Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      2114 results — page 6 of 106
      JTN007 · ཏཱ་ར་ནཱ་ཐ།
      དཔལ་འཁོར་ལོ་སྡོམ་པའི་དཀྱིལ་ཆོག་ནག་པོ་ལུགས་ཀྱི་གསལ་བྱེད་བདེ་བ་ཆེན་པོའི་ཆར་ཡངས།
      བདག་ཉིད་ཆས་སུ་ཞུགས་ཏེ། དེ་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས། ཨོཾ་སྭ་བྷཱ་ཝ་སོགས་ཡེ་ཤེས་ཚོགས་གསོག་ནས་བཟུང་སྟེ་བཟླས་པ་རྫོགས་ཀྱི་བར་དུ་མངོན་རྟོགས་བཞིན་བདག་བསྐྱེད་རྫོགས་པར་སྒོམ། དེ་ནས་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། རྐང་བརྒྱད་གཉིས་ཀྱིས་བསྟོད། གསུམ་པ་ནི། གཟུགས་བརྙན་གྱི་དཀྱིལ་འཁོར་སྔོན་བཞིན་དུ་ཡིད་ཀྱིས་དམིགས་ནས། བད…
      JTN007 · ཏཱ་ར་ནཱ་ཐ།
      དཔལ་འཁོར་ལོ་སྡོམ་པའི་དཀྱིལ་ཆོག་ནག་པོ་ལུགས་ཀྱི་གསལ་བྱེད་བདེ་བ་ཆེན་པོའི་ཆར་ཡངས།
      ཡུམ་དང་འཁོར་ལོ་ལྔ་ལ་རེ་རེ། བཀྲ་ཤིས་ཀྱི་བུམ་པ་བརྒྱད་དང་ལས་བུམ་སྟེ་བཅོ་ལྔའོ། །ཅུང་ཟད་བསྡུས་པ་ནི། རྣམ་རྒྱལ་བུམ་པ་དང་བཀྲ་ཤིས་ཀྱི་བུམ་པ་བརྒྱད། ལས་བུམ་སྟེ་བཅུའོ། །ཤིན་ཏུ་བསྡུ་ན་རྣམ་རྒྱལ་དང་ལས་བུམ་མོ། །རྣམ་རྒྱལ་བུམ་པ་ལ་རིགས་ལྔའི་ཕྱག་མཚན་དང༌། ལས་བུམ་ལ་གྲི་གུག་འགོད། བཀྲ་ཤིས་བུམ་པ་བརྒྱད་ལ་ནི། ལྷའི་མཚན་མ་མ་བཀོ…
      JTN007 · ཏཱ་ར་ནཱ་ཐ།
      དཔལ་འཁོར་ལོ་སྡོམ་པའི་དཀྱིལ་ཆོག་ནག་པོ་ལུགས་ཀྱི་གསལ་བྱེད་བདེ་བ་ཆེན་པོའི་ཆར་ཡངས།
      སྟེང་དུ། ཨ་ལས་ཟླ་བའི་གདན་རེ་རེ། དེ་རྣམས་ཀྱི་སྟེང་དུ་བྷྲུཾ་རྣམས་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ལྡིར་ཞིང༌། མགྲིན་པ་ཕྲ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱི་མགུལ་བཅིངས་དང༌། དཔག་བསམ་གྱི་ཤིང་གི་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བ། དབུས་ཀྱི་བུམ་པའི་ནང་དུ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་ནས་…
