Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      696 results — page 8 of 35
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > རང་གི་རྟོགས་པའི་གླུ་དབྱངས།
      ཐག་གཅོད་འཚལ། །རང་དབང་བསྐུར་ཐོབ་གདམས་ངག་ཞུས། །རྒྱུད་སྡེ་ཟབ་མོ་ཞུས་པ་ཡི། །བླ་མ་ལ་མོས་གུས་གསོལ་བ་ཐོབ། །མཆོག་གི་དངོས་གྲུབ་དེ་ལ་འབྱུང༌། ཁོང་བླ་མ་མང་ཡང་གཅིག་ཏུ་སྒོམས། །དེ་སངས་རྒྱས་སེམས་ཅན་གང་ལྟར་རུང༌། །མཛད་སྤྱོད་དང་མཁྱེན་པ་ཅི་འདྲ་ཡང༌། །ཡིད་སྙེམས་འཁྲིག་མེད་པས་གསོལ་བ་ཐོབ། །ཡང་རྡོ་རྗེ་འཆང་ལ་ཡིད་སྨོན་དང༌། །བར…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > རང་གི་རྟོགས་པའི་གླུ་དབྱངས།
      སྙིང་རྗེའི་ངང༌། །དེ་སྒྲུབ་རྒྱུ་མེད་ཀྱང་སྒྲུབ་པར་འཚལ། །ཡོངས་གང་སྣང་དམིགས་པ་མེད་པའི་ངང༌། །དག་སྣང་ཕྱོགས་མེད་རང་ཤར་གཅིག །མི་བདག་ལ་དཔལ་ལྡན་བླ་མས་བསྟན། །དེ་ཉམས་སུ་མྱོང་བས་སྐྱིད་གཅིག་ཤར། །བུ་ཁྱོད་ཀྱང་འདི་ལ་བསླབ་པར་མཛོད། །དྲན་པ་ཉག་གཅིག་གི་རྣལ་འབྱོར་ལ། །སྐྱེས་གྲོལ་གྱི་འཆར་སྒོ་མ་གཏོགས་པ། །ཡུལ་དང་ཡུལ་ཅན་གྱི་རྗ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > རང་གི་རྟོགས་པའི་གླུ་དབྱངས།
      དམིགས་པ་རྟེན་བཅས་སྒོམ། །རེས་འགའ་མ་བཅོས་སོ་མར་བཞག །རེས་འགའ་རང་སེམས་ཡང་ཡང་ཚོལ། །ནམ་ཞིག་རྩ་བྲལ་མངོན་དུ་འགྱུར། །རྐྱེན་མོས་གུས་ཁོ་ན་གལ་རེ་ཆེ། །ཉམས་ཉི་མ་བཞིན་དུ་འཆར་ནུབ་བྱེད། །དོན་འགྱུར་མེད་རྟོགས་པ་ནམ་མཁའ་འདྲ། །གོ་བ་ན་བུན་བཞིན་དུ་དེངས། །དེ་ཡན་ཆད་ཕྱག་རྒྱ་ཆེན་པོའི་གླུ། །དེ་ཡི་བོགས་འདོན་གལ་རེ་ཆེ། །གཏུམ་མོའི་…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > རང་གི་རྟོགས་པའི་གླུ་དབྱངས།
      ངང་ལས་ལྷ་སྐུར་ལྡང༌། །རླུང་སེམས་སྙིང་གར་ལྡང་འཇུག་བྱེད། །འདི་སྐུ་གསུམ་སྒྲུབ་ན་གནད་དུ་ཆེ། །ཉིན་པར་ཆོས་སྤྱོད་འཕེལ་བར་བྱ། །མཚན་མོ་ཟབ་མོའི་ཏིང་འཛིན་སྒོམ། །ཉིན་མཚན་གཉིས་ཀྱི་བྱ་བ་ཡིན། །ཐོ་རངས་སྔ་དྲོ་གཏུམ་མོ་སྒོམ། །ཉིན་པར་སྒྱུ་ལུས་སྒོམ་པར་བྱ། །ཕྱི་འཕྲེད་རྨི་ལམ་སྲོད་ཀྱི་དུས། །གཉིད་ཀྱི་འོད་གསལ་བསྒོམ་པར་བྱ། །ནམ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > རང་གི་རྟོགས་པའི་གླུ་དབྱངས།
