Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      4770 results — page 8 of 239
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      དེ་ཕྱིར་ཐ་སྙད་རྟགས་ཀྱིས་སྒྲུབ་པར་འདོད། །གཅིག་དང་དུ་མར་མེད་ན་རྫས་དངོས་མིན། །དེར་ཡོད་གང་རུང་ལས་གཞན་མ་དམིགས་ཕྱིར། །དེ་གཉིས་ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ། །ཞེས་པས་ལྡོག་པ་སྒྲུབ་པར་འདོད་པ་ཡིན། །གཅིག་དང་དུ་བྲལ་རང་བཞིན་མེད་པས་ཁྱབ། །གཟུགས་བརྙན་བཞིན་ཏེ་ཕྱི་ནང་དངོས་འདི་ཡང༌། །དེ་དང་བྲལ་ཕྱིར་དེ་མེད་ཅེས་བཀོད་པས། །རི…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      གཉིས་སྐྱེ་རང་དབང་མ་ཡིན་ལྟོས་ལས་གྲུབ། །རྒྱུ་མེད་ནམ་ཡང་སྐྱེ་དང་ནམ་ཡང་མིན། །རེས་འགའ་སྐྱེ་མཐོང་གྲགས་པས་གནོད་པའང་ཡིན། ཁྱབ་སྒྲུབ་དངོས་པོར་སྐྱེ་ན་དེ་བཞིར་ངེས། །དངོས་ལ་རང་གཞན་གཉིས་ཀྱིས་ཁྱབ་ཕྱིར་རོ། །བཞི་ལས་མི་སྐྱེ་རང་བཞིན་སྐྱེ་མེད་ཁྱབ། །རུས་སྦལ་སྤུ་བཞིན་དངོས་པོ་འདི་དག་ཀྱང༌། །དེ་མེད་ཕྱིར་ན་སྐྱེ་བ་མེད་ཅེས་བྱ།…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      ཞེས་སུ་ཐ་སྙད་མཛོད། །ཆོས་རྣམས་ཀུན་ལ་འདི་གཉིས་ཁྱབ་པའི་ཕྱིར། །ཆོས་ཀུན་གྱི་ནི་སྤྱི་ཡི་མཚན་ཉིད་དོ། །རྗེ་བཙུན་གྱིས་ཀྱང༌། རང་དང་རང་གི་བདག་ཉིད་དུ། །མེད་ཕྱིར་རང་གི་ངོ་བོ་ལ། །མི་གནས་ཕྱིར་དང་འཛིན་བཞིན་ཏེ། །མེད་ཕྱིར་ངོ་བོ་ཉིད་མེད་འདོད། །ཕྱི་མ་ཕྱི་མའི་རྟེན་ཡིན་པས། །ངོ་བོ་ཉིད་ནི་མེད་པ་ཡིས། །སྐྱེ་མེད་འགག་མེད་གཟོད་…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      ལ་རྭ་མེད་ཡོད་ན་ནི། །དཀར་པོར་ཡོད་ཀྱི་གཞན་མིན་ཟེར་དང་མཚུངས། །རང་གཞན་གཉིས་ཀ་མི་འདོད་དངོས་མི་སྲིད། །དེ་འདྲའི་མཚན་ཉིད་འཇོག་པ་བླུན་པོའི་ལུགས། །བརྟགས་དོན་ཚོལ་བྱེད་ལྟར་སྣང་ཀུན་བོར་ནས། །ཡང་དག་རིགས་པའི་ལམ་ལ་འཇུག་པར་བྱོས། །ཞེས་པ་བདག་མེད་གཉིས་གཏན་ལ་དབབ་པའི་རབ་ཏུ་བྱེད་པ་སྟེ་དྲུག་པའོ།། །།དེ་ལྟར་བཤད་པའི་གྲུབ་དོན་བ…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      རྫོབ་དང༌། །མཆོག་གི་རྟོགས་བྱ་ཡིན་ཕྱིར་དོན་དམ་མོ། །ཀུན་རྫོབ་བདེན་པ་ཀུན་རྫོབ་ཁོ་ནར་བདེན། །དོན་དམ་ཁོ་ནར་བདེན་པ་དོན་དམ་སྟེ། །ཞེན་ངོར་བདེན་སྣང་ངོར་བདེན་པ་གཉིས། །ཀུན་རྫོབ་ཡིན་ཕྱིར་སྤྱིར་ནི་བརྫུན་པ་ཉིད། །ཀུན་རྫོབ་ཡུལ་ཅན་རྣམ་ཤེས་འཁོར་དང་བཅས། །དོན་དམ་ཡུལ་ཅན་ཡེ་ཤེས་ཁོ་ན་སྟཻ། །ལམ་ནི་ཡུལ་ཅན་དོན་དམ་རྗེས་སུ་འཇུག །…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      མོངས་དམིགས་པར་འགྱུར་བ་དང༌། །དེ་ལ་དབྱེ་བ་མེད་ལྟར་ཀུན་རྫོབ་འགྱུར། །མཐོང་ཐོས་ལས་གཞན་དོན་དམ་བཙལ་མེད་འགྱུར། །གཞན་ན་དོན་དམ་མཐོང་ཡང་ཀུན་རྫོབ་ལ། །འཛིན་མི་ཟློག་དང་ཆོས་ཉིད་མིན་པ་དང༌། །ཀུན་རྫོབ་མེད་པ་དོན་དམ་མི་འགྱུར་དང༌། །གཉིས་ཀ་དུས་གཅིག་དམིགས་པར་ཐལ་ཞེས་གསུངས། །དོན་དམ་མཚན་ཉིད་གཉིས་ལ་ཅི་རིགས་སྦྱོར། །བདེན་གཉིས་ར…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      ཡོད་མ་ཡིན། །དེ་ལྟས་གཟུགས་ལ་སོགས་པ་ལ། །ཡོད་དང་མེད་པ་ཉིད་དུ་བརྗོད། །དེ་ལ་ཡོད་པ་མེད་མ་ཡིན། །མེད་པ་ཡོད་པ་ཉིད་མ་ཡིན། །གཟུགས་ལ་སོགས་པ་དག་ལ་ནི། །ཡོད་མེད་ཁྱད་པར་མེད་པའང་བརྗོད། །སྒྲོ་འདོགས་པ་དང་སྐུར་བ་ཡི། །མཐའ་རྣམས་དགག་པར་བྱ་ཕྱིར་དང༌། །ཐེག་པ་དམན་པས་འགྲོ་བ་དག །དགག་པའི་ཕྱིར་ནི་འདོད་པ་ཡིན། །འཁྲུལ་བའི་རྒྱུ་དང་འཁ…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      མེད་མིན་སོགས། །སྤྲོས་པའི་མཐའ་དང་བྲལ་བ་སྔར་བཤད་ཟིན། །རང་རིག་ལ་སོགས་མཚན་ཉིད་ལྔ་དང་གསུམ། །སློབ་དཔོན་ཀླུ་ཡིས་ཀྱང་ནི་བཤད་པའོ། །གཞན་ལས་ཤེས་མིན་ཞི་བ་དང༌། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །རང་བཞིན་བྱས་པ་ཅན་དུ་འགྱུར། །རང་བཞིན་དང་…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      དབྱིངས་བདེན་དེ་གྲུབ་དང་བརྫུན་མིན་ཕྱིར། །ཡེ་ཤེས་མཐོང་བ་བརྫུན་པར་མི་འཐད་ཕྱིར། །བདེན་གྲུབ་མིན་ཡང་བདེན་ཞེས་དོན་བྲལ་སྨྲ། །མི་འདོད་དེར་ཐལ་དེ་རིག་དགག་བྱའི་ཕྱིར། །བདེན་དེ་གནས་ཚུལ་ཉིད་ལ་ཞུགས་ཕྱིར་རོ། །བདེན་གཉིས་གནས་ཚུལ་མིན་ན་གནས་ཚུལ་མེད། །བརྫུན་པར་མཉམ་ན་ཡིན་མིན་ཁྱད་པར་ཅི། །བདེན་མིན་རྫུན་པ་རྫུན་མིན་བདེན་པ་སྟེ…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      པར་འདོད། །ཡེ་ཤེས་རྣམ་པ་ཀུན་ལྡན་ཀུན་རྫོབ་ཀྱིས། །སྟོང་ལ་རྣམ་པ་མཐུན་པའི་དྲི་མ་རྣམས། །ངོས་འཛིན་ཕྱིར་ཡིན་ཐུན་མོང་མིན་པའི་ལུགས། །འདུས་བྱས་སོགས་ལ་རེ་རེའི་དགོས་པའང་ཡོད། །ཕྱི་མ་གཉིས་ནི་བཅུ་བཞི་ཀུན་ལ་འཇུག །མི་དམིགས་སྟོང་ཉིད་དངོས་པོ་སྟོང་ཉིད་དང༌། །རང་མཚན་གཞན་མཚན་སྟོང་པ་རྣམས་ཀྱང་བསྣན། །དུས་དང་དངོས་མེད་སྟོང་པ་ཀུ…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      