ། །དེ་ལྟར་ན་མི་དགེ་བ་བཅུ་པོ་འདི…
JTN018
· ཏཱ་ར་ནཱ་ཐ།
རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ།
དལ་བར་འདུག་པའི་དུས་སུ་མི་བྱེད་པར་མ་ཟད། དེ་དག་བྱས་ན་ཁེ་ཡོད་པ་ལྟར་སྣང་ཞིང་འབད་རྩོལ་མི་དགོས་པར་བྱེད་ཐུབ་པ་སྐབས་བྱུང་ཡང༌། སྔར་ཡིད་ཀྱིས་སྤངས་པ་དེ་དྲན་པས་བྱ་བ་ངན་པ་དེ་ལ་ཡེ་ནས་འཇུག་པར་མི་ནུས་པ་སྟེ། ལུས་ངག་གི་བདུན་པོ་ལ་ནི་འདི་གཉིས་ཀར་ཚང་བ་དགོས་ལ། ཡིད་ཀྱི་ལས་གསུམ་ལ་ཡིད་ཀྱིས་སྤངས་པ་ཁོ་ནས་ཆོག་གོ །མི་དགེ་བ་ལ་མི…
JTN018
· ཏཱ་ར་ནཱ་ཐ།
རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ།
མཐུ་ཆེ་ལོ་ལེགས་ཉམས་དགའ་བ། །མཐོ་དམན་སྙོམས་དང་ཞིང་ས་གཤིན། །རྩི་ཤིང་རྒྱས་དང་དུས་ཚིགས་རན། །འབྲུ་སྤོམ་རོ་ཞིམ་འབྲས་བུ་རྒྱས། །དགེ་བ་བཅུ་ཡི་བདག་འབྲས་ཡིན། །ཞེས་སོ། །དེ་ལྟར་དགེ་བ་བཅུ་ལ་གནས་པ་ནི། ཚེ་འདི་དང་ཕྱི་མར་རྟག་ཏུ་བདེ་བའི་རྒྱུ་ཡིན་པས་བདག་དགེ་བ་བཅུ་ལ་རྟག་ཏུ་གནས་པར་བགྱིའོ་སྙམ་དུ་ཡང་ཡང་བསྒོམ། དམིགས་སྐོར་ཉི་…
JTN018
· ཏཱ་ར་ནཱ་ཐ།
རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ།
པ་མི་དགེ་བའི་ལས་སུ་གཏོགས་པ་ཆེ་ཆུང་ཐམས་ཅད་རང་ཡང་མི་བྱེད། གཞན་ཡང་བྱེད་དུ་མི་འཇུག་སྡིག་པ་ལ་ཡི་རང་བའམ་དགའ་བར་མི་བྱ། བསྟོད་ཅིང་བསྔགས་པར་ཡང་མི་བྱ་སྙམ་དུ་བསྒོམ། དཀར་པོ་དགེ་བའི་ལས་ནི་ལས་ལམ་བཅུ་པོ་དེར་མ་ཟད་གཞན་གྱི་སྲོག་བསྐྱབས་པ་དང༌། འཚོ་བ་སྟེར་བ་དང༌། ཡོ་བྱད་སྦྱིན་པ་དང༌། ཚུལ་ཁྲིམས་སྲུང་བ་དང༌། དཀོན་མཆོག་མཆོད་པ…
JTN018
· ཏཱ་ར་ནཱ་ཐ།
རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ།
ལོངས་སྤྱོད་ཕུན་སུམ་ཚོགས་པ་དང༌། ངག་གི་དགེ་བ་ཁོ་ན་བྱས་པས་ཚིག་བཙུན་པ་དང༌། བླ་མ་དང་དཀོན་མཆོག་དང་ཕ་མ་སོགས་མཆོད་ཅིང༌། ཡོན་ཏན་སྣ་ཚོགས་སྒྲུབ་པར་སྨོན་ལམ་བཏབ་པས་དབང་ཐང་ཆེ་བ་དང༌། སྐྱེ་བའི་དངོས་པོ་ལ་དགའ་ཞིང༌། ཕོ་དབང་གཅོད་པ་ལས་བསྐྱབས་པས་སྐྱེས་པ་ཉིད་དུ་འགྱུར་བ་དང༌། སྐྱེ་བོ་གཞན་གྱི་བྱ་བ་ཆོས་ལྡན་ལ་རེ་བ་མེད་པའི་སྒོ་…
JTN018
· ཏཱ་ར་ནཱ་ཐ།
རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ།
