Author
About 40% of texts have an author recorded — this list will grow as more are attributed.
312 results
— page 1 of 16
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ། > མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།
ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ། > མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།
ལེགས་བྱས་རྒྱ་མཚོའི་སྣང་བ་མི་ཟད་འཛམ་བུ་ཆུ་བོའི་གསེར་སྦྱངས་ལས། །མཚན་དཔེའི་ངོ་མཚར་རྩིབས་སྟོང་འཁོར་ལོ་བཟང་པོའི་བསྐལ་པའི་གླིང་བཞི་ལ། །
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ། > མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།
ཐོགས་མེད་བགྲོད་པས་ཕན་དང་བདེ་བའི་རྫོགས་ལྡན་དགའ་སྟོན་སྟེར་མཁས་པ། །དམ་པའི་ཆོས་ཀྱི་འཁོར་ལོས་སྒྱུར་རྒྱལ་ཟས་གཙང་སྲས་པོར་གུས་ཕྱག་འཚལ། །
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ། > མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།
དྲི་མེད་རྒྱལ་བའི་གསུང་རབ་མ་ལ་ཡ་ཡི་སྐྱེད་ཚལ་ནས། །ཆོས་མངོན་དྲི་བསུང་འགུགས་མཛད་ཉོན་མོངས་ཚ་གདུང་གཡུལ་ངོ་ལས། །རྣམ་པར་རྒྱལ་བའི་དགྲ་བཅོམ་རྡུལ་གྱི་རྒྱལ་མཚན་ཚོགས་རྣམས་ཀྱིས། །ལེགས་བཤད་བསིལ་བའི་བདེ་བསྐྱེད་དེ་ཕྱིར་གུས་པས་འདུད་པའི་ཡུལ། །རྒྱ་ཆེན་ཆོས་མངོན་ཡན་ལག་བརྒྱད་ལྡན་ཆབ། །རྣམ་དཔྱོད་ཧུབ་ཀྱིས་ཅིག་ཅར་འཐུང་མཛད་པའི…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ། > མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།
གཙུག་ན་མཛེས། །ཟླ་མེད་དམ་པ་མཆོག་དེའི་བཀའ་དྲིན་ལས། །ཆེས་ཕྲའི་བློ་གྲོས་ཀུ་ཤའི་རྩེ་མོ་ཡིས། །ཆོས་མངོན་རྒྱ་མཚོའི་དབུས་ནས་ཆ་ཤས་ཙམ། །ལེན་ལ་རྒོལ་བར་རྩོམ་པའི་ཀླན་ཀ་སུ། །སྒྲ་དང་ཚད་མ་རིག་པའི་ལྕགས་རིས་ཡོངས་བསྐོར་བཟོ་དང་གསོ་བའི་བ་གམ་དབུས། །སྙན་ངག་སྡེབ་སྦྱོར་རིན་ཆེན་ཕྲ་ཡིས་རབ་མཛེས་ནང་དོན་རིག་པའི་སེང་ཁྲི་ལ། །འཆད་རྩ…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ། > ཀླད་ཀྱི་དོན།
དེ་ལ་གསུམ། ཀླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན། དང་པོ་ལ་མཚན་དོན། འགྱུར་ཕྱག་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། རྒྱ་གར་བས་སྨྲ་བའི་ལྷའི་སྐད་དུ་བསྟན་བཅོས་འདིའི་མཚན་ལ་ཨ་བྷི་སོགས་སུ་འདོད་པ་ཡིན་ཏེ་བསྒྱུར་གྱི་ཨ་བྷི་མངོན་པ། དྷརྨ་ཆོས། ཀོ་ཥ་མཛོད། ཀཱ་རི་ཀཱ་ཚིག་ལེའུར་བྱས་པའི་དོན་ཡིན་པས་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་བའི…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ། > ཀླད་ཀྱི་དོན།
ཕྱག་ནི། ཉོན་མོངས་ཀྱི་རྩུབ་རེག་དང་བྲལ་བས་འཇམ་ཞིང་། བདེ་ལེགས་ཀྱི་དཔལ་དུ་གྱུར་པ་ན་ཚོད་གཞོན་ནུ་ལོ་བཅུ་དྲུག་ལོན་པའི་ཉམས་ལྡན་གྱི་ལང་ཚོ་ཅན་དུ་གྱུར་པའི་འཇམ་དབྱངས་ལ་ཕྱག་འཚལ་བ་ལ་དགོས་པ་ཡོད་དེ། སྒྱུར་བྱེད་ལོ་པཎ་གྱི་དོན་འགྲུབ་ཅིང་། འདི་མངོན་པའི་སྡེ་སྣོད་ཀྱི་ཁོངས་སུ་གཏོགས་པར་ཤེས་པའི་དགོས་པ་ཡོད་པའི་ཕྱིར། གཉིས་པ་ག…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ། > ཀླད་ཀྱི་དོན།