      པ་དུ་མ་མཐོང་གྱུར་ན། །བརྟུལ་ཞུགས་སྤྱོད་པ་ངོ་མཚར་ཡང༌། །བུ་ཁྱོད་དེ་ལྟར་མ་གྱུར་པར། །སྤྱོད་པ་གཟབ་པ་གནད་དུ་ཆེ། །ཡི་དམ་ལྷ་དང་བླ་མ་ལ། །གསོལ་བ་བཏབ་ཅིང་གདམ་ངག་ཞུ། །དངོས་སུ་མཐོང་བའི་སྐལ་མེད་ན། །རྨི་ལམ་ཡུལ་སྣང་གཏན་ལ་ཕབ། །དགའ་ལྡན་མངོན་དགའ་བདེ་བ་ཅན། །གྲུ་འཛིན་རི་དང་ཨོ་རྒྱན་དང༌། །རི་བོ་རྩེ་ལྔ་ལ་སོགས་སུ། །རིགས་གསུམ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཉམས་ལེན་གྱི་གནད་སྙན་བསྐུལ་གཏན་གྱི་མདུན་གྲོལ།
      ཨོཾ་སྭ་སྟི་པྲ་ཛཱ་བྷྱཿ རྒྱལ་བ་རྡོ་རྗེ་འཆང་དངོས་བླ་མ་ལ། །ནམ་ཡང་འབྲལ་བ་མེད་པའི་གདུང་ཤུགས་ཀྱི། །གུས་པས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བུ་སློབ་བློ་སྣ་ཆོས་ལ་སྒྱུར་དུ་གསོལ། །ངེས་མེད་སྤྱོད་པའི་རྣལ་འབྱོར་རྒྱལ་ཁམས་པས། །སྙན་བསྐུལ་གཏན་གྱི་ མདུན་གྲོལ་འབུལ་བ་ནི། །དམ་ཆོས་ལས་གཞན་མདུན་མའི་རྒྱལ་པོ་ནི། །གཞན་ཞིག་ཡོད…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཉམས་ལེན་གྱི་གནད་སྙན་བསྐུལ་གཏན་གྱི་མདུན་གྲོལ།
      འགྲོ། །མི་སྡོད་འབྲལ་བ་མཐོང་ཚེ་ཡིད་རེ་སྐྱོ། །རང་ཡང་དེ་ལྟར་ཡིན་མིན་བསམ་པ་ཞུ། །མཛའ་བའི་གྲོགས་ཀྱང་རྨི་ལམ་མགྲོན་པོ་འདྲ། །ཡོད་པའི་འཕྲོ་ལ་གར་སོང་ཆ་མེད་འགྲོ། །དཔལ་འབྱོར་འདི་ཡང་སྟོན་ཀའི་ན་བུན་འདྲ། །ཡུན་རིང་སྡོད་སྡོད་འདྲ་ཡང་འཕྲལ་དུ་འཇིག །དབང་ཐང་ལོངས་སྤྱོད་སོས་ཀའི་འཇའ་ཚོན་འདྲ། །མིག་སྔར་མཛེས་ཀྱང་ཡིད་བརྟན་རྟག་མི…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཉམས་ལེན་གྱི་གནད་སྙན་བསྐུལ་གཏན་གྱི་མདུན་གྲོལ།
      ཡུལ་དང་འབྲལ། །ཟས་ནོར་ཀུན་བོར་རོགས་མེད་གཅིག་པུར་འགྲོ། །ལང་ཚོའི་མེ་ཏོག་རྒས་པའི་བ་མོས་གདུངས། །མདངས་ཉམས་སྟོབས་ཤོར་ཡི་མུག་སེམས་མི་བདེ། །འདོད་ལ་དགའ་ཡང་སྤྱོད་པའི་ནུས་པ་མེད། །ཕ་རོལ་འགྲོ་བ་མཐོང་ཚེ་ཡིད་རབ་འབྱུང༌། །ཕྱི་ནས་དམ་པའི་ཆོས་དང་མཇལ་བའང་དཀོན། །མི་ལུས་རིན་ཆེན་ཐོབ་པ་དཀའ་བས་ན། །ད་ལྟ་དམ་པའི་ཆོས་ལ་མ་འབད་ན། །…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཉམས་ལེན་གྱི་གནད་སྙན་བསྐུལ་གཏན་གྱི་མདུན་གྲོལ།
