Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      696 results — page 13 of 35
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཀུན་དགའ་གྲགས་པ་ལ་ཏཱ་ར་ནཱ་ཐས་གདམས་པ།
      ངེད་རྟོགས་ལྡན་གྱི་ཁ་ནས་དེ་ལྟར་ཐལ། །བུ་སེམས་ལ་ཕན་ན་སེམས་ལ་ཞོག །སེམས་ཚིག་པ་ཟ་ན་ཆུ་ལ་སྐྱུར། །བསྟོད་ར་ལ་དགའ་ན་བསྟོད་པས་ཆོག །ཅེས་ཀུན་དགའ་གྲགས་པ་ལ་ཏཱ་ར་ནཱ་ཐས་གདམས་པའོ།། །།
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཀུན་དགའ་བདེ་ལེགས་འཛོམ་ལ་གདམས་པ།
      ན་མོ་གུ་ར་ཝེ། ཕ་བླ་མ་མཆོག་ལ་གསོལ་བ་འདེབས། ཁྱེད་མོས་ལྡན་གྱི་བློ་སྣ་ཆོས་ལ་བསྒྱུར། །དུས་ད་རེས་དལ་འབྱོར་ཐོབ་དུས་འདིར། །ཆོས་ཉམས་ལེན་བྱེད་པའི་དུས་ལ་བབ། །ལས་བྱས་ཀྱིན་སླར་ཡང་བྱེད་དགོས་མང༌། །དོན་ཆུང་གི་བྱ་བ་ཕྱི་ལ་སྐྱུར། །དགྲ་བཏུལ་ཀྱིན་རྟིང་ལ་འདུལ་དགོས་མང༌། །སླར་ཡང་སེམས་འདུལ་བའི་དུས་ལ་བབ། །གཉེན་མགུ་པ་ལས་ཀྱང་འ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཀུན་དགའ་རྒྱལ་མཚན་ལ་གདམས་པ།
      ན་མོ་གུ་རུ། རྒྱལ་བ་སངས་རྒྱས་ཀུན་གྱི་དངོས། །མཚན་ལྡན་རྗེ་ལ་གུས་པས་འདུད། །བདག་ཅག་སློབ་མར་བཅས་པ་ལ། །ད་ལྟ་བྱིན་གྱིས་ བརླབ་ཏུ་གསོལ། །ཕྱོགས་བཅུ་ནམ་མཁའི་མཐའ་གཏུགས་པའི། །འགྲོ་དྲུག་དྲིན་ཅན་ཕ་མ་ལ། །བྱས་པ་ཤེས་བཞིན་དྲིན་བཟོ་བའི། །བྱམས་དང་སྙིང་རྗེ་འབད་དེ་སྒོམས། །དམ་ཆོས་སྤྱོད་པའི་མཐུ་ལྡན་པ། །རྙེད་དཀའ་མི་ལུས་རིན་ཆེ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཀུན་དགའ་རྒྱལ་མཚན་ལ་གདམས་པ།
      པར་འཇོག་པ་འཚལ། །དོན་དེ་ཙམ་ཐུགས་ལ་འཇོག་པ་ཞུ།། །།ཞེས་པའང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ཚོགས་བྱེ་རྫིངས་ཀྱི་གཏན་གཅིག་པ་ཀུན་དགའ་རྒྱལ་མཚན་ལ་གདམས་པའོ། །མངྒལཾ། །
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ལས་སྟོད་ཀྱི་གནས་སྐོར་བ་འདྲ་ལ་གདམས་པའོ། །