      JTN007 · ཏཱ་ར་ནཱ་ཐ།
      དཔལ་འཁོར་ལོ་སྡོམ་པའི་དཀྱིལ་ཆོག་ནག་པོ་ལུགས་ཀྱི་གསལ་བྱེད་བདེ་བ་ཆེན་པོའི་ཆར་ཡངས།
      དབང་བསྐུར་རྒྱས་བཏབ་རྣམས་སྒྲུབ་ཐབས་བཞིན་དུ་བྱ་བ་ལས། ཁཎྜ་རོ་ཧ་ལ་འོད་དཔག་མེད་པས་དབུ་བརྒྱན། ཞེས་བརྗོད་པའམ། དེ་ནི་བདེ་ཆེན་འཁོར་ལོ་པའི་ནང་དུ་ཚང་བས་མ་བརྗོད་ཀྱང་ཆོག་གོ །སྤྲོས་པ་ལ་དགའ་བས་བཀྲ་ཤིས་བུམ་པ་བརྒྱད་ལ་ལྷ་བསྐྱེད་པར་འདོད་ན། སྒོ་མཚམས་མ་བརྒྱད་བསྐྱེད་པར་འོས་ཀྱང༌། སྐབས་འདིར་ངེས་པར་དགོས་པ་ནི་མ་ཡིན་ནོ། །དེ་ན…
      JTN007 · ཏཱ་ར་ནཱ་ཐ།
      དཔལ་འཁོར་ལོ་སྡོམ་པའི་དཀྱིལ་ཆོག་ནག་པོ་ལུགས་ཀྱི་གསལ་བྱེད་བདེ་བ་ཆེན་པོའི་ཆར་ཡངས།
      གོང་བཞིན་མཆོད་བསྟོད་བྱ། ཡིག་བརྒྱ་ཚར་གསུམ། མ་འབྱོར་པ་དང༌། ཞེས་སོགས་ཀྱིས། བཟོད་པར་གསོལ་མཆོད་ཡོན་བུམ་པ་རྣམས་སུ་ཕུལ་ཏེ། ཨོཾ་ཨཱཿཧཱུཾ། མཆོད་ཡོན་ཕུལ་བའི་རྐྱེན་གྱིས་ལྷ་རྣམས་འདོད་ཆགས་ཆེན་པོའི་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར། དེ་ནས་བུམ་པ་ལ་མེ་ཏོག་གཏོར་ཞིང་བཀྲ་ཤིས་བརྗོད། བདུག་སྤོས་ཀྱི་སྣ་དྲངས་རོལ་མོའི་སྒྲ་ད…
      JTN007 · ཏཱ་ར་ནཱ་ཐ།
      དཔལ་འཁོར་ལོ་སྡོམ་པའི་དཀྱིལ་ཆོག་ནག་པོ་ལུགས་ཀྱི་གསལ་བྱེད་བདེ་བ་ཆེན་པོའི་ཆར་ཡངས།
      མེད་པའི་བདག་ཉིད་དུ་གྱུར། ཨོཾ་ཨཱཿཧཱུཾ། སརྦ་བཱི་ར་ཡོ་གི་ནཱི། སོགས་སྐད་ཅིག་རྣམ་པའི་སྔགས་རིམ་པ་གཉིས་ཀ་ལན་གསུམ་གསུམ་བརྗོད། ལྷ་ཐམས་ཅད་ཀྱི་སྙིང་ཁར་ཨོཾ་ཨོཾ་ཧ་ནས། ཙན་ཌི་ཀའི་ངོ་བོའི་བར་གྱིས་གོ་ཆ་བཀོད། སྐབས་འདིར་ཡང་བྱང་ཕྱོགས་སོ་བདུན་གྱི་དག་པ་དྲན་པར་བྱའོ། །དེ་ནས་བླ་མ་གོང་མ་རྣམས་ཀྱི་བཞེད་པས། རང་གི་སྙིང་ག་ནས་སྟ་ག…
      JTN007 · ཏཱ་ར་ནཱ་ཐ།
      དཔལ་འཁོར་ལོ་སྡོམ་པའི་དཀྱིལ་ཆོག་ནག་པོ་ལུགས་ཀྱི་གསལ་བྱེད་བདེ་བ་ཆེན་པོའི་ཆར་ཡངས།