      བས་ཁོར་ལུས་སྲེག །གནས་ཚུལ་བསམས་ན་སྐྲག་པས་ཤ་རུས་འགྱེས། །གཅིག་ལ་གཅིག་ཟ་གསོད་དང་འཆིང་དང་བརྡེག །བཀོལ་ཞིང་དབང་མེད་དུད་འགྲོའི་སྡུག་བསྔལ་ཡང༌། །ཐོག་ཏུ་བབས་ན་བཟོད་པའི་ཐབས་མཆིས་སམ། །ད་ལྟ་བཅོས་ཐབས་ཡོད་དུས་འབད་འབུངས་འཚལ། །ནམ་ཞིག་ཐོག་ཏུ་བབས་ན་གཞན་དག་ལ། །གྱོད་ཁ་རྡལ་བའི་ཁག་ངན་སུ་ལ་བགོ །རང་ཉེས་རང་གིས་འཁྱེར་ལས་འོས་ཅི…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཉམས་ལེན་གྱི་གནད་སྙན་བསྐུལ་གཏན་གྱི་མདུན་གྲོལ།
      གཞན་གྱིས་ཆ་ཤས་ཙམ་ཡང་ནོད་པ་མེད། །དེ་བས་གཞན་ཕྱིར་སྡིག་ལ་དགེས་མི་འཚལ། །རང་ལ་གནོད་པ་ཆུང་ཡང་མི་བཟོད་པར། །གཞན་ལུས་དུམ་བུར་གཏུམ་པའི་ཕོད་ཁམས་ཅན། །བཟའ་བཏུང་ཙམ་གྱི་ཕྱིར་དུ་སྲོག་ཀྱང་གཅོད། །རང་འདོད་ཅན་གྱི་སྤྱོད་ངན་རྣམ་སྤངས་ཏེ། །མཛད་པ་བཟང་པོས་རང་གཞན་ཕྱོགས་ཀུན་གྱི། །ཡུལ་ཁམས་ཐམས་ཅད་བདེ་བའི་ཐབས་སྒྲུབ་འཚལ། །འགྲོ་དྲུ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཉམས་ལེན་གྱི་གནད་སྙན་བསྐུལ་གཏན་གྱི་མདུན་གྲོལ།
      བསྒྲུབ་ཅིང༌། །ཡིད་ཀྱི་མོས་གུས་ངག་གི་སྙན་པར་བརྗོད། །ཡོན་དབུལ་ལུས་ཀྱི་བྱ་བ་ཐམས་ཅད་ཀྱིས། །སློབ་དཔོན་གང་དགེས་དེ་ལ་འབད་པར་བྱ། །འཇིག་རྟེན་རྗེ་བོ་ཇི་ལྟར་བཟང་ཡང་འབྲལ། །བླ་མ་དམ་པའི་ཐུགས་རྗེས་འདོར་མི་སྲིད། །བླ་མའི་བྱིན་རླབས་ཤུགས་ལས་རྟོགས་པ་སྐྱེ། །ཕྱག་རྒྱ་ཆེན་པོ་བྱིན་རླབས་ལམ་བྱེད་ཡིན། །གསལ་ལ་འཛིན་མེད་ལྷོད་དེ་ཤ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཉམས་ལེན་གྱི་གནད་སྙན་བསྐུལ་གཏན་གྱི་མདུན་གྲོལ།