བྱང་ཆོས་ཀུན་ཀྱི། །དོན་དམ་རྒྱུ་ནི་དབྱིངས་སུ་བསྟན། །དོན་ཡོད་ཕྱིར་ན་དེ་བཅད་དོ། །བྲག་ཆ་ལྟ་བུར་ཡིན་ཐུང་བ། །ལོག་པས་གནས་པའི་མཚན་ཉིད་ཅན། །སངས་རྒྱས་བྱུང་རུང་མ་བྱུང་རུང༌། །དུས་ཐམས་ཅད་དུ་ཡོངས་སུ་གྲུབ། །མ་ངེས་ངོ་བོ་མིག་ཡོར་འདྲ། །དེ་སྤོང་ཕྱིར་དུ་སྐྱོན་མེད་བསྟན། །ངེས་པ་བདེན་པའི་དོན་ཅན་ཏེ། །རྟོགས་ན་བྱང་ཆུབ་ལ་ཞུགས་…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      སོགས། །ལུང་ལ་འཁྲུལ་ནས་གནས་ལུགས་ཡིན་འདོད་རྨོངས། །ཐབས་མཁས་ཁྱད་པར་ལྡན་པས་བསྒྱུར་བ་ན། །ལམ་དུ་འགྱུར་བར་ཀུན་ལ་གྲགས་བཞིན་འདོད། །ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །འདི་ནི་རྣལ་འབྱོར་ཀུན་རྫོབ་གྱི། །མཐའ་གཉིས་སེལ་དང་སྤོང་བའི་ཚུལ། །སྟོང་པ་ཉིད་ནི་འདི་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ། །འདི་ནི་བདེན་གཉི…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      དེ་ལ་ཆོསཀྱི་མཚན་ཉིད་ནི། །གཉིས་དང་ཇི་ལྟར་མངོན་བརྗོད་པར། །སྣང་བའི་ཡང་དག་མིན་པ་ཡི། །ཀུན་རྟོག་པ་དེ་མེད་སྣང་ཕྱིར། །དེས་ན་ཡང་དག་མིན་པའོ། །དེ་ཡང་ཐམས་ཅད་དོན་མེད་ཅིང༌། །རྟོག་ཙམ་ཡིན་པས་ཀུན་རྟོག་པའོ། །གཞན་ཡང་ཆོས་ཀྱི་མཚན་ཉིད་ནི། །གཟུང་བ་དང་ནི་འཛིན་པ་དང༌། །བརྗོད་པར་བྱ་དང་རྗོད་པར་བྱེད། །ཁྱད་མེད་དེ་བཞིན་ཉིད་ཡིན་ནོ…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      གནས་དང༌། །བདག་མེད་སྟོང་ཉིད་རིག་པས་སྒོམ་ལ་སྦྱཽར། །ཆགས་སོགས་བཞི་དང་གསུམ་གཉིས་གཉེན་པོར་སྦྱར། །ཆོས་སྐུ་གསུམ་ཤེས་ཆོས་ལ་མོས་པ་ཐོབ། །དེ་བཞིན་ཉིད་ཤེས་ཤེས་རབ་དམ་པ་སྟེ། །རིགས་གཉིས་ཤེས་ན་དེ་ལ་ནན་ཏན་དུ། །གནས་པ་དགོས་པར་རིག་ནས་བསམ་གཏན་སྦྱཽར། །སྐུ་གསུམ་རིགས་ཤེས་འགྲོ་ལ་སྙིང་རྗེ་འཇུག །སྙིང་པོ་ངེས་ཤེས་དེ་སྟོན་ཆོས་ལ་མ…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      ཤེས་རབ་ཡེ་ཤེས་བདག་མཚུངས་བྱམས་ཆེན་སྐྱེ། །དེ་ལྟར་དད་པ་སྤྱི་དང་ཁྱད་པར་བཅས། །སྐྱབས་སུ་སོང་ཞིང་བྱང་ཆུབ་སེམས་བསྐྱེད་བླངས། །བསྒོམ་བྱ་སྟོང་ཉིད་སྙིང་རྗེ་མི་གནས་སྦྱཽར། །སྒོམ་ཚུལ་ཐབས་ནི་ཞི་གནས་ལྷག་མཐོང་སྦྲེལ། །ཐུན་མཚམས་སྤྱོད་པ་ཆོས་སྤྱོད་ལྷག་མ་དགུ། །ཐབས་མཁས་ཡི་རང་མོས་པ་བསྔོ་བ་དང༌། །ཡན་ལག་བདུན་གྱིས་དགེ་བ་སྤེལ་བར…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      