དགྲ་བཅོམ་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཉན་རང་དགྲ་བཅོམ་དེ་གཉིས་ཀྱིས་དེ་གཉིས་སྤངས་པའི་ཕྱིར། དེར་ཐལ། རང་འགྲེལ་ལས། རང་སངས་རྒྱས་དང་ཉན་ཐོས་རྣམས་ཀྱང་ཉོན་མོངས་པ་ཅན་གྱི་རྨོངས་པ་དང་བྲལ་བའི་ཕྱིར་ཀུན་ལ་མུན་པ་བཅོམ་པར་ནི་འདོད་མོད་ཀྱི། གཏན་ནས་ནི་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། གཞན་ཡང་། ཉོན་མོངས་ཅན་མ་ཡིན་…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ། > ཀླད་ཀྱི་དོན།
དེ་ཐོབ་བྱའི་ཡོན་ཏན་ཐོབ་ཀྱང་མངོན་དུ་མི་བྱེད་པའི་ཉེར་སྤྱོད་ལས་ཉམས་པའི་ཕྱིར། དེར་ཐལ། དེས་འགོག་སྙོམས་ཐོབ་ཀྱང་མངོན་དུ་མ་བྱས་པའི་ཕྱིར། དེར་ཐལ། དེ་འགོག་པ་ལ་སྙོམས་པར་ཞུགས་པའི་གང་ཟག་མ་ཡིན་པའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་ཚོར་འདུ་རགས་པ་མངོན་གྱུར་དུ་ཡོད་པའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་སྒོ་ལྔའི་དབང་ཤེས་མངོན་གྱུར་ད…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ། > ཀླད་ཀྱི་དོན།
ཐོས་འཕགས་པའི་རྒྱུད་ཀྱི་ཟག་མེད་ཀྱི་སྡོམ་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། ཟག་མེད་ཀྱི་ཕུང་པོ་ལྔ་པོ་གང་རུང་ཡིན་པའི་ཕྱིར། དེར་ཐལ། ཟག་མེད་ཀྱི་སྡོམ་པ་ཡིན་པའི་ཕྱིར། འདོད་ན། སེམས་བྱུང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། གཟུགས་ཕུང་ཡིན་པའི་ཕྱིར། ཁ་ཅིག །ཟག་མེད་ཀྱི་སྡོམ་པ་ཡིན་ན། གཟ…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ། > ཀླད་ཀྱི་དོན།
པའི་ཤེས་རབ་མཚུངས་ལྡན་དང་བཅས་ཡིན་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། མངོན་པའི་བསྟན་བཅོས་འདི་ཆོས་ཅན། ཁྱོད་ལ་མཛོད་ཅེས་བྱ་བའི་རྒྱུ་མཚན་ཡོད་དེ། མངོན་པ་གཉིས་བརྗོད་བྱའི་དོན་དུ་ཡང་དག་པར་ཆུད་པའི་ཕྱིར་རམ། ཡང་ན། མངོན་པ་སྡེ་བདུན་པོ་དེ་ལ་ཆོས་མངོན་པའི་གསུང་རབ་མཚན་ཉིད་པ་ཞེས་བྱ་ལ། ཁྱོད་གང…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ། > ཀླད་ཀྱི་དོན།
ཀྱིས་སྦྱོར་ལམ་ཆོས་མཆོག་གི་ཡེ་ཤེས་དེ། དང་པོར་བུད་མེད་ཀྱི་རྟེན་ལ་ཐོབ་པ་ཡིན་ན། སླར་ཡང་ཕོ་མོ་གཉིས་ཀའི་རྟེན་དུ་ཐོབ་པར་འགྱུར་བ་ཡོད་ཅིང་། དང་པོར་སྐྱེས་པའི་རྟེན་ལ་ཐོབ་པ་ཡིན་ན། སླར་ཡང་སྐྱེས་པ་ཁོ་ནའི་རྟེན་ལ་ཐོབ་པར་འགྱུར་བར་བསྟན་པའི་ཕྱིར། རྩ་རྟགས་གཉིས་པ་དེར་ཐལ། བསྒོམས་བྱུང་མི་ལྕོགས་མེད་པ་དང་། ཁྱད་པར་བསམ་གཏན་ས་…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ། > ཀླད་ཀྱི་དོན།
ཕྱིར་ན་བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་མངོན་པ་སྡེ་བདུན་པོ་འདི་སྟོན་པས་གསུངས་པའི་བཀའ་དགྲ་བཅོམ་བདུན་གྱིས་བསྡུས་པར་གྲགས་པ་དེའི་རྗེས་སུ་འབྲངས་ཏེ་བཤད་པའི་ཕྱིར། ལོ་ཞེས་སྨོས་པ་ལ་ཆོས་ཅན། རྒྱུ་མཚན་ཡོད་དེ། སློབ་དཔོན་གྱི། མངོན་པའི་དོན་སྟོན་པས་གསུངས་ཤིང་། སྡེ་བདུན་དགྲ་བཅོམ་པ་བདུན་གྱིས་བརྩམས་པར་བཞེད་པས། མ་རངས་པའི་ཚིག་…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ། > ཀླད་ཀྱི་དོན།
འདུས་མ་བྱས་གསུམ་རྫས་གྲུབ་ཏུ་ཁས་ལེན་པའི་ཕྱིར། དེར་ཐལ། དེ་གསུམ་རྫས་སུ་གྲུབ་པའི་ཕྱིར། དེར་ཐལ། དེ་གསུམ་དོན་བྱེད་ནུས་པ་ཡིན་པའི་ཕྱིར། དེར་ཐལ། ནམ་མཁས་རླུང་བརྟེན་པའི་དོན་བྱེད་ནུས། སོ་སོར་བརྟགས་འགོག་གིས་རང་གི་བྲལ་ཐོབ་འཛིན་པའི་དོན་བྱེད་ནུས། སོ་སོར་བརྟགས་མིན་གྱི་འགོག་པས་རང་གི་དགག་བྱ་འགོག་པའི་དོན་བྱེད་ནུས་པའི་ཕ…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ། > ཀླད་ཀྱི་དོན།
དེ། ཆོས་ཐམས་ཅད་བསྡུ་ན་དེ་གཉིས་སུ་འདུས་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །ཟག་པ་དམིགས་པ་དང་མཚུངས་ལྡན་གཉིས་ཀྱི་སྒོ་ནས་རྒྱས་སུ་རུང་བ་དེ་ཟག་བཅས་ཀྱི་མཚན་ཉིད་ཟེར་ན། དགྲ་བཅོམ་པའི་རྒྱུད་ཀྱི་མིག་དབང་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། བསྒོམ་སྤང་ཡིན་པའི་ཕྱིར། དེར་ཐལ། གཟུགས་ཅན་གྱི་ཁམས་བཅུ་པོ་ག…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ། > ཀླད་ཀྱི་དོན།
མཚུངས་ལྡན་ཅི་རིགས་པའི་སྒོ་ནས་ཟག་པ་རྣམ་པ་ཀུན་ཏུ་རྒྱས་པར་འགྱུར་བའི་ཕྱིར། ལམ་གྱི་བདེན་པ་དང་། འདུས་མ་བྱས་རྣམ་གསུམ་ཡང་ཆོས་ཅན། ཟག་མེད་ཡིན་ཏེ། དམིགས་པ་དང་མཚུངས་ལྡན་ཅི་རིགས་པའི་སྒོ་ནས་ཟག་པ་རྒྱས་པར་མི་འགྱུར་བའི་ཆོས་ཡིན་པའི་ཕྱིར། ནམ་མཁའ་དང་ནི་སོ་སོ་བརྟགས་འགོག །སོ་སོར་བརྟགས་མིན་གྱི་འགོག་པ་གཉིས་ཏེ་གསུམ་ཡོད་པ་དེ…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ། > གནས་དང་པོ་ཁམས་བསྟན་པ།
གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ། གང་ལ་མཁས་པར་བྱ་བའི་གནས་ངོས་གཟུང་བ། དེ་ལྟར་མཁས་པར་བྱས་པའི་ཡོན་ཏན་དང་གཉིས། དང་པོ་ལ། མཁས་བྱའི་གནས། དེ་ཉིད་ངེས་པར་བྱེད་ཚུལ་གཉིས། དང་པོ་ལ། ཡུལ་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག །ཡུལ་ཅན་དབང་པོའི་རབ་དབྱེ་དང་གཉིས། དང་པོ་ལ་འདུས་བྱས་སྤྱིའི་མཚན་ཉིད། ཆོས་གསུམ་གྱི་རྣམ་གཞག །ཁམས་ཀྱི་རྣམ་པ…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ། > གནས་དང་པོ་ཁམས་བསྟན་པ།
གཞན་རྣམས་བསྟན་ཡོད་མིན་པའི་ཕྱིར། དེར་ཐལ། བསྟན་ཡོད་འདིར་ནི་གཟུགས་གཅིག་པུ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །གཟུགས་ཅན་གྱི་ཁམས་ཡིན་ན། གཟུགས་ཅན་གྱི་ཁམས་བཅུ་པོ་གང་རུང་ཡིན་པས་ཁྱབ་ཟེར་ན། སོ་ཐར་གྱི་སྡོམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། གཟུགས་ཡིན་པའི་ཕྱིར། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། མིག་སོགས་དབང་པོ་ལ…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ། > གནས་དང་པོ་ཁམས་བསྟན་པ།
ཡོད། གཟུགས་མེད་ཁམས་ན་ཡིད་དང་ཆོས་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མ་གཏོགས་གཞན་རྣམས་མེད་པའི་ཕྱིར། དེར་ཐལ། འདོད་ཁམས་གཏོགས་པ་ཐམས་ཅད་དོ། །གཟུགས་ཀྱི་ཁམས་ན་བཅུ་བཞིའོ། །དྲི་དང་རོ་དང་སྣ་དང་ནི། །ལྕེ་ཡི་རྣམ་ཤེས་ཁམས་མ་གཏོགས། །གཟུགས་མེད་གཏོགས་པ་ཡིད་དང་ནི། །ཆོས་དང་ཡིད་ཀྱི་རྣམ་ཤེས་ཁམས། །ཞེས་གསུངས་པའི་ཕྱིར། ཁ་…