Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      4770 results — page 7 of 239
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      བརྟགས་པའི་བདག་ཉིད་དོ། །དེ་བཞིན་གཞན་དབང་ནང་གི་སྟེ། །རྣམ་ཤེས་ལྔ་པོ་འབྱུང་བའོ། །བརྟགས་བྱ་མིན་ཕྱིར་དོན་དམ་ནི། །ཡོངས་སུ་གྲུབ་པར་འདོད་པ་ཡིན། །སློབ་དཔོན་གྱིས་བཤད་པ། རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བརྟགས་པ། །དེ་ནི་ཀུན་ཏུ་བརྟགས་པ་ཡི། །ངོ་བོ་ཉིད་དེ་དེ་མེད་དོ། །གཞན་གྱི་དབང་གི་ངོ་བོ་ནི། །རྣམ་རྟོག་ཡི…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      གཅིག་པ་བཀག་པའི་ཕྱིར། །གཉིས་དང་ཡོངས་གྲུབ་གཅིག་དང་ཐ་དད་མིན། །རྣམ་པར་དཔྱད་ན་གཞན་དབང་ཀུན་བརྟགས་སུ། །འདུས་ཕྱིར་མཚན་ཉིད་གཉིས་སུ་འགྱུར་བ་ཡིན། །གཞན་དབང་གི་ནི་སྣང་ཆ་ཀུན་བརྟགས་ཏེ། །འཁྲུལ་བའི་སྣང་བ་བགྲང་ཡས་བསམ་མི་ཁྱབ། །སྣང་གཞིའི་སེམས་ཀྱང་ས་བོན་ཐམས་ཅད་པ། །དེ་དེའི་ཆོས་ཉིད་དུ་སོང་དེ་ཡང་དེའོ། །ཀུན་བརྟགས་མེད་ཕྱིར་ག…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      ཡིན། །མངོན་ཞེས་རྣམ་རྟོག་ལྟ་བའི་འཐིབས་པོའོ། །ལུས་དང་ལུས་ཅན་རྣམ་རིག་དབང་པོ་ལྔ། །ཟ་པོ་ཡིད་དང་ཉེར་སྤྱོད་ཡུལ་དྲུག་དང༌། །ཉེར་སྤྱོད་འཇུག་ཤེས་དེ་ནས་དུས་དང་གྲངས། །གྲོང་སོགས་ཡུལ་དང་ཐ་སྙད་རྣམ་རིག་ནི། །མངོན་པར་བརྗོད་པའི་བག་ཆགས་ལས་བྱུང་ཞིང༌། །བདག་གཞན་སྣང་བའི་རྣམ་རིག་བདག་ལྟ་ལས། །མཐོ་རིས་ངན་འགྲོ་འཆི་འཕོ་སྐྱེ་བ་ཡི།…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      ཉིད་ཤེས་ཤིང༌། །དེ་བཞིན་ཡོད་པའི་སྟོང་ཉིད་དང༌། །རང་བཞིན་སྟོང་པ་ཉིད་ཤེས་ན། །སྟོང་ཉིད་ཤེས་པ་ཞེས་བརྗོད་དོ། །འཕགས་པའི་ཞལ་སྔ་ནས་དང༌། སློབ་དཔོན་གྱིས་ཀྱང༌། ཇི་ལྟར་སྣང་བ་དེ་ལྟར་མེད། །དེ་ཕྱིར་མེད་ཅེས་བརྗོད་པར་མཛད། །གང་ཕྱིར་དེ་ལྟར་སྣང་གྱུར་པ། །དེ་ཕྱིར་ཡོད་ཅེས་བརྗོད་པར་མཛད། །རང་དང་བདག་ཉིད་མེད་པའི་ཕྱིར། །རང་གི་དང…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      གཉིས་དང་གསུམ། །རྟེན་འབྲེལ་ཚར་རེ་རྫོགས་ཚུལ་སོ་སོ་སྟེ། །འཕེན་འགྲུབ་བཞི་ལྡན་རྒྱུ་འབྲས་ཚར་གཅིག་པོ། །སྐྱེ་བ་གཉིས་ཡིན་གཞན་དང་འདི་མི་བསྲེ། །ས་བོན་འདེབས་དང་གསོ་བ་རྟོགས་ཕྱིར་གསུངས། །ཚེ་གསུམ་ལ་རྫོགས་རྒྱུ་འབྲས་ཚར་གཉིས་སོ། །འཕེན་འགྲུབ་དབྱེ་བ་མེད་པར་བསྲེས་པ་སྟེ། །རྨོངས་པ་རྣམ་གསུམ་བཟློག་ཕྱིར་འདི་ཡང་གསུངས། །ཚེ་གཅི…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      