      ཕྱོགས་མེད་བསྒྱུར། །ཇི་ཙམ་དམིགས་པ་སྒོམ་པ་ཐམས་ཅད་ཀྱང༌། །རང་ངོ་ཤེས་པའི་དྲན་པས་ཟིན་པ་གནད། །སྡིག་པ་བཤགས་དང་དགེ་བ་གསོག་པ་དང༌། །རྗེས་སུ་ཡི་རང་བསྔོ་བས་རྒྱས་ཐེབས་པ། །འདི་བཞི་མཐོ་རིས་ཐར་པའི་རྩ་བ་ཡིན། །སྔར་བྱས་སྡིག་ལ་ཤིན་ཏུ་འགྱོད་པ་དང༌། །ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ་སེམས་དང༌། །སྐྱབས་འགྲོ་བྱང་ཆུབ་མཆོག་ཏུ་སེམས་བསྐ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཉམས་ལེན་གྱི་གནད་སྙན་བསྐུལ་གཏན་གྱི་མདུན་གྲོལ།
      སྐུར་བ་གདབ་མི་འཚལ། །དོན་མེད་ཚེ་འདིའི་བྱ་བ་ལ་འདས་ནས། །དོན་ཆེན་ཤུལ་དུ་ལུས་པ་མང་བར་གདའ། །དམ་ཆོས་བྱ་སྙམ་ཡོད་པ་མང་ན་ཡང༌། །ལག་ཏུ་ལོངས་པའི་མི་ནི་རྒྱ་ལམ་ན། །དེ་སྐད་ཀུན་དགའ་སྙིང་པོ་ཞེས་བྱ་བས། །ནོར་འཛིན་བདག་མོ་ངག་དབང་དོན་ཡོད་མཚན། །དགེ་ལེགས་དཔྱིད་ཀྱི་དཔལ་མོར་གདམས་པ་འདི། །གོང་དཀར་ཞེས་བྱ་རྒྱལ་པོའི་ཁབ་ཏུའོ། །རིན་…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཀུན་འཛོམ་ལ།
      ཨོཾ་སྭཱ་སྟི། ཆེད་དུ་ཕུལ་བ། ཉམས་སྣང་རྨི་ལྟས་བཟང་ངན་སོགས་གང་ལ་ཡང་འཛིན་ཞེན་མི་འཚལ་ཞིང༌། སེམས་ཀྱི་འཁྲུལ་སྣང་ཡིན་པས་སྤྱིར་གཏད་པ་མི་གདོགཁ་སིང་ཏེ་དངོས་གྲུབ་ཀྱིས་ལྟས་ཡིན། ཀྭ་ཡེ་ནམ་མཁའ་འདི་ལ་རྒྱུ་རྐྱེན་མེད། །འོན་ཀྱང་ཡོད་དང་མེད་པར་འཛིན་ན་འཁྲུལ། །འཛིན་མེད་ངང་དུ་ཞོག་ཅིག་སྐལ་ལྡན་མ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཀུན་འཛོམ་ལ།
      ཡིན། གནས་དང་འགྱུར་ལ་སྤང་བླང་མི་འཚལ་ལོ། །མེ་ལོང་ཤིན་ཏུ་དྭངས་པའི་དཀྱིལ་འཁོར་ལ། །པྲ་སྔགས་བཏབ་པའི་ཁྱེའུས་པྲ་གཟུགས་མཐོང༌། །མེད་ཀྱང་རྒྱུ་རྐྱེན་ཙམ་ལ་གཟུགས་བརྙན་སྣང། །གཟུགས་བརྙན་བྱུང་ཡང་མེ་ལོང་ཞིག་པ་མེད། །ཐོག་མེད་དུས་ནས་རང་ངོ་མ་ཤེས་པས། །འཁྲུལ་པའི་སྣང་བ་ཇི་སྙེད་ཤར་གྱུར་ཀྱང། །སེམས་ཀྱི་རང་བཞིན་ཆོས་སྐུ་ཞིག་པ་མེ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཀུན་འཛོམ་ལ།
      འོད་དཔག་མེད་མགོན་གཞན་དུ་མ་འཚོལ་ཞིག །ཇི་ལྟར་ནགས་ལ་མེ་ཕུང་འབར་བ་ན། །མེ་ལྕེ་མཁའ་ལས་བྱུང་ཞིང་མཁའ་ལ་ཐིམ། །མེ་ལྟར་འབར་བའི་ཞེ་སྡང་དྲག་པོ་ཡང༌། །སེམས་ལས་ལོགས་སུ་ཅུང་ཟད་གྲུབ་པ་མེད། །ཞེ་སྡང་རང་བཞིན་གསལ་སྟོང་ངང་ལ་ཞོག །མེ་ལོང་ལྟ་བུའི་ཡེ་ཤེས་མི་ཟེར་རམ། །མི་བསྐྱོད་རྒྱལ་པོ་གཞན་དུ་མ་འཚོལ་ཞིག །སྦྲུལ་ལ་མདུད་པ་རྒྱབ་པའི…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཀུན་འཛོམ་ལ།
