Author
About 40% of texts have an author recorded — this list will grow as more are attributed.
122 results
— page 1 of 7
GLG010
· ངག་དབང་བློ་བཟང་རྒྱ་མཚོ།
GLG010
· ངག་དབང་བློ་བཟང་རྒྱ་མཚོ།
དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་ཕྱི་དཀྱིལ་ལྷ་ལྔའི་སྒྲུབ་ཐབས་ལོ་པཎ་ཞལ་ལུང་།
དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་ཕྱི་དཀྱིལ་ལྷ་ལྔའི་སྒྲུབ་ཐབས་ལོ་པཎ་ཞལ་ལུང་ཞེས་བྱ་བ་བཞུགས་སོ།།
GLG010
· ངག་དབང་བློ་བཟང་རྒྱ་མཚོ།
དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་ཕྱི་དཀྱིལ་ལྷ་ལྔའི་སྒྲུབ་ཐབས་ལོ་པཎ་ཞལ་ལུང་།
ན་མྉྤརམ་གུ་རུ་ཤྩཙཀྲསེ་ཝ་རཱ་ཡ། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་དབང་ཕྱུག་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཞ་ལུ་པ་ཆེན་པོ་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཟུང་འཇུག་རྡོ་རྗེ་འཛིན་པ་མ་ཐོབ་ཀྱི་བར་དུ་རྗེས་སུ་གཟུང་དུ་གསོལ། །གར་…
GLG010
· ངག་དབང་བློ་བཟང་རྒྱ་མཚོ།
དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་ཕྱི་དཀྱིལ་ལྷ་ལྔའི་སྒྲུབ་ཐབས་ལོ་པཎ་ཞལ་ལུང་།
གཟེ་བ་བློ་ལྡན་སེང་གེ་རྒྱལ། །བཀའ་བབས་དབང་ཆུའི་གངྒཱ་རྣམ་དཔྱོད་ལྟོར། །ལེགས་འཁྱིལ་ཀུན་མཁྱེན་བུ་སྟོན་ཛཧྣུ། །ཟབ་ལམ་གནད་ཀྱི་མདུད་འགྲོལ་བཙོང་ཁ་པ། །ཕྱོགས་འདིར་མཁས་ཤིང་གྲུབ་རྣམས་ཕྱག་གི་ཡུལ། །རང་རྒྱུད་ཐ་རྒོད་སྨིན་བྱེད་དྲོད་གཤེར་ཆུས། །གྲོལ་ནུས་རྟོག་པའི་ས་བོན་ཡོངས་སྦྲུམ་ནས། །ཟུང་འཇུག་སྙེ་མ་སྟེར་མཛད་རྡོ་རྗེ་འཆང་།…
GLG010
· ངག་དབང་བློ་བཟང་རྒྱ་མཚོ།
དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་ཕྱི་དཀྱིལ་ལྷ་ལྔའི་སྒྲུབ་ཐབས་ལོ་པཎ་ཞལ་ལུང་།
བཞེད་སྲོལ་དཔལ་འཁོར་ལོ་སྡོམ་པའི་ཟབ་དོན་དྲིལ་བུ་བ་ཕྱི་དཀྱིལ་གྱི་སྒྲུབ་པའི་ཐབས་ཀྱི་རིམ་པ་ཉམས་སུ་བླང་བ་ལ་མཉམ་པར་བཞག་པ་དང་མ་བཞག་པའི་རྣལ་འབྱོར་གཉིས། དང་པོ་ལ་བསྐྱེད་རྫོགས་གཉིས་ལས། དང་པོ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ཀྱི། དང་པོ་ལ་སྐྱབས་སེམས། རྡོར་སེམས། དག་གསུམ། ཕུང་ཁམས་སྐྱེ་མཆེད་བརླབ་པ། ཚོགས་ཞིང་དང་ལྔའི། དང་…
GLG010
· ངག་དབང་བློ་བཟང་རྒྱ་མཚོ།
དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་ཕྱི་དཀྱིལ་ལྷ་ལྔའི་སྒྲུབ་ཐབས་ལོ་པཎ་ཞལ་ལུང་།
པ་རྡོར་སེམས་ནི། རང་གི་སྤྱི་བོར་བཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དང་རྡོ་རྗེ་ལས་དཔལ་ཧེ་རུ་ཀཿསྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བརྒྱད་པ་གཡས་དམར། གཡོན་དཀར། སྟེང་ཞལ་སེར་པོ། རྩ་བའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་ལྤགས་བརྒྱངས་པ། གཡས་འོག་མ་གཉིས་…