མངོན་དུ་གྱུར་པ་ཡིན། །གྲུབ་པ་སྐྱེ་ཡིན་དེ་ལ་ཡང༌། །རྒས་སོགས་ཉེས་དམིགས་གང་གྀ་ཕྱིར། །བདེན་པ་མཐོང་ལ་འཕེན་པ་མེད། །སྲེད་དང་བྲལ་ན་འབྱུང་བ་མེད། །དེ་ལ་རྒྱུ་རྐྱེན་དབྱེ་བ་མདོར་བསྡུས་ཙམ། །ཤེས་ན་རྟེན་འབྲེལ་དོན་ལ་ངེས་རྙེད་འགྱུར། །ཅི་ཕྱིར་གཡོ་མེད་མི་རྟག་མཐུ་ལྡན་ལས། །དངོས་པོ་རྣམས་ཀྱི་སྐྱེ་འགགས་བྱེད་ཕྱིར་རོ། །བྱེད་པོའ…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      ཕྱིར་བདག་མེད་རྣམ་རིག་ཕྱིར། །ཆོས་བདག་མེད་ལ་རབ་ཏུ་འཇུག་པ་ཡིན། །ཕུང་པོའི་རྒྱུན་དང་ཀུན་གཞིའི་རྣམ་ཤེས་ལ། །བདག་དང་སེམས་ཅན་ཆོས་སུ་འཁྲུལ་བ་སྐྱེས། །རྟེན་འབྲེལ་དེ་དག་ཀུན་རྫོབ་རྟེན་འབྲེལ་ཏེ། །དེ་དེའི་རྣམ་རིག་བདག་མེད་དོན་དམ་འཇུག །དེ་འདྲའི་ཆོས་དབྱིངས་དེ་དེའི་སྣང་བརྙན་ཅན། །དེ་ནི་དོན་དམ་ཁོ་ནའི་རྟེན་འབྲེལ་ལོ། །དེ་འ…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      དང་འགྲུབ་དང་བར་ཆད་བྱེད། །རྙིང་པར་བྱེད་དང་འཇིག་པར་བྱེད་པ་དང༌། །ངེས་པར་བྱེད་དང་མ་ངེས་བྱེད་ལ་སོགས། །མདོར་ན་རྒྱུ་ཀུན་བྱེད་པའི་རྒྱུ་ཡིན་ཡང༌། །སྐྱེས་བུས་བྱེད་པ་ལོགས་སུ་སྔར་ལས་དབྱེ། །ཀུན་གྱི་རྒྱུ་རྐྱེན་ཀུན་གཞིརྣམ་ཤེས་ཏེ། །ལྷན་ཅིག་འབྱུང་སོགས་རྒྱུ་ལྔ་རྒྱུ་རུ་འདོད། །ཉེར་ལེན་རྒྱུ་ནི་ངེས་པར་འདིར་འཐད་དོ། །ལྷག་མ་…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      པ་སྟེ་ལྔ་པའོ།། །།ཕྱིན་ལོག་གཞན་གསུམ་བདག་ལྟའི་གྲོགས་ཡིན་ཏེ། །བདག་ནི་རྟག་ཏུའམ་རེ་ཞིག་གནས་འདོད་རྟག །སྔར་གནས་བདེན་ལས་གཞན་དུ་ཆད་སྙམ་པ། །གང་ཟག་ལ་ལྟོས་རྟག་ཆད་མཐར་ལྟ་འོ། །འདུས་བྱས་ནམ་ཡང་རྟག་པའི་གོ་སྐབས་མེད། །མི་རྟག་པ་ལས་མེད་དང་སྡུག་བསྔལ་རྟོགས། །སྡུག་བསྔལ་ཅན་ནི་བྱེད་པོར་མི་རུང་ཞིང༌། །མི་རྟག་པ་ལ་བདག་དང་བྱེད་པོ…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      དོག་དྲི་དང་རོ་དང་རེག །འདྲ་ཕྱིར་དེ་ནི་དེ་དང་འདྲ། །བུད་ཤིང་རགས་ལས་བྱུང་བའི་ཕྱིར། །ཇཻ་བས་ཇེ་ཆེར་དམིགས་པའི་ཕྱིར། །སེམས་རྗེས་འཇུག་ཕྱིར་དྲི་བའི་ཕྱིར། །དེས་ན་ཕྱི་ཡང་སྐད་ཅིག་མ། །སྨྲས་པ། གང་ཞིག་གང་ནའང་ཡོད་མིན་པ། །རྟག་ཅེས་བྱ་བ་མི་འཐད་དོ། །ནམ་མཁའ་དང་ནི་རིགས་སྤྱི་སོགས། །མཁས་པས་བཤད་ཀྱང་རྩོད་པའི་ངོར། །འགྱུར་དངོས་…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      