      ༈ གང་སྣང་མཉམ་ཉིད་ངོ་བོའི་རྩལ། །ནམ་མཁའ་བཞིན་དུ་ཕྱོགས་ལྷུང་མེད། །གང་བྱུང་དེ་ལ་བཅོས་མི་འཚལ། །ལྷུན་གྲུབ་དེ་ལ་ཆམ་གྱི་བཞག །བཙིར་ཐག་མེད་པའི་རང་གི་སེམས། །གུ་ཡངས་པོ་འདི་རྒྱ་རེ་ཆེ། །བཙོན་དུ་བཅུག་པའི་མི་འགའ་ཞིག །འབད་རྩོལ་དཀའ་སྤྱད་ཆེན་པོ་ཡི། །བཙོན་ལས་ཐར་པར་གྱུར་པ་ན། །རྩོལ་བ་མེད་པར་ངང་གི་བདེ། །དང་པོ་འབད་རྩོལ་དགོ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ལས་སྟོད་ཀྱི་གནས་སྐོར་བ་འདྲ་ལ་གདམས་པའོ། །
      མ་མཁའ་འགྲོས་བྱིན་རློབ་ཀྱི་རྟེན་འབྲེལ་ཡོད། །གང་སྡོད་དུ་མཆོད་གཏོར་ལ་བརྩོན་པ་ཞུ། །བར་ཆད་བཟློག་པའི་རྟེན་འབྲེལ་ཡོད། །མོས་གུས་ཀྱི་གསོལ་འདེབས་ཡང་ཡང་བྱ། །ཆོས་བརྒྱུད་འཕེལ་བའི་རྟེན་འབྲེལ་ཡོད། །དོན་དེ་དག་མཚོན་བྱེད་ཙམ་ཡིན་པས། །རྟེན་འབྲེལ་སྒྲིག་ལུགས་ཤེས་ཏེ་འཚལ། །ཕྱི་ནང་གི་རྟེན་འབྲེལ་སྒྲིག་ཤེས་ན། །དགོས་འདོད་དངོས་…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཞལ་གདམས་དཔེ་རྒྱན་གསལ་བ་བཞུགས།
      ཨོཾ་སྭཱ་སྟི། བདག་ལྟ་སོ་ལྡན་དྲེགས་པའི་དགྲ། །རྒྱལ་བ་རི་དྭགས་དབང་པོ་གང༌། །དཔག་ཡས་ཡོན་ཏན་འབྱོར་པ་ཡིས། ཁེངས་པས་སེངྒེའི་སྒྲ་བསྒྲགས་བཞིན། །གཉིས་མེད་གསུང་བའི་བསྟན་པ་ལ། །གུས་པས་བློ་ལྡན་ཕྱག་འཚལ་ཏེ། །གདམས་པའི་སྒྲོན་མེ་རབ་སྦར་བས། །སྙན་ཚིག་རི་མོའང་གསལ་བར་བྱ། །འབྱོར་པ་བཅུ་དང་ལྡན་པའི་ལུས། །ཡིད་བཞིན་ནོར་བུ་ལྟ་བུར་ད…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཞལ་གདམས་དཔེ་རྒྱན་གསལ་བ་བཞུགས།
      བཞིན་གྱི་དཔལ། །ཡོད་ཅེས་པད་དཀར་སྙེམས་མི་འཚལ། །རབ་འབར་ཤལྨ་ལི་ནགས་ཀྱི། །སྲིང་མོ་ལ་ཡང་དེ་ཡོད་ཕྱིར། །ཞེས་པ་འདི་ནི་རབ་བཏགས་དཔེ། །ཚངས་གནས་བསམ་གཏན་བདེ་བ་འདི། །རྟག་བརྟན་གཡུང་དྲུང་དཔལ་འཛིན་ན། །ཟག་མེད་བདེ་བས་མངོན་མཐོ་བའི། །ཐར་པའི་གནས་དང་མཚུངས་པ་ཉིད། །ཅེས་པ་འདི་ནི་རྨད་བྱུང་དཔེ། །ཡིད་ནི་རབ་ཏུ་ཆགས་བྲལ་བས། །ལང་ཚོ་…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཞལ་གདམས་དཔེ་རྒྱན་གསལ་བ་བཞུགས།