GLG010
· ངག་དབང་བློ་བཟང་རྒྱ་མཚོ།
དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་ཕྱི་དཀྱིལ་ལྷ་ལྔའི་སྒྲུབ་ཐབས་ལོ་པཎ་ཞལ་ལུང་།
གི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥཉྩི་ཏུ་མཾ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏཱ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་ཡབ་ལ་མི་བསྐྱོད་པ་དང་ཡུམ་ལ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་བསམ། བཅོམ་ལྡན་འདས་ཀྱི་ཐུགས་ཀར་པདྨ་དང་ཉི་མའི…
GLG010
· ངག་དབང་བློ་བཟང་རྒྱ་མཚོ།
དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་ཕྱི་དཀྱིལ་ལྷ་ལྔའི་སྒྲུབ་ཐབས་ལོ་པཎ་ཞལ་ལུང་།
ལག་གི་དམ་ཚིག་ཉམས་པ་ཐམས་ཅད་འཐོལ་ལོ། །བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་པ་དང་ལྟུང་བའི་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། བཅོམ་ལྡན་འདས་དཔལ་ཧེ་རུ་ཀཿཡབ་ཡུམ་འོད་དུ་ཞུ་ནས་སྤྱ་བོ་ནས་རང་ལ་ཐིམ་པས་རང་གི་ལུས་ཤེལ་གོང་ལྟ་བུར་བསམ་མོ། །གསུམ་པ་དག་པ་གསུམ་གྱི་རྣལ་འབྱོར་ནི། ཤྲཱི་ཧེ་རུ་ཀཿཧེ་…
GLG010
· ངག་དབང་བློ་བཟང་རྒྱ་མཚོ།
དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་ཕྱི་དཀྱིལ་ལྷ་ལྔའི་སྒྲུབ་ཐབས་ལོ་པཎ་ཞལ་ལུང་།
ཕྱོགས་སུ་ལན་གསུམ་བསྐོར་བ་ལས་འོད་ཟེར་ཁ་དོག་ལྔ་འཕྲོ་བ། དེ་དག་ལས་མཁའ་འགྲོ་མ་ལྔ་དཔག་ཏུ་མེད་པ་སྣ་བུག་གཡས་ནས་སྤྲོས་ཏེ་བགེགས་ཐམས་ཅད་བཅོམས། གཡོན་ནས་ནང་དུ་ཞུགས་སྔགས་འཕྲེང་ལ་ཐིམ་པར་བསམས་ཞིང་ཨཱ་དི་ཀཱ་དི་ལན་གསུམ་བརྗོད་པ་ནི་ངག་དག་བྱེད་དོ། །བཞི་པ་ཕུང་ཁམས་སྐྱེ་མཆེད་བྱིན་གྱིས་བརླབ་པ་ནི། རང་ཉིད་ཀྱི་ཕུང་ཁམས་སྐྱེ་མཆེད…
GLG010
· ངག་དབང་བློ་བཟང་རྒྱ་མཚོ།
དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་ཕྱི་དཀྱིལ་ལྷ་ལྔའི་སྒྲུབ་ཐབས་ལོ་པཎ་ཞལ་ལུང་།
མཆོད་རྫས་ཐོགས་པ་རྣམས་ཀྱིས་མཆོད་པར་བསམ། ཨོཾ་སརྦ་བཱི་ར་ཡོ་གེ་ནཱི་ཨརྒྷཾ་པྲ་ཏཱིཙྪ་ཨཱཿཧཱུྃ། དེ་བཞིན་དུ། ཨརྒྷཾ་གྱི་གནས་སུ། པཱ་དྱཾ་ནས། ཤཔྟའི་བར་བཅུག །ཨོཾ་རུ་པ་བཛྲི་ཧཱུ་ཾཧཱུཾ་རཱུ་པའི་གནས་སུ། ཤཔྟ་ནས། སྤཪྴའི་བར་བཅུག །ཐུགས་ཀའི་ཧཱུྃ་ལས་བྱུང་བའི་སྙིང་པོའི་རྣལ་འབྱོར་མ་བཞིས་ཐོབ་པའི་ནང་གི་བདུད་རྩི་ལྔས་མཆོད་པར་བསམ་ཨ…
GLG010
· ངག་དབང་བློ་བཟང་རྒྱ་མཚོ།
དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་ཕྱི་དཀྱིལ་ལྷ་ལྔའི་སྒྲུབ་ཐབས་ལོ་པཎ་ཞལ་ལུང་།
