Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      143 results — page 5 of 8
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ ཚོགས་བདག་བསྐང་བསྡུས་བཞུགས་སོ། ཧཱུྃ། དཔལ་མགོན་ཚོགས་བདག་ཡབ་ཡུམ་སྐུ་གསུང་ཐུགས། །ཕྱོགས་བཅུའི་སྡེ་བརྒྱད་འཇིག་རྟེན་མགོན་པོ་དང་། །ཚེ་རྗི་ཤུགས་མགོན་དགྲ་བླ་ལྷ་དམག་བཅས། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། ཐུགས་དམ་བསྐང་ལ་ལས་བཞིས་དངོས་གྲུབ་རྩོལ། །མི་ཕམ་པས་སོ། །
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། ཉང་གཏེར་ཕྱག་བཞིའི་བསྐང་བསྡུས་ཁྲག་ཞག་འཁྲུགས་པའི་རླབས་ཕྲེང་།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ ཉང་གཏེར་ཕྱག་བཞིའི་བསྐང་བསྡུས་ཁྲག་ཞག་འཁྲུགས་པའི་རླབས་ཕྲེང་བཞུགས་སོ། ཧཱུྃ། དཔལ་ལྡན་ཡེ་ཤེས་མགོན་པོ་ཕྱག་བཞི་པ། །ཡབ་ཡུམ་སྲས་དང་སྤྲུལ་འཁོར་བསམ་མི་ཁྱབ། །འདོད་དགུའི་འབྱོར་པ་རྒྱ་མཚོའི་ཀུན་ཚིམས་ནས། །ཐུགས་དམ་བསྐང་ལ་རྐྱེན་ངན་བར་ཆད་ཟློག །རྫོགས་སྤྲུལ་ལྔ་པས་སོ། །
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། སྔགས་བསྲུང་མིའི་བསྐང་བསྡུས་ཀུན་བཟང་མཆོད་པའི་སྤྲིན་ཕུང་།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ སྔགས་བསྲུང་མིའི་བསྐང་བསྡུས་ཀུན་བཟང་མཆོད་པའི་སྤྲིན་ཕུང་བཞུགས་སོ། བྷྱོཿ མ་མོ་སྔགས་ཀྱི་བསྲུང་མ་རལ་གཅིག་མ། །ཁོལ་མོ་ཡང་ཁོལ་བྲན་གཡོག་འབུམ་དང་བཅས། །ཟག་མེད་འདོད་ཡོན་རྒྱ་མཚོའི་མཆོད་པ་འདིས། །ཐུགས་དམ་གཉེན་སྐང་བསམ་དོན་ལྷུན་གྲུབ་མཛོད། །རྫོགས་སྤྲུལ་ལྔ་པས་སྨྲས་པའོ། །
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། བྷྱོ༔ ཏིང་འཛིན་སྤྲུལ་པའི་་་་་
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      བྷྱོ༔ ཏིང་འཛིན་སྤྲུལ་པའི་གནས་མཆོག་འདིར༔ ཐུགས་དམ་སྐོང་བའི་དམ་རྫས་ནི༔ དངོས་སུ་བཤམ་དང་ཡིད་ལས་བྱུང་༔ བྱང་ཆུབ་སེམས་དང་ཨ་མྲྀ་ཏ༔ མྱོས་བྱེད་དབའ་ཀློང་འཁྲུགས་པ་དང་༔ སྲོག་ཆགས་མདངས་ཀྱིས་ཐུགས་དམ་བསྐང་༔ སྣ་ཚོགས་ཤ་དང་སྙིང་གི་ཁྲག༔ དཀར་གསུམ་མངར་གསུམ་རོ་དྲུག་ཟས༔ ཉེར་སྤྱོད་བྷ་ལིང་གཏོར་མ་དང་༔ སྤྱན་གཟིགས་མཆོད་པས་ཐུགས་དམ…
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ མ་མགོན་གསོལ་མཆོད་ཉུང་བསྡུས་བཞུགས་སོ། བྷྱོཿ སྔགས་ཀྱི་སྲུང་མ་མ་མོ་རལ་གཅིག་མ། །དཔལ་མགོན་མ་ནིང་རྡོར་ལེགས་ར་ཧུ་ལ། །དུར་ཁྲོད་ལྷ་མོ་འཁོར་དང་བཅས་པ་རྣམས། །འཁོར་བཅས་མཐུན་པའི་དམ་རྫས་འདི་བཞེས་ལ། །ཇི་ལྟར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་ནི་ཀ་ཁོ་གནས་སོགས་དགོན་པའི་འདུས་སྡེ་རྣམས་ལ་སྙིང་ཐིག་དབང་ཆོས་སྐྱོང…