པ་མ་གཏོགས་པ། །དོན་ཀུན་རབ་ཏུ་མི་མཐོང་ངོ༌། །ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར། །བརྩོན་འགྲུས་བརྟན་པ་ཀུན་ཏུ་བརྩོན། །ཆོས་ཀྱི་སྣང་བ་འཕེལ་ནས་ནི། །སེམས་ཙམ་ལ་ནི་གནས་པར་འགྱུར། །དེ་ནས་དོན་དུ་སྣང་བ་ཀུན། །སེམས་སུ་རབ་ཏུ་མཐོང་བར་འགྱུར། །དེ་ཚེ་དེ་ཡི་གཟུང་བ་ཡི། །རྣམ་པར་གཡེང་བ་དེ་སྤོང་འགྱུར། །དེ་ནས་དེ་ལ་འཛིན་པ་ཡི། །རྣམ་པར…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      དང་མ་འདྲེས་ཆོས། །བཅོ་བརྒྱད་ལ་སོགས་སེམས་དཔའི་ཡོན་ཏན་མང༌། །ཉན་ཐོས་སོགས་དང་ཐུན་མོང་མཐོང་སྒོམ་གྱི། །སྤང་བྱ་མངོན་རྒྱུ་ཕལ་ཆེར་འདིར་ཟློག་འགྱུར། །དེ་ནས་དེ་ནི་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་མེད་པ། །རྣམ་པར་མི་རྟོག་དྲི་མ་མེད། །འཛིན་པ་གཉིས་དང་བྲལ་བ་འཐོབ། །དེ་འདིར་གནས་ཡོངས་གྱུར་པ་སྟེ། །ས་ནི་དང་པོ་ཡིན་པར་འདོད། …
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      ཡིན་དེ་སྤངས་གཉིས་པའོ། །ཏིང་འཛིན་འཇིག་རྟེན་པ་ཀུན་གཅིག་ཆར་ནུས། །ཐོས་པ་ཀུན་འཛིན་གསུམ་པ་ཡིན་པར་འདོད། །བྱང་ཕྱོགས་དབང་ཐོབ་ཏིང་འཛིན་ཆོས་སྲིད་ཟློག །བདེན་བཞི་ལ་བརྟེན་སེམས་ལ་དབང་སྒྱུར་བས། །འཁོར་དང་མྱ་ངན་འདས་ལ་མངོན་ཕྱོགས་མིན། །དེ་བཞིན་རྟེན་འབྲེལ་ཆེས་སྒོམ་འགོག་ཐོབ་ལས། །འཁོར་བས་མི་སྐྱོ་དབྱིངས་ལ་མངོན་དུ་ཕྱོགས། །ག…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      མེད་པའི། །ཚོགས་ཀྱང་དེ་ཐོབ་སྐད་ཅིག་རེ་རེར་བཟླུམས། །གསུམ་པའི་འཇིག་རྟེན་ཏིང་འཛིན་བསམ་གཏན་ཡང༌། ཁམས་གསུམ་གྱི་མིན་བྱང་སེམས་ཁོ་ནའི་ཡིན། །ཉན་ཐོས་རང་རྒྱལ་ཐམས་ཅད་རྨོངས་འགྱུར་བའི། །ཏིང་འཛིན་འབུམ་ཕྲག་བཅུ་ནི་བདུན་པར་ཐོབ། །སྤྱོད་ཡུལ་ཤེས་པས་ཉན་རང་ཀུན་ཟིལ་གནོན། །དབང་བསྒྱུར་མ་གཏོགས་ཉོན་སྒྲིབ་བག་ལ་ཉལ། །ཐམས་ཅད་ས་འདིར་…
      JTN018 · ཏཱ་ར་ནཱ་ཐ།
      ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ།
      རབ་བྱུང་ལེན་པས་ཐོབ་པ་དང༌། །ཆོས་ཉིད་ཀྱིས་ནི་ཐོབ་པ་གཞན། །རབ་ཏུ་བྱུང་བར་སྟོན་བྱེད་ཡིན། །བློ་ལྡན་རྣམས་ཀྱི་ལས་དང་ནི། །གཞན་ཡང་སྨོན་ལམ་དག་དང་ནི། །ཏིང་ངེ་འཛིན་དང་དབང་འབྱོར་བའི། །དབང་གིས་སྐྱེ་བར་འདོད་པ་ཡིན། །མོས་སྤྱོད་པར་ནི་ཏིང་འཛིན་ལུས་ཐོབ་ལ། །འཕགས་སར་དབང་ལྔ་གནས་གྱུར་ཡིད་ལུས་ཏེ། །ཏིང་འཛིན་བདེ་ལ་སྙོམས་འཇུག་ས…