      གཏེར་གྱི་བདག་པོ་ཇི་བཞིན་དུ། །སུ་ཝརྞ་ཡི་དཔལ་གྱིས་ཕྱུག །ཅེས་པ་འདི་ནི་མཉམ་ཉིད་དཔེ། །རབ་ཏུ་དབེན་པའི་བསམ་གཏན་འདི། །འཁོར་ལོས་སྒྱུར་བའི་བཀའ་ཁྲིམས་དང༌། །དགེ་ཆོས་སྤེལ་བར་མཚུངས་མོད་ཀྱི། །རྣམ་གཡེང་ཡིད་དང་བྲལ་བས་འཕགས། །ཞེས་པ་འདི་ནི་སྨད་པའི་དཔེ། །མ་ལཱ་ཡ་ཡི་ནགས་ཀླུང་གི །སེར་བུ་འདི་ཡིས་བདེ་བསྐྱེད་པ། །བསོད་ནམས་ཡོངས…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཞལ་གདམས་དཔེ་རྒྱན་གསལ་བ་བཞུགས།
      མོད་ཀྱང༌། །རི་བོ་དེ་ལྟར་ལྷག་པ་མིན། །ཞེས་འདི་མཛེས་པའམ་ངོ་བསྟོད་དཔེ། །བློ་གྲོས་རྣམ་པར་འཕེལ་བྱེད་འདི། །དབྱངས་ཅན་མ་ཡིན་ཐོས་པ་ཉིད། །ལུས་ལ་སིམ་པ་བསྐྱེད་འདི་ཡང༌། །རེག་མིན་ཤིན་ཏུ་སྦྱངས་པ་ཉིད། །ཅེས་འདི་དེ་ཉིད་བརྗོད་པའི་དཔེ། །གཟུགས་མཛེས་སོགས་དང་བསམ་གཏན་ལས། །སྐྱེས་པའི་བདེ་བ་དེ་ཀུན་གྱིས། །ཞི་བའི་བདེ་ལ་སྐྲུན་ཏུ་…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཞལ་གདམས་དཔེ་རྒྱན་གསལ་བ་བཞུགས།
      འདི་ནི་རྣམ་འགྱུར་དཔེ། །ཉིན་བྱེད་འོད་ཀྱིས་མཚན་མོ་དང༌། །སྨན་གྱི་དབང་པོས་ཚ་གདུང་དང༌། །དབང་པོས་ད་ནུའི་བུ་བཞིན་དུ། །ཆོས་ཀྱིས་སྡིག་པ་འཇོམས་པར་བྱེད། །ཅེས་པ་འདི་ནི་ཕྲེང་བའི་དཔེ། །ཆོས་དང་འཁོར་བ་དེ་ནས་གཞན། །སྐྱེ་བོ་སྡིག་པ་མྱང་འདས་རྣམས། །བདུད་རྩིའི་འཁོར་ལོ་སྤྲེའུ་དང༌། །དུག་དང་དགའ་ཚལ་དག་ཏུ་མཚུངས། །ཞེས་འདི་དག་དོ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཞལ་གདམས་དཔེ་རྒྱན་གསལ་བ་བཞུགས།
      ཞེས་པ་འདི་ནི་རྒྱུ་ཡི་དཔེ། །དེ་ལྟར་དཔེ་རྒྱན་སོ་གཉིས་སོ། །དཔེ་རྒྱན་གྱི་ནི་སྐྱོན་རྣམ་གསུམ། །ཕོ་མོ་མ་ནིང་རྟགས་འདྲེས་དང༌། །དཔེ་དོན་མཆོག་དམན་ཆེས་པ་དང༌། །མང་ཉུང་ཚིག་ཚོགས་འཁྲུགས་པའོ། །དེ་དག་རྣམས་ལ་རིམ་པ་བཞིན། །མེས་པོ་དྲན་པ་དྲང་སྲོང་གཙོ། །བུད་མེད་གཡོ་སྒྱུ་འཛིན་མ་བཞིན། །གཅམ་བུའི་ཚིག་གི་རྗེས་འཇུག་སྟེ། །ལྕགས་ཕྱ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཞལ་གདམས་དཔེ་རྒྱན་གསལ་བ་བཞུགས།