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ཧཱུྃ། འོག་མིན་གནས་ཡུལ་དུར་ཁྲོད་ནས། །བདེ་གཤེགས་རྩ་གསུམ་ཆོས་སྐྱོང་རྣམས། །བསྐང་བའི་གནས་འདིར་གཤེགས་སུ་གསོལ། །བྱང་ཤར་མཁའ་འགྲོའི་དུར་ཁྲོད་ནས། །དཔལ་ལྡན་ལྷ་མེ་འཁོར་དང་བཅས། །བསྐང་བའི་གནས་འདིར་གཤེགས་སུ་གསོལ། །དུར་ཁྲོད་འབར་བའི་ཕོ་བྲང་འདིར། །དཔལ་ལྡན་ལྷ་མོ་སྔགས་སྲུང་མ། །མ་ལུས་འཁོར་བཅས་བཞུགས་སུ་གསོལ། །གུས་པས་ཡིད་…
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། ཉི་གྲགས་ལྷ་མོ་སྔགས་བདག་མའི་གསོལ་བསྡུས་རྐྱེན་ངན་ཀུན་སེལ།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ ཉི་གྲགས་ལྷ་མོ་སྔགས་བདག་མའི་གསོལ་བསྡུས་རྐྱེན་ངན་ཀུན་སེལ་བཞུགས་སོ། བྷྱོ། འདོད་ཁམས་དབང་བསྒྱུར་མ་མོ་ཡོངས་ཀྱི་རྗེ། །བསྟན་བསྲུང་གྩོ་མོ་དཔལ་ལྡན་སྔགས་བདག་མ། །དྲེགས་པ་བདུན་དང་མ་མོ་བྱེ་བ་བཅས། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །འདོད་དགུའི་བསམས་པ་ལྷུན་གྱིས་འགྲུབ་པ་དང་། །མི་མཐུན་རྐྱེན་ངན་སེལ་བའི་ཕྲིན་ལས་མཛོ…
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ མ་མོའི་འཁྲུགས་སྐོང་བསྡུས་པ་ནི། བྷྱོ༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་སྔགས་བོན་དུ་གྱེར་བའི་ཚེ། །ཕས་ཟེར་བུ་ཡིས་མི་ཉན་དུས། །དུས་ངན་ཉེ་བ་འཐབ་པ་དང་། །གོས་ངན་རེ་ཐུལ་གྱོན་པ་དང་། །ཟས་ངན་ལྕི་བ་ཟ་བ་དང་། །སྡེ་འཁྲུག་ནང་དམེ་བྱེད་པའི་དུས། །མ་མོ་ནག་མོ་ཐུགས་ཁྲོས་ནས། །བུད་མེད་སྣ་ཚོགས་སྟོང་ཁམས་གང་། །མི་ནད་ཕྱུགས་ནད་སྣ་ཚ…
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ འཁྲུགས་བསྐང་བསྡུས་པ་ནི། བྷྱོཿ དཔལ་ལྡན་ལྷ་མོ་འཁོར་བཅས་བདག་ལ་དགོངས། །བདག་ནི་ཉོན་མོང་དུག་ལྔའི་དབང་གྱུར་པས། །བག་མེད་ལེ་ལོས་དབང་དུ་གྱུར་པ་ཡིས། །ཁྱེད་རྣམས་ཐུགས་དང་འགལ་བ་ཅི་མཆིས་པ། །ཡེ་ཤེས་སྤྱན་ལྡན་རྣམས་ལ་བཟོད་པར་གསོལ། །ནད་གདོན་བར་ཆད་རྐྱེན་ངན་ཀུན་སོལ་ལ། །མཐུན་རྐྱེན་ལེགས་ཚོགས་དངོས་གྲུབ་རྩལ་དུ་གསོལ། །འཁྲུག…
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། བྷྱོཿ ལྔ་བརྒྱ་དུས་ཀྱི་སྙིགས་མ་་་་་
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      བྷྱོཿ ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །ཉོན་མོངས་འཆོལ་ཉོག་སྤྱོད་པའི་ཚེ། །མ་མོ་ནག་མོ་ཐུགས་འཁྲོས་ནས། །མི་ནད་ཕྱུགས་ནད་སྣ་ཚོགས་གཏོང་། །དུས་འཁྲུགས་ལེགས་ཉེས་སད་སེར་གྱི། །མི་འདོད་རྐྱེན་ངན་སློང་བར་བྱེད། །བདག་ཅག་མི་ཤེས་བག་མེད་པས། །ཁྱེད་རྣམས་ཐུགས་འགལ་འཁྲུགས་སྲིད་ན། །ནོངས་ཤིང་ཉམས་པ་ཅི་མཆིས་པ། །ཚངས་པ་མཆོག་གི་དངོས་གྲུ…