བ་དང་མི་འབྲལ་བར་གྱུར་ཅིག །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་ཐམས་ཅད་དང་བྲལ་བར་གྱུར་ཅིག །ཅེས་ཚད་མེད་བཞི་བསྒོམ། གཉིས་པ་དངོས་གཞི་ལ་རྟེན་བརྟེན་པ་གཉིས་ཀྱི། དང་པོ་རྟེན་ལ་སྲུང་འཁོར། འབྱུང་བ། གཞལ་ཡས་ཁང་དང་གསུམ་གྱི་དང་པོ་ནི། ཨོཾསྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། །ཆོས་ཐམས་ཅད་རང་བཞིན་གྱི་རྣམ་པར་དག་པ་གཟ…
GLG010
· ངག་དབང་བློ་བཟང་རྒྱ་མཚོ།
དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་ཕྱི་དཀྱིལ་ལྷ་ལྔའི་སྒྲུབ་ཐབས་ལོ་པཎ་ཞལ་ལུང་།
ཧཱུཾ་བཅུ་སྟེང་འོག་ཕྱོགས་མཚམས་སུ་འཕྲོས་པ་ལས། །ཤར་དང་སྟེང་དུ་ཁྭ་གདོང་མ་སྔོན་མོ། བྱང་དུ་འུག་གདོང་མ་ལྗང་གུ། །ནུབ་དང་འོག་ཏུ་ཁྱི་གདོང་མ་དམར་མོ། ལྷོར་ཕག་གདོང་མ་སེར་མོ། །ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ།…
GLG010
· ངག་དབང་བློ་བཟང་རྒྱ་མཚོ།
དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་ཕྱི་དཀྱིལ་ལྷ་ལྔའི་སྒྲུབ་ཐབས་ལོ་པཎ་ཞལ་ལུང་།
རྣམས་ཀྱིས། ཨོཾ་བཛྲ་མུདྒར་བཛྲ་ཀཱི་ལཱ་ཡ་ཨཀོཊཡ་ཧཱུྃ་ཧཱུྃ་ཕཊ་བགེགས་རྣམས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུ་ཕུར་བུས་བཏབ་པས་བགེགས་རྣམས་ཀྱི་སེམས་འོད་གསལ་དུ་ཐིམ་ཞིང་ལུས་དང་སྒྲིབ་པ་ལྷན་ཅིག་ཏུ་བསྲེགས་བཅོས་ཐལ་བར་བསམ། སྔགས་བཞི་པའི་འོད་ཟེར་ལས་གྲུབ་པའི་རྡོ་རྗེའི་ར་བ་གྲུ་བཞི་པ་ཕྱོགས་ཀྱི་མདོག་ཅན། དེ་དང་དུས་མཉམ་དུ་…
GLG010
· ངག་དབང་བློ་བཟང་རྒྱ་མཚོ།
དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་ཕྱི་དཀྱིལ་ལྷ་ལྔའི་སྒྲུབ་ཐབས་ལོ་པཎ་ཞལ་ལུང་།
པ་འབྱུང་བ་བསྐྱེད་པ་ནི། རང་ཉིད་ལྷའི་སྐུ་སྒྱུ་མ་ལྟ་བུའི་ངང་ནས། སྲུང་འཁོར་གྱི་དབུས་ནམ་མཁའི་དབྱིངས་ཆོས་འབྱུང་གི་ནང་དུ་སྔར་གྱི་ནཱ་དའི་འོད་ཟེར་ལས་བྱུང་བའི་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ། དེའི་སྟེང་དུ་…
GLG010
· ངག་དབང་བློ་བཟང་རྒྱ་མཚོ།
དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་ཕྱི་དཀྱིལ་ལྷ་ལྔའི་སྒྲུབ་ཐབས་ལོ་པཎ་ཞལ་ལུང་།
དང་བ་དན་བརྒྱད་བརྒྱད་ཀྱིས་མཛེས་པར་བྱས་པ། ཕྱིའི་སྟེང་གི་ཟུར་བཞི་ལ་གདུགས་བཞིས་བརྒྱན་པ། གཞན་ཡང་གོས་དང་། འཕན་དང་། མེ་ཏོག་གི་ཕྲེང་བ་དང་། ཟླ་བ་རླུང་གིས་བསྐྱོད་པ་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་པ་རྒྱན་དུ་མས་སྤྲས་པ། རྩིག་པའི་འགྲམ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བ་ལ་བཞུགས་སྟངས་དང་ཁ་དོག་སྣ་ཚོགས་པའི་རིག…
GLG010
· ངག་དབང་བློ་བཟང་རྒྱ་མཚོ།
དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་ཕྱི་དཀྱིལ་ལྷ་ལྔའི་སྒྲུབ་ཐབས་ལོ་པཎ་ཞལ་ལུང་།
སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་གེ་སར་དང་བཅས་པ། མུ་ཁྱུད་ལ་གྲི་གུག་གི་ཕྲེང་བས་བསྐོར་བ། དེའི་ལྟེ་བར་དུས་མཚན་དང་འཇིགས་བྱེད། ཕྱོགས་བཞི་རོ་དང་ཟླ་བ། མཚམས་བཞིར་ཟླ་བའི་གདན་རེ་རེ། གཉིས་པ་བརྟན་པ་ལྷ་ལ་མངོན་བྱེད་ལྔ་ལས་གཙོ་བོ་བསྐྱེད་པ། འཁོར་བསྐྱེད་པ། ཕུང་ཁམས་སྐྱེ་མཆེད་བརླབ་པ། གོ་ཆ། ཡེ་ཤེས་པ་དྲང་པ། དབང་བསྐུར་རྒ…
GLG010
· ངག་དབང་བློ་བཟང་རྒྱ་མཚོ།
དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་ཕྱི་དཀྱིལ་ལྷ་ལྔའི་སྒྲུབ་ཐབས་ལོ་པཎ་ཞལ་ལུང་།
པ་ལས་སྐུ་རྫོགས་པ་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་དཔལ་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་པ། རྩ་ཞལ་སྔོན་པོ། གཡོན་ཞལ་དམར་པོ། རྒྱབ་ཞལ་ལྗང་ཁུ། གཡས་ཞལ་སེར་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། དྲག་ཅིང་འཇིགས་སུ་རུང་བ། དབུ་སྐྲ་རལ་པ་ནག་པོ་ཐོར་ཚུགས་སུ་བཅིངས་པའི་རྩེ་མོར་ནོར་བུ་…
GLG010
· ངག་དབང་བློ་བཟང་རྒྱ་མཚོ།
དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་ཕྱི་དཀྱིལ་ལྷ་ལྔའི་སྒྲུབ་ཐབས་ལོ་པཎ་ཞལ་ལུང་།
དང་ལྡན་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། ཞབས་གཡས་བརྐྱང་བས་དུས་མཚན་མ་དམར་མོའི་ནུ་མ་དང་གཡོན་བསྐུམ་པས་འཇིགས་བྱེད་ནག་པོའི་མགོ་བོ་རྒྱབ་ཏུ་བསྟན་ནས་མནན་ཅིང་སྟེང་ཕྱོགས་སུ་གདུགས་དཀར་པོ་ཕུབ་པའོ། དེའི་པང་དུ་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉི…
GLG010
· ངག་དབང་བློ་བཟང་རྒྱ་མཚོ།
དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་ཕྱི་དཀྱིལ་ལྷ་ལྔའི་སྒྲུབ་ཐབས་ལོ་པཎ་ཞལ་ལུང་།
མ་སྔོན་མོ། བྱང་དུ་ལཱ་མ་ལྗང་གུ །ནུབ་ཏུ་དུམ་སྐྱེས་མ་དམར་མོ། །ལྷོར་གཟུགས་ཅན་མ་སེར་མོ། །ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ་སྤྱན་གསུམ་དང་ལྡན་ཅིང་མཆེ་བ་གཙིགས་པ། གཅེར་མོ་སྐྲ་གྲོལ་ཞིང་ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ། དུམ་བུ་ལྔ་བཅུའི་དོ་ཤལ་དང་ཕྱག་རྒྱ་ལྔས་བརྒྱན་པ། གཡས་གཉིས་གྲི་གུག་དང་ཌཱ་མ་རུ། གཡོན་གཉིས་ཐོད་པ་ཁྲག་གིས་ག…
GLG010
· ངག་དབང་བློ་བཟང་རྒྱ་མཚོ།
དཔལ་འཁོར་ལོ་སྡོམ་པ་དྲིལ་བུ་ལུགས་ཀྱི་ཕྱི་དཀྱིལ་ལྷ་ལྔའི་སྒྲུབ་ཐབས་ལོ་པཎ་ཞལ་ལུང་།
དམར་པོ། སྙིང་གར་ཧཱུྃ་སྔོན་པོས་མཚན་པར་བསམ། བཞི་པ་གོ་ཆ་བགོ་བ་ནི། བཅོམ་ལྡན་འདས་ཀྱི་སྙིང་གར་རྡོ་རྗེ་སེམས་དཔའི་ངོ་བོ་ཨོཾ་ཧ་དཀར་པོ། མགོ་བོར་རྣམ་སྣང་གི་ངོ་བོ་ན་མ་ཧི་སེར་པོ། སྤྱི་གཙུག་ཏུ་པདྨ་གར་དབང་གི་ངོ་བོ་སྭཱ་ཧཱ་ཧུ་དམར་པོ། ཕྲག་པ་གཉིས་སུ་དཔལ་ཧེ་རུ་ཀའི་ངོ་བོ་ཥ་ཌ་ཧེ་ནག་པོ། མིག་གཉིས་སུ་རྡོ་རྗེ་ཉི་མའི་ངོ་བོ་ཧཱ…