བྱུང་ཡང་སྐྱེས་པ་མིན་སྙམ་ན། །གཟུགས་སོགས་ལ་ཡང་ཐལ་བར་འགྱུར། །སྐྱེས་ཀྱང་མི་འཇིག་སྲིད་སྙམ་ན། །དངོས་པོ་རྟག་པ་ཡོད་པར་འགྱུར། །དངོས་མེད་ཡིན་ཡང་གསར་བ་སྐྱེ། །དེ་ཡང་རྒྱུ་ཅན་ཉིད་འགྱུར་རོ། །དེ་ལྟ་ན་ནི་དངོས་པོ་དང༌། །ཁྱད་པར་མེད་པར་འགྱུར་སྙམ་ན། །ཆོས་ཅན་གང་ལ་ཉེར་ལེན་ནམ། །རྫས་མེད་མཚན་གཞིའི་དངོས་མེད་དེ། །ལྟོས་ངོར་འདུས་…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      ཀུན་རིགས་ཀྱི་ཁོངས་སུ་འདུས། །ཕུན་ཚོགས་འཇིག་དང་མི་བསྲུན་ཕྲད་པ་དང༌། །རྒྱུ་ལས་འབྲས་བུར་འགྱུར་ཏེ་དེ་ཡང་འཇིག །དྲི་མ་ནུས་དང་བག་ཆགས་མེད་ལས་འཛིན། །དེ་ལས་འབྲས་འགྱུར་དེ་ཡང་འཇིག་པས་སྐྲག །སྡུག་བསྔལ་ཐམས་ཅད་མི་རྟག་རྒྱུ་མཚན་ཅན། །བྱེད་པོ་རྟག་དང་དབང་སྒྱུར་ཡིན་འདོད་ན། །སྡུག་བསྔལ་ཅན་ཕྱིར་མི་འདོད་བབ་མིན་ནམ། །འབྲས་ཚེ་རང་…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      དང༌། །དེ་ཉིད་གཞན་ལ་སྤོས་ནས་བྱེད་པོར་འཛིན། །དེ་ཡི་ཁྱད་པར་རྟག་གཅིག་རང་དབང་ཅན། །རང་བཞིན་གཙང་བཟང་མ་འདྲེས་པ་རུ་བལྟ། །བློ་དམན་རྣམས་ལ་དང་པོར་རིག་པ་བརྟན། །ཆོས་ཉིད་དང་ཡང་རྗེས་མཐུན་ཡིན་པར་འདོད། །དཔལ་གྱི་མགུར་ནས་ཀྱང༌། ཕུང་པོ་རྣམས་ལ་བདག་མེད་དེ། །ཕུང་པོ་རྣམས་ཀྱང་བདག་ལ་མེད། །རྣམ་རྟོག་བཞིན་དུ་དེ་དག་མེད། །དེ་དག་མེད…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      མཚན་ཉིད་སྒྲུབ་དགོས་ཏེ། །རྫོགས་པའི་བྱང་ཆུབ་གསུམ་ལ་གནོད། །ཉེས་པ་གསུམ་ཕྱིར་ལྟ་སོགས་ལ། །དེ་ཡི་བྱེད་པར་རང་བྱུང་མིན། །བྱེད་པ་དེ་ཡི་རྐྱེན་ཅན་ཡང༌། །ལྟ་སོགས་བྱེད་པ་མེད་པ་ཡིན། །བྱེད་པོ་མིན་ཕྱིར་མི་རྟག་ཕྱིར། །གཅིག་ཆར་རྟག་ཏུ་འཇུག་པའི་ཕྱིར། །ལྟ་ལ་སོགས་པ་བྱེད་པ་ནི། །རང་བྱུང་ཉིད་དུ་མི་རུང་ངོ༌། །དེ་བཞིན་གནས་དང་ཞིག་…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      པར་དེ་འདོད་འཁྲུལ། །ལོག་པར་རིག་པས་མ་རིག་ཁྱད་པར་ཅན། །མ་རིག་དུ་མ་རྗེས་སུ་འབྲེལ་བའི་ཕྱིར། །བློ་ཆེན་འགས་ཀྱང་མ་རིག་ཐ་སྙད་སྦྱར། །ཉོན་མོངས་གསུམ་དུ་བསྡུ་བར་སྔར་བཤད་ཟིན། །ཀླུ་སྒྲུབ་ཀྱིས་ཀྱང༌། གལ་ཏེ་ཕུང་བོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །གལ་ཏེ…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      