      བློ་ལྡན་ཐར་ཕྱིར་འབད་པར་བྱོས། །དེ་ལྟར་རྗེས་གདམས་ཅུང་ཟད་ཙམ། །དཔེ་རྒྱན་ཚུལ་གྱིས་བརྗོད་པ་སྟེ། །ངོ་མཚར་བསྐྱེད་པའི་ཚིག་དང་དོན། །འགའ་ཡང་བདག་གིས་བརྗོད་མ་ནུས། །འོན་ཀྱང་ཆོས་ཀྱི་ཚུལ་བཞིན་ཏེ། །མི་བདག་ཁྱོད་ཀྱིས་བརྟག་པའི་འོས། །ཞེས་པ་ཏཱ་ར་ནཱ་ཐས་སྨྲས་པ་སྟེ། ནོར་གྱི་སྡེ་དང་འདོད་པའི་སྡེ་སྙིང་པོས་དབེན་པར་ཤེས་ནས། ཆོས་ཀ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ལྕམ་ཀུན་དགའ་འཕྲིན་ལས་དབང་མོ་ལ་གདམས་པའོ། །
      ངེད་བླ་མ་དམ་པའི་ཐུགས་རྗེ་ཡིས། །ཕྱི་བདེ་སྡུག་ཆགས་སྡང་མཐོ་དམན་ཀུན། ནང་ཆོས་ཀྱི་དབྱིངས་སུ་རོ་མཉམ་ཙམ། །ཡིད་ངལ་གསོའི་བློ་གཏད་འཆའ་བ་ལས། །ལར་གཡའ་གོང་གངས་ཁྲོད་ཀྱི་དབེན་གནས་སུ། །ལུས་སེམས་གཉིས་རྡུལ་དུ་བརླགས་བརླགས་པར། །སེམས་ཉམས་ལེན་གྱི་འདུན་པ་ཡོད་མོད་ཀྱི། །སྔར་ཕན་ཆད་གཡེང་བའི་བདུད་ཀྱིས་ཁྱེར། །སྔོན་བསགས་པའི་ལས་ཀྱ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ལྕམ་ཀུན་དགའ་འཕྲིན་ལས་དབང་མོ་ལ་གདམས་པའོ། །
      གནས་ཡིད་འོང་བསམ་གཏན་ཁང་བུ་རུ། །ལུས་གཡོ་མེད་དལ་བའི་བདེ་སྐྱིད་དང༌། །ཡིད་སེམས་ཁྲལ་མེད་པའི་ངལ་གསོ་འདི། ཁོང་བརྒྱ་བྱིན་ལ་ཡང་ཡོད་རེ་ཀན། །ཡོངས་འཇིག་རྟེན་འགྲོ་བའི་སྣང་ཚུལ་འདི། །མར་ངན་སོང་གསུམ་གྱི་སྡུག་བསྔལ་དང༌། །གནས་མཐོ་རིས་འབྱོར་རྒུད་འགྱུར་ལུགས་ལ། །དུས་ཅུང་ཟད་བདེ་བའི་གོ་སྐབས་མེད། ཁོང་དབང་ཆེན་དུ་བཏགས་པའི་ང་ར…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > བླ་མ་ཀ་བཞི་པ་ཀུན་དགའ་ལྷུན་གྲུབ་ལ།
      ཨོཾ་སྭཱ་སྟི། བླ་མ་མཆོག་དང་དུས་གསུམ་རྒྱལ་བ་ཡི། །ཞབས་པད་དམ་པ་སྤྱི་བོས་བཏུད་བྱས་ཏེ། །དམ་ཆོས་བདུད་རྩིའི་རྒྱ་མཚོ་ལས་བརྩམས་ནས། །ཟབ་མོའི་བཀའ་མཆིད་ཅུང་ཟད་བགྱིད་ལ་སྤྲོ། །དེ་ལ་སྟོན་པ་དེ་བཞིན་གཤེགས་པས། །དམ་པའི་ཆོས་ཀྱི་སྒོ་མཐའ་ཡས་པ་ཞིག་བཀའ་སྩལ་པ་ནི། གཞན་གྱི་ཚིག་སྣ་བསྟུང་བ་དང༌། །ཕ་རོལ་ཟིལ་གྱིས་གནོན་པ་དང༌། བདག་ཉི…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > བླ་མ་ཀ་བཞི་པ་ཀུན་དགའ་ལྷུན་གྲུབ་ལ།