      མཆོད་པའི་སྡེ་ཚན་བཅུ་གཉིས་སོ། །དང་པོ་ཆུ་གཉིས་ཉེར་སྤྱོད་དང་བཅས་པ་ནི། དྭངས་ཤིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །མཆོག་ཏུ་གུས་པས་ཁྱེད་ལ་འབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦྷ་ར་མཎྜལ་ཙཀྲ་སརྦ་བཱི་ར་ཡོ་གི་ནི་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དྭངས་ཤིང་དྲི་མེད་ཡིད་འོང་བའི།…
      JTN007 · ཏཱ་ར་ནཱ་ཐ།
      དཔལ་འཁོར་ལོ་སྡོམ་པའི་དཀྱིལ་ཆོག་ནག་པོ་ལུགས་ཀྱི་གསལ་བྱེད་བདེ་བ་ཆེན་པོའི་ཆར་ཡངས།
      ལྡན་པའི། །བཟའ་བ་མཆོག་དང་ཡང་དག་ལྡན། །ཐམས་ཅད་སྦྱར་བའི་བཤོས་འདི་དག །འབུལ་གྱི་ཡང་དག་བཞེས་སུ་གསོལ། །ཨོཾ་སརྦ་ནས་བཛྲ་ནཻ་ཝེ་ཏྱ་པྲ་ཏཱིཙྪ་ཨཱཿཧཱུཾ་སྭཱཧཱ། ཨོཾ་པ་ཊ་ཧ་དང་ཅང་ཏེའུ་སོགས། །དུང་དང་རྔ་སོགས་སྒྲ་དབྱངས་དང༌། །ཡིད་འཕྲོག་སིལ་སྙན་སྣ་ཚོགས་རྣམས། །འབུལ་གྱི་ཡང་དག་བཞེས་སུ་གསོལ། །ཨོཾ་སརྦ་ནས་བཛྲ་ཤཔྟ་པྲ་ཏཱིཙྪ་ཨཱཿཧཱུཾ…
      JTN007 · ཏཱ་ར་ནཱ་ཐ།
      དཔལ་འཁོར་ལོ་སྡོམ་པའི་དཀྱིལ་ཆོག་ནག་པོ་ལུགས་ཀྱི་གསལ་བྱེད་བདེ་བ་ཆེན་པོའི་ཆར་ཡངས།
      ཨོཾ་མྲྀ་ཏཾ་བཛྲཱི་ཎི་ཧཱུཾ་ཨཱཿ རྡོ་རྗེ་ལྷ་མོ་རྔ་ཟླུམ་མ། །བནྡྷུའི་མདོག་ཅན་རྔ་ཟླུམ་ལག །རྔ་ཟླུམ་སྒྲ་དང་༴ ནམ་མཁའ༴ །མྲྀ་ཏཾ་ག༴ ཨོཾ་མུ་ར་ཛེ་བཛྲཱི་ཎི་ཧཱུཾ་ཨཱཿ རྡོ་རྗེ་ལྷ་མོ་རྫ་རྔ་མ། །མར་གད་མདོག་མཚུངས་རྫ་རྔའི་ལག །རྫ་རྔའི་སྒྲ་དང་༴ ནམ་མཁའ༴ མུ་ར་ཛྲེ༴ ཨོཾ་ཧ་སྱེ་བཛྲཱི་ཎི་ཧཱུཾ་ཨཱཿ རྡོ་རྗེ་ལྷ་མོ་བཞད་པ་མོ། །ཀིང་ཤུའི་མ…
      JTN007 · ཏཱ་ར་ནཱ་ཐ།
      དཔལ་འཁོར་ལོ་སྡོམ་པའི་དཀྱིལ་ཆོག་ནག་པོ་ལུགས་ཀྱི་གསལ་བྱེད་བདེ་བ་ཆེན་པོའི་ཆར་ཡངས།
      ཨཱཿ རྡོ་རྗེ་ལྷ་མོ་མར་མེ་མ། གློག་འོད་མདོག་མཚུངས་མར་མེའི་ལག །མར་མེའི་འོད་དང་རོལ་མོར་བཅས། །ནམ་མཁའ༴ དཱི་པེ། ཨོཾ་གནྡྷེ་བཛྲཱི་ཎི་ཧཱུཾ་ཨཱཿ རྡོ་རྗེ་ལྷ་མོ་དྲི་ཆབ་མ། །པྲི་ཡང་མདོག་མཚུངས་དུང་ཆོས་ལག།དྲི་ཡི་ཆར་དང་རོལ་མོར་བཅས། །ནམ་མཁའ༴ གནྡྷེ༴ ཨོཾ་རཱུ་པ་བཛྲཱི་ཎི་ཧཱུཾ་ཨཱཿ རྡོ་རྗེ་ལྷ་མོ་གཟུགས་མཛེས་མ། །སྟོན་ཟླའི་མདོག་…