      སོང་མུན་པ་སངས་པ་ན། །ངོ་བོ་འགྱུར་ནས་བཟང་དུ་སོང་བ་མེད། །སེམས་ཀྱི་རང་བཞིན་སྒྲིབ་བཅས་སྒྲིབ་མེད་ལ། །རང་བཞིན་ངོ་བོ་བཟང་ངན་འགྱུར་ཟློག་མེད། །མི་ཤེས་གཏི་མུག་རང་ངོ་ཤེས་པ་ན། །མི་བཅོས་སོ་མར་ཞོག་ཅིག་ཡེ་ཤེས་ཡིན། །ཆོས་དབྱིངས་ཡེ་ཤེས་དེ་ལ་བཅོས་མ་གཏོང༌། །རྣམ་པར་སྣང་མཛད་གཞན་ནས་མ་འཚོལ་ཞིག །འཁོར་བ་ལས་གཞན་མྱང་འདས་ཡོད་མ་ཡ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཀུན་འཛོམ་ལ།
      བྱམས་པ་སྒོམས་ན་འདོད་ཆགས་སྲེད་པར་ལྷུང༌། །ཞེན་མེད་སྒོམས་ན་རང་དོན་ཡིད་བྱེད་སྐྱེ། །མི་རྟག་སྡུག་བསྔལ་སྒོམས་ན་ཡི་ཆད་ལྡང༌། །རིག་པས་བརྟགས་ཤིང་བཅད་ཀྱང་རྣམ་རྟོག་ཡིན། །བསམ་མནོ་ཙམ་གྱིས་མགོ་བོ་འཁོར་ཉེན་གདོག །བྱང་ཆུབ་ཐོབ་འདོད་སྐྱེས་ཀྱང་རེ་བ་ཡིན། །སྡུག་བསྔལ་བྲལ་འདོད་སྐྱེས་ཀྱང་དོགས་པར་སོང༌། །མི་སྡུག་ཏིང་འཛིན་སྒོམས་…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > རང་གི་རང་ལ་འཛུར་བརྡར།
      རྗེ་མཚན་ལྡན་གྱི་བླ་མ་སྐུ་དྲིན་ཅན། །ཕ་ལྷ་དབང་གྲགས་པའི་ཞབས་ལ་འདུད། ཁོང་རྟོགས་ལྡན་མ་ཡིན་གྲུབ་ཐོབ་ཡིན། །གྲུབ་ཐོབ་མ་ཟེར་སངས་རྒྱས་གྱིས། །ལས་ངན་མ་དག་པས་མི་ངས་ཀྱང༌། །སྔོན་བླ་མ་སངས་རྒྱས་སེམས་ཅན་དུ་མཐོང༌། །དུས་དེ་ཙམ་ལྟས་ན་ཆོས་སྐུར་གདའ། །སྐུ་གསུམ་རིན་པོ་ཆེ་ལ་གསོལ་བ་འདེབས། ཁྱེད་སྒྲུབ་པ་ལྷུར་ལེན་གྱི་ཚོགས་པ་ལ། །ང…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > རང་གི་རང་ལ་འཛུར་བརྡར།
      ཀུན་བར་དོའི་འཁྲུལ་བར་གདའ། །གདམས་པ་ཟབ་མོ་མང་ཡོད་ཀྱང༌། །བརྩོན་འགྲུས་ཀྱི་ལག་དང་བྲལ་གྱུར་ན། །རྒྱ་མཚོའི་གཏིང་གི་ནོར་བུ་འདྲ། །བཟང་ཡང་ཕན་པར་མི་གདའོ། །བློ་དྲང་པོས་ཐམས་ཅད་ཤེས་ན་ཡང༌། །བདེན་བརྫུན་གྱི་ཁ་རྒྱག་བྱས་གྱུར་ན། །སྙིགས་དུས་ཀྱི་སྐྱེ་བོས་སྡིག་པ་གསོག །ངག་སྨྲ་བ་བསྐྱུངས་ལ་རང་སོ་བཟུང༌། །ཟ་རྒྱུ་དང་གོན་རྒྱུ་སྐྱ…