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། སྨན་བཙུན་ཚེ་རིང་མཆེད་ལྔའི་བསྐོང་བསྡུས་ཡོང་འདུས་འཁྲི་ཤིང།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ སྨན་བཙུན་ཚེ་རིང་མཆེད་ལྔའི་བསྐོང་བསྡུས་ཡོང་འདུས་འཁྲི་ཤིང་བཞུགས་སོ། བྷྱོཿ དབྱིངས་ཀྱི་ཡུམ་ཆེན་སྨན་བཙུན་མཆེད་སྡེ་ལྔ། །ཞིང་སྔགས་ལྷན་སྐྱེས་ཤ་ཟ་སྨན་མོའི་ཚོགས། །རོ་བརྒྱ་ལྡན་པའི་མཆོད་སྤྲིན་རྒྱ་མཚོ་ཡི། །ཐུགས་དམ་བསྐང་ལ་ལས་རྣམས་མ་གཡེལ་ཤིག །རྫོགས་སྤྲུལ་ལྔ་པས་སོ། །
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། ལྷ་ཆེན་བསྐང་བསྡུས་འདོད་ཡོན་ངོ་མཚར་རྒྱན་གྱི་རོལ་མོ
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ ལྷ་ཆེན་བསྐང་བསྡུས་འདོད་ཡོན་ངོ་མཚར་རྒྱན་གྱི་རོལ་མོ་བཞུགས། ཧྲཱིཿ སྣང་བ་མཐའ་ཡས་དག་ཆེན་སྒྱུ་འཕྲུལ་གར། །ལེགས་བསྒྱུར་ལྷ་ཆེན་ལྕམ་བྲལ་འཁོར་དང་བཅས། །གཙང་མ་ཕུད་ཀྱི་མཆོད་པ་འདི་ཕུལ་བས། །མི་མཐུན་ཀུན་ཞི་བསམ་དོན་ལྷུན་གྲུབ་ཤོག །རྫོགས་སྤྲུལ་ལྔ་པས་སྨྲས་པ་དགེ།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ ཀློང་ཆེན་སྙིང་ཐིག་ཐིག་ལེ་ལས༔ གཟའ་རྒོད་སྲོག་གི་སྤུ་གྲི་བཞུགས༔ ཧྲཱི་ཤག་རུ་རཾ་ནཱ་ག་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧེ་ཡོ་ཀེ་ཤ་ཡ་ཛ༔ཛཿ ཧྲཱི༔ དུར་ཁྲོད་རབ་འཇིགས་རྩུབ་འགྱུར་ཚལ༔ ཁྲག་ཞགས་དབའ་ཀློང་འཁྲུགས་པའི་དབུས༔ བཀའ་སྲུང་གཟའ་བདུད་རཱ་ཧུ་ལ༔ སྲོག་གི་སྤུ་གྲི་གཤེགས་སུ་གསོལ༔ སྐུ་མདོག་དུད་ཁ་སྦྲུལ་མཇུག་གཡོ༔ དབུ་དགུ་བྱ་རོ…
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། གཟའ་ཡི་བསྐང་བསྡུས་ཤ་ཟ་ཁྲོས་པའི་སྒྲ་དབྱངས
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      གཟའ་ཡི་བསྐང་བསྡུས་ཤ་ཟ་ཁྲོས་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། ཧྲཱིཿ རྒྱལ་བའི་བསྟན་སྲུང་ཁྱབ་འཇུག་རཱ་ཧུ་ལ། །སྲིད་བཞི་སྡེ་བརྒྱད་འཁོར་དང་བཅས་པ་རྣམས། །དགྱེས་པའི་དམ་རྫས་མཆོད་པ་འདི་བཞེས་ལ། །ཐུགས་དམ་བསྐང་ལ་ལས་བཞིའི་དངོས་གྲུབ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས་པ་ལ་ཕྲིན་བཅོལ་ཉུང་བསྡུས།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ཧོཿ འཛམ་བུའི་གླིང་གི་སྐྱེས་མཆོག །རིག་པ་ཅན་གྱི་རྒྱལ་པོ། །ཉི་མ་ནུབ་ཕྱོགས་ཀྱི་སྲོག་བདག །རྣལ་འབྱོར་ཡོངས་ཀྱི་སྲུང་མ། རིན་ཆེན་གཏེར་གྱི་བདག་པོ། རྡོ་རྗེ་ལེགས་པ། རྡོ་རྗེ་བདེ་ལྡན། རྡོ་རྗེ་འབར་བ། རྡོ་རྗེ་ཁྱུང་གཤོག་རྩལ། རྡོ་རྗེ་ཐིག་ལེ་རྩལ། སྐུ་མདོག་དམར་ནག་འཇིགས་སུ་རུང་བ། རལ་པའི་རྩེ་ནས་དུ་བ་ཕྱུར་བ། སྤྱན་གསུམ་སྡང…