      JTN007 · ཏཱ་ར་ནཱ་ཐ།
      དཔལ་འཁོར་ལོ་སྡོམ་པའི་དཀྱིལ་ཆོག་ནག་པོ་ལུགས་ཀྱི་གསལ་བྱེད་བདེ་བ་ཆེན་པོའི་ཆར་ཡངས།
      འཁོར་ལོ་རྒྱུན་བཅད་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཤྲཱི་ཙཀྲ་སམྦྷ་ར་མཎྜལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་ཙཀྲ་རནྟ་པཱུ་ཛི་ཏེ་ཨཱཿཧཱུཾ། ཞེས་སོགས་སྦྱར་ཏེ། རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ནོར་བུ་རིན་ཆེན་འདི་འབུལ༴ དབུལ་ཞིང་འཕོངས་པ་རྒྱུན་བཅད་ནས། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །ཨོཾ་མ་ཎི༴ བཙུན་མོ་རིན་ཆེན༴ མ་ར…
      JTN007 · ཏཱ་ར་ནཱ་ཐ།
      དཔལ་འཁོར་ལོ་སྡོམ་པའི་དཀྱིལ་ཆོག་ནག་པོ་ལུགས་ཀྱི་གསལ་བྱེད་བདེ་བ་ཆེན་པོའི་ཆར་ཡངས།
      གཟུགས་མཆོག་ཅི་མཆིས་རྣམས། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་༴ ནས་རཱུ་པ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུཾ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་དབྱངས་ཅི་མཆིས་རྣམས། །མོས་བློས༴ བཞེས་ཤིག༴ ཤཔྟ། ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང༌། །ཨ་གར་ལ་སོགས་ད…
      JTN007 · ཏཱ་ར་ནཱ་ཐ།
      དཔལ་འཁོར་ལོ་སྡོམ་པའི་དཀྱིལ་ཆོག་ནག་པོ་ལུགས་ཀྱི་གསལ་བྱེད་བདེ་བ་ཆེན་པོའི་ཆར་ཡངས།
      མཐར། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ། རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡིད་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ་ཨོཾ་ཨཱཿཧཱུཾ། བར་འདིར་ཆོས་སྐྱོང་གང་བྱེད་ཀྱི་སྙིང་པོའི་མཐར་འབྲུ་གསུམ་བཏགས་ལ་ཕུལ། གཞན་ཡང་ཆོས་འཁོར་སྲུང་ཞིང་བསྟན་པ་སྐྱོང་བར་ཞལ་གྱིས་བཞ…