པ་ལྟ་བུའི་སྡུག་བསྔལ་ཡོད། མངལ་ནས་ཕྱི་རུ་བཙའ་བའི་ཚེ་ཡང་ཏིལ་མར་འཚིར་བའི་ཤིང་གི་བར་དུ་གཅེར་བ་ལྟ་བུ་དང༌། ཚིགས་ཐམས་ཅད་བྱེ་ཞིང་ཞིག་པ་ལྟ་བུའི་སྡུག་བསྔལ་ཡོད། བཙས་མ་ཐག་ཏུ་གང་ལ་རེག་ཀྱང་རྩུབ་སྟེ་དར་འཇམ་པོས་དཀྲིས་ཀྱང་ཚེར་མའི་དོང་དུ་བསྐྱུར་པ་ལྟ་བུ་དང༌། གཞན་གྱི་ལག་ཏུ་བླངས་པ་ན། བྱིའུ་ཁྲས་ཁྱེར་བ་ལྟ་བུའི་སྡུག་བསྔལ་ཡོ…
JTN018
· ཏཱ་ར་ནཱ་ཐ།
རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ།
སྡུག་པ་ནག་སྦམ་པའམ་སྔོ་ཐལ་གྱིས་འགྲོ། མགོ་སྤྲ་བའི་མེ་ཏོག་ལྟར་སྐྱ་བ་དང་དབང་པོ་ཀུན་གྱི་བཀྲག་ཤོར་བ་ཡིན། དབྱིབས་ཉམས་པ་བྱ་བ་སོ་ནི་ལྷུང༌། ལུས་ནི་གུག་གུག་པོར་སོང༌། ཡན་ལག་རྣམས་ནི་འཁྱོགས། ཤ་ནི་སྐམས། ལྤགས་པ་ནི་ལྷོད། གདོང་བྱད་ནི་གྲས་གདན་རྙིང་པ་ལྟར་གཉེར་མས་ཁེངས་པ་ལ་གང་ལ་ལྟས་ཀྱང་མི་མཛེས་པའོ། །མཐུ་སྟོབས་ཉམས་པ་བྱ་བ་…
JTN018
· ཏཱ་ར་ནཱ་ཐ།
རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ།
མ་ཐར་ན་བར་འགྱུར་ཏེ་འོང༌། བདག་གི་བཤེས་ལ་སོགས་པ་དགྲ་གཉེན་འགྲོ་བ་འདི་ཀུན་ཀྱང་དེ་དང་འདྲའོ་སྙམ་མོ། །དམིགས་སྐོར་ཉེར་བཞི་པའོ།། །།ཡང་སྡུག་བསྔལ་གཞན་ཡོད་དེ། འཆི་པའི་སྡུག་བསྔལ་རྣམ་པ་ལྔ་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་འབྲལ། རྩ་འཇིང་ཕུན་སུམ་ཚོགས་པ་དང་འབྲལ། འཁོར་གྲོགས་ཕུན་སུམ་ཚོགས་པ་དང་འབྲལ། ཕངས་ཤིང་སྡུག་པའི་ལུས་…
JTN018
· ཏཱ་ར་ནཱ་ཐ།
རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ།
དྲག་པོ་ཐོག་ཏུ་བབ་པའམ། གསོད་པར་བྱེད་པའི་སྲོག་ཆགས་དང་འཕྲད་པའམ། གཡེངས་སུ་ལྷུང་བའམ། ཆུས་ཁྱེར་བའམ། གཏམ་ངན་པ་ཐོས་པའམ། བཙོན་དུ་གཞུག་པ་དང་ཆད་པས་བཅད་པ་མྱོང་བ་ལ་སོགས་པ་ཡིན། གཞན་ཡང་སྡུག་པ་དང་བྲལ་བའི་སྡུག་བསྔལ་བྱ་བ་ཡོད། ཕ་མ་སྤུན་ཟླ་ཁྱིམ་ཐབ་གྲོགས་ལ་སོགས་པ་མེད་ཐབས་མེད་པ་དང་བྲལ་ཙ་ན། སེམས་ལ་བཟོད་ཐབས་མེད་པའི་སྡུག་བས…
JTN018
· ཏཱ་ར་ནཱ་ཐ།
རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ།
གཞན་ཡང་ལྷ་དབང་ཆུང་བ་རྣམས་དབང་ཆེ་བས་གནས་ནས་བསྐྲད་པས་སྡུག་བསྔལ། བསོད་ནམས་ཆུང་བ་འགའ་ཞིག་པི་ཝཾ་རེ་ཙམ་མ་གཏོགས་ཡོ་བྱད་གང་ཡང་མེད་པས་ཤིན་ཏུ་འཕོངས་པའང་ཡོད། དེ་དག་གིས་ལྷ་གཞན་འབྱོར་པ་ཆེན་པོ་རྣམས་མཐོང་བ་ན། རང་གི་བསོད་ནམས་ལ་ཡི་ཆད་པའི་སེམས་ཀྱི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད། ཁྱད་པར་རྒྱལ་ཆེན་བཞིའི་རིགས་དང་སུམ་ཅུ་རྩ་གས…