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། རཏྣའི་དམ་ཅན་སེང་ཞོན་གསོལ་བསྡུས་ཕྲིན་ལས་མྱུར་འགྲུབ།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ རཏྣའི་དམ་ཅན་སེང་ཞོན་གསོལ་བསྡུས་ཕྲིན་ལས་མྱུར་འགྲུབ་བཞུགས་སོ། ཧཱུྃ། སློབ་དཔོན་པདྨའི་བཀའ་ཉན་ཐ་ཚིག་ཅན། །རྡོ་རྗེ་ལེགས་པ་མཆེད་འཁོར་ཚོགས་བཅས་ལ། །དམ་རྫས་དགྱེས་པའི་མཆོད་སྤྲིན་འདི་ཕུལ་བས། །ལས་བཞི་འཕྲིན་ལས་སྒྲུབ་པའི་སྡོང་གྲོགས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། ཉི་གྲགས་དམ་ཅན་ར་ཞོན་བསྐང་བསྡུས་དགྲ་ལས་རྣམ་རྒྱལ།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ ཉི་གྲགས་དམ་ཅན་ར་ཞོན་བསྐང་བསྡུས་དགྲ་ལས་རྣམ་རྒྱལ་བཞུགས་སོ། ཧཱུྃཿ གསང་བདག་ཐུགས་སྤྲུལ་དམ་ཅན་རྡོ་རྗེ་ལེགས། །འཁོར་བཅས་དམ་རྫས་མཆོད་པ་འདི་བཞེས་ལ། །མི་མཐུན་གནོད་པའི་བར་ཆད་ཀུན་སོལ་ལ། །ཡིད་ལ་བསམ་པ་ལྷུན་གྱིས་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །དགེའོ། །
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། དམ་ཅན་ནོར་སྒྲུབས་བསྐང་བསྡུས་ནོར་ལྷ་དགྱེས་པའི་གཏེར་མཛོད།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ དམ་ཅན་ནོར་སྒྲུབས་བསྐང་བསྡུས་ནོར་ལྷ་དགྱེས་པའི་གཏེར་མཛོད་བཞུགས་སོ། ཀྱཻ། དམ་ཅན་ནོར་བདག་དགེ་བསྙེན་སྤྲུལ་འཁོར་བཅས། །ཀུན་བཟང་མཆོད་པའི་སྤྲིན་ལྟར་འབུལ་ལགས་ན། །མི་མཐུན་འགལ་རྐྱེན་གནོད་པ་ཀུན་ཞི་ནས། །མཐུན་རྐྱེན་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་མཛོད། །མཆོད་རིག་འཛིན་ངག་དབང་ནས་བསྐུལ་བའི་ངོར་རྫོགས་སྤྲུལ་ལྔ་པས་སྨྲས་པའོ། །
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། དགོང་བཙན་བསྐང་བསྡུས་བྱད་མ་གཡུལ་འཇོམས།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ དགོང་བཙན་བསྐང་བསྡུས་བྱད་མ་གཡུལ་འཇོམས་བཞུགས། ཧྲཱིཿ གཏེར་སྲུང་བཙན་རྒོད་འབར་བ་མཆེད་བདུན་དང་། །གནོད་སྦྱིན་ནོར་བདག་བསམ་མི་ཁྱབ་པའི་འཁོར། །རང་རང་མཐུན་པའི་དམ་རྫས་འདི་འབུལ་བས། །ཐུགས་དམ་བསྐང་ལ་ཕྲིན་ལས་མ་གཡེལ་ཤིག །རྫོགས་སྤྲུལ་ལྔ་པས་སོ། །
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། ཕུར་བསྲུང་ལྕམ་དྲལ་བསྐང་བསྡུས།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ ཕུར་བསྲུང་ལྕམ་དྲལ་བསྐང་བསྡུས་བཞུགས་སོ། ཧཱུྃ། ཤྭ་ན་བདག་ཉིད་ས་བདག་བསེ་མོ་བཞི། །སྐྱེས་བུ་གིང་ཆེན་བཅུ་གཉིས་འབྱུང་སེར་སོགས། །དཔལ་ཆེན་རྡོ་རྗེ་ཕུར་པའི་བཀའ་སྡོད་རྣམས། །དམ་རྫས་ཕུད་ཀྱི་མཆོད་པ་རྒྱ་ཆེན་འདིས། །ཐུགས་དམ་བསྐང་ལ་རྐྱེན་ངན་བར་ཆད་སོལ། །མི་ཕམ་པས་སོ། །