      JTN007 · ཏཱ་ར་ནཱ་ཐ།
      དཔལ་འཁོར་ལོ་སྡོམ་པའི་དཀྱིལ་ཆོག་ནག་པོ་ལུགས་ཀྱི་གསལ་བྱེད་བདེ་བ་ཆེན་པོའི་ཆར་ཡངས།
      གྲོང་བདག གཞི་བདག་གཉུག་པར་གནས་པ་རྣམས་ཀྱི་ཞལ་དུ། འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཟག་པ་མེད་པའི་བདེ་བས་རྒྱུད་ཚིམ་ནས། མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག དེ་ནས་བདུད་རྩི་མྱངས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲི་ཏ་སྭཱ་ད་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། བད…
      JTN007 · ཏཱ་ར་ནཱ་ཐ།
      དཔལ་འཁོར་ལོ་སྡོམ་པའི་དཀྱིལ་ཆོག་ནག་པོ་ལུགས་ཀྱི་གསལ་བྱེད་བདེ་བ་ཆེན་པོའི་ཆར་ཡངས།
      དང་ལྡན་མཐོང་བས་དད་དེ་མཆོག་ཏུ་གུས་པས་འདུད། །བསྐལ་པའི་མེ་ལྟར་འབར་བ་འཇིགས་པའི་གཟུགས་ལྡན་པ། ཁྲོས་པས་འཇིགས་མཛད་མཚོ་སྐྱེས་སྔོན་པོའི་སྐུ་མདོག་བཞིན། །ཉི་མའི་དཀྱིལ་འཁོར་སྟེང་བཞུགས་ཁ་ཊཱཾ་ག་དང་ནི། །རྡོ་རྗེ་བསྣམས་ཤིང་ཨོཾ་ཨོཾ་ཡི་གེ་དག་པ་ཡིས། །ཚངས་པ་དང་ནི་ཁྱབ་འཇུག་དྲག་པོའི་ལྷ་དག་གི །མགོ་རྣམས་བཅད་མཛད་ནས་ནི་དབུ་ལ་ར…
      JTN007 · ཏཱ་ར་ནཱ་ཐ།
      དཔལ་འཁོར་ལོ་སྡོམ་པའི་དཀྱིལ་ཆོག་ནག་པོ་ལུགས་ཀྱི་གསལ་བྱེད་བདེ་བ་ཆེན་པོའི་ཆར་ཡངས།
      འགྲོ་མ་ཡིས་གླུས་ནི་རབ་བསྐུལ་བ། །ཤ་དང་ཁྲག་དང་རྒྱུ་མ་ནང་ཁྲོལ་གསོལ་བར་མཛད། །ཧཾ་ཧཾ་ཨ་ཨའི་སྒྲས་ནི་ལྷ་རྣམས་གསལ་མཛད་པ། །ཐོད་པ་ཀླད་པས་བཀང་ནས་གསོལ་ཕྱིར་ཕྱག་ན་བསྣམས། །ཀ་ཧ་ཀ་ཧའི་བཞད་སྒྲས་འཁོར་བ་འཇིག་མཛད་པ། །མི་བཟད་དུར་ཁྲོད་རྣམས་ཀྱི་རུས་པའི་རྒྱན་ལྡན་པ། །རྡོ་རྗེ་ཧ་ཧར་བཞད་པས་ཁམས་གསུམ་བརྒྱལ་མཛད་པ། །ཧ་ཧ་ཧི་ཧི་ཛ་ཛའི…
      JTN007 · ཏཱ་ར་ནཱ་ཐ།
      དཔལ་འཁོར་ལོ་སྡོམ་པའི་དཀྱིལ་ཆོག་ནག་པོ་ལུགས་ཀྱི་གསལ་བྱེད་བདེ་བ་ཆེན་པོའི་ཆར་ཡངས།