འགྱུར་ཕྱིར་བདག་ནི་ཡོད་མ་ཡིན། །ཁྱབ་པའི་ཚུལ་ལ་ཁྱབ་བྱར་གཅིག་ཡིན་ན། །སྔར་བཤད་སྐྱོན་དང་ཁྱབ་བྱར་མི་གཅིག་ན། །བདེ་སྡུག་བདག་གིས་མྱོང་བ་མེད་པར་འགྱུར། །དགེ་སྡུག་སོགས་དང་མ་འབྲེལ་ལས་འབྲས་དང༌། །བཅིངས་གྲོལ་སོགས་ཀྱང་དེ་ལ་མེད་པར་འགྱུར། །མཆོད་སྦྱིན་བདག་ན་ཡོན་ཏན་བཤེས་གཉེན་ཡང༌། །བདག་གི་འདུ་ཤེས་མཆོད་སྦྱིན་ལ་འཇུག་འགྱུར། …
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      གཟུགས་མིན་ཕྱིར། །བླ་འོག་སོགས་དང་གནས་གཅིག་རུང་མ་ཡིན། །རྩྭ་ཤིང་ས་ལ་བརྟེན་ལྟར་མ་ཡིན་ཏེ། །དེ་བཞིན་འཕེལ་འགྲིབ་བྱེད་སོགས་མ་དམིགས་ཕྱིར། །བྱེད་ཀྱང་མ་ངེས་ཕྱི་རོལ་ལ་ཡོད་ཕྱིར། །ལུས་སེམས་སྤྱི་བོ་བདག་ནའང་མི་རུང་སྟེ། །གཟུགས་སེམས་གཅིག་ཡིན་ཅིག་ཤོས་འགལ་ཕྱིར་རོ། །དེ་ལྟར་གང་ཟག་བདག་མེད་ནི། །ཐེག་པ་ཆེ་ཆུང་ཀུན་ལ་ཡོད། །ཐེག…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      ཆོས་བདག་འཛིན་པའི་ཆ་ཤས་བསྒོས་པར་འདོད། །དེ་ཕྱིར་འདི་སྤངས་རྫོགས་ན་སངས་རྒྱས་ཉིད། །བདེན་པར་མ་ཡིན་སྒྱུ་མར་འཛིན་པ་ཡང༌། །རེ་ཞིག་མི་དགག་སྤྱིར་ནི་ཆོས་བདག་ལྟ། །དོན་དམ་བདེན་འཛིན་མཉམ་གཞག་དུས་ན་སྤངས། །གཞན་དུ་མ་ཡིན་གནས་ཚུལ་ལ་ཞུགས་ཕྱིར། །ཀུན་རྫོབ་བདེན་པར་འཛིན་པ་ཉོན་མོངས་དཔུང༌། །འདི་ནི་དེར་འགལ་དད་སོགས་བསྐྱེད་ཅིང་འཕེ…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      འགྱུར་བའམ་མ་བསྒྲིབ་ན། །མཐོང་འགྱུར་གཅིག་ཚོན་གྱིས་བསྒྱུར་ན། །བསྒྱུར་བའམ་མ་བསྒྱུར་རྟོགས་པར་འགྱུར། །དེ་ཕྱིར་ཚོགས་པ་གཅིག་ཡོད་མིན། །ཞི་བ་ལྷས་ཀྱང༌། རྒྱུད་དང་ཚོགས་ཞེས་བྱ་བ་ནི། །འཕྲེང་བ་དམག་ལ་སོགས་བཞིན་བརྫུན། །འདས་པའི་དངོས་ཡོད་ན་ནི་ཡང་སྐྱེད་དང༌། །སླར་ཡང་འཇིག་འགྱུར་མ་འོངས་དངོས་ཡོད་ན། །དེ་ནི་རང་རྒྱུ་སྔོན་སོང་ཡ…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      ཀྱང་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །དེ་ནི་གཅིག་ནའང་ཡུལ་མིན་ལ། །ཕྲ་རབ་རྡུལ་དུ་དུ་མའང་མིན། །དེ་དག་འདུས་པའང་མ་ཡིན་ཏེ། །འདི་ལྟར་རྡུལ་ཕྲན་མི་འགྲུབ་ཕྱིར། །རྣམ་པའི་གྲངས་བཞིན་ཤེས་པ་ཡོད་འདོད་ན། །རགས་པ་བཞིན་དུ་དཔྱད་པས་འཇིག་པར་འགྱུར། །དུ་མ་ཤེས་པ་གཅིག་གི་ངོར་བདེན་ན། །སྣ་ཚོགས་ངོ་བོར་སྣང་བའི་དངོས་གཅིག…