      ཞིང་ཕྲ་བ་རྣམས་ཀྱང་མ་འཁྲུགས་པར་འབྱུང་བ་འདི་ནི། དང་པོ་ཉིད་དུ་ཡང་དག་པའི་ལྟ་བ་བསྐྱེད་པའི་དམིགས་པ་ཡིན་ཏེ། རྒྱུ་འབྲས་བསླུ་བ་མེད་པ་ལ་ངེས་ཤེས་སྐྱེས་ནས། སྤངས་བླང་ཇི་ལྟ་བ་བཞིན་དུ་སྤྱད་པས། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་གནས། ངན་སོང་གི་སྒོ་ཁེགས། མཐོ་རིས་ཀྱི་སྒོ་ཕྱེད་པར་འགྱུར་ཞིང༌། སྣང་བ་འདི་དག་འཁྲུལ་པ་ཙམ་མ་གཏོག…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > བླ་མ་ཀ་བཞི་པ་ཀུན་དགའ་ལྷུན་གྲུབ་ལ།
      ཕྱིར་རྟག་ཅིང་བརྟན་པ་དང༌། གནས་ལུགས་ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དོ། །དེ་ལྟར་གནས་ལུགས་ད་ནི། བདེན་གྲུབ་དང༌། རྟག་བརྟན་གཡུང་དྲུང་ཡིན་ཀྱང། སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་ཞིང༌། ཚིག་གིས་བརྗོད་དུ་མེད། བློས་བཟུང་དུ་མེད་པ་ཡིན་པས། མཉམ་བཞག་གི་ཚེ། འདི་བདེན་པ་ཡིན་ནོ་རྟག་པ་ཡིན་ནོ་…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > བླ་མ་ཀ་བཞི་པ་ཀུན་དགའ་ལྷུན་གྲུབ་ལ།
      ང་དང་ང་ཡིར་འཛིན་པའི་ཡུལ་བདག་ཅེས་བྱ་བ་གྲུབ་པ་མེད་པ། ཆོས་འདི་རྣམས་ལ་བྱེད་པོས་སྟོང་པ། རྒྱུ་རྐྱེན་སྣ་ཚོགས་པ་འཕྲད་པ་ལས་འབྱུང་བར་ཤེས་ནས། དེ་ཉིད་ཀྱི་དོན་ཡང་ཡང་བསྒོམས་པས། འཁོར་བའི་བདེ་བ་ཐམས་ཅད་སྙིང་པོ་མེད་པས། འཁོར་བ་ལས་ངེས་པར་འབྱུང་འདོད་ཀྱི་བསམ་པ་ཕུན་སུམ་ཚོགས་པ་སྐྱེ་བར་འགྱུར་ཞིང༌། དེའི་རྗེས་སུ་དེ་ལྟར་མི་རྟག…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > བླ་མ་ཀ་བཞི་པ་ཀུན་དགའ་ལྷུན་གྲུབ་ལ།
      གང་དུ་སྡུག་བསྔལ་མྱོང་བའི་ས་ཕྱོགས་འཇིག་རྟེན་གྱི་ཁམས་དང༌། སུ་ཞིག་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས་དང༌། རྒྱུ་གང་གིས་སྡུག་བསྔལ་མྱོང་བར་འགྱུར་བའི་ལས་དང་ཉོན་མོངས་རྣམས་དང༌། ཇི་ལྟར་སྡུག་བསྔལ་མྱོང་བའི་ཚུལ་སྐྱེ་རྒ་ན་འཆི་དང༌། འགྲོ་དྲུག་སོ་སོའི་སྡུག་བསྔལ་གྱི་རང་བཞིན་དེ་ཐམས་ཅད། སོ་སོའི་སེམས་རྒྱུད་ལ་མ་རིག་པའི་བག་ཆ…