      ལྟ་བས་དྲི་མ་མ་ལུས་བྲལ་བ་དང༌། གོ་ལུ་གོ་ལུ་ཛཾ་ཛཾ་ཡཾ་ཡཾ་སྒྲོག་པས་ཞི་བ་དང༌། །མཁའ་དང་མཉམ་པའི་ཏིང་འཛིན་བཞུགས་པའི་ཐུགས་མངའ་བ། །མཾ་མཾ་སྒྲས་ནི་བདེ་བ་ཆེན་པོའི་བདག་ཉིད་ཅན། །ཐུགས་རྗེ་ཆེན་པོས་རྗེས་འབྲེལ་སེམས་ཅན་མི་གཏོང་བ། །བརྟན་གཡོའི་རང་བཞིན་ཧེ་རུ་ཀ་དཔལ་ཕྱག་འཚལ་བསྟོད། །མཁའ་འགྲོའི་དམ་ཚིག་ཨ་ལི་ཀཱ་ལི་སྦྱོར་བ་སྟེ། །…
      JTN007 · ཏཱ་ར་ནཱ་ཐ།
      དཔལ་འཁོར་ལོ་སྡོམ་པའི་དཀྱིལ་ཆོག་ནག་པོ་ལུགས་ཀྱི་གསལ་བྱེད་བདེ་བ་ཆེན་པོའི་ཆར་ཡངས།
      གནས་གསུམ་མཁའ་འགྲོའི་ཚོགས་ལ༴ ཉོན་མོངས་རྣམ་དག་ཡེ་ཤེས་སྐུ་བརྙེས་ཏེ། །སྲིད་པའི་འཁོར་ལོ་མ་ལུས་བཅད་པའི་ཕྱིར། །ཐབས་མཁས་ཐུགས་རྗེས་འགྲོ་བ་འདྲེན་མཛད་པའི། །རྒྱལ་གཉིས་རྡོ་རྗེའི་ཞབས་ཀྱི་པདྨོར་འདུད། །འཇིག་རྟེན་མགོན་པོ་ཀུན་གྱི་བརྟེན་འགྱུར་ཅིང༌། །ཡེ་ཤེས་ལས་གྲུབ་མཆོད་པ་ཀུན་དང་ལྡན། །རྡོ་རྗེའི་ས་གཞི་ལ་གནས་གཞལ་མེད་ཁང༌།…
      JTN007 · ཏཱ་ར་ནཱ་ཐ།
      དཔལ་འཁོར་ལོ་སྡོམ་པའི་དཀྱིལ་ཆོག་ནག་པོ་ལུགས་ཀྱི་གསལ་བྱེད་བདེ་བ་ཆེན་པོའི་ཆར་ཡངས།
      སེར། །དཀར་དང་གནག་དང་སེར་སྐྱ་དང༌། །དེ་བཞིན་གོས་ནི་སྣ་ཚོགས་དང༌། །མེ་ཏོག་ཕྲེང་བ་དུ་མ་དང༌། །བླ་རེ་དག་དང་དར་དཔྱངས་པའི། །མདའ་དང་ཡོལ་བས་ཤིན་ཏུ་མཛེས། །དེ་བཞིན་བཟའ་བཅའ་བཏུང་བ་ཡིས། །རབ་མཉམ་གཞག་པའི་མཆོད་པར་བྱ། །གསེར་ནི་བརྒྱ་སྟོང་དུ་མ་དང༌། །རིན་ཆེན་རྣམ་པ་སྣ་ཚོགས་དང༌། །རས་ནི་ཟུང་གྱུར་བརྒྱ་ཉིད་དང༌། །གླང་པོ་རྟ་དང་…
      JTN007 · ཏཱ་ར་ནཱ་ཐ།
      དཔལ་འཁོར་ལོ་སྡོམ་པའི་དཀྱིལ་ཆོག་ནག་པོ་ལུགས་ཀྱི་གསལ་བྱེད་བདེ་བ་ཆེན་པོའི་ཆར་ཡངས།
      དབུས་སུ་སྐྱེས་པའི་ངང་མོ་དམ་པ་ཀུནྡ་ལྟར་དཀར་ཐམས་ཅད་དག །ཀུན་མཁྱེན་སངས་རྒྱས་ཤིན་ཏུ་རྣམ་པར་དག་པའི་གནས་ཏེ་ལྷ་མོ་མཛེས་མའི་གཞི། །དྲི་མེད་ལྷན་ཅིག་སྐྱེས་པའི་གྲུ་བཞི་འདྲེན་པ་ལ་ནི་བདག་ཕྱག་འཚལ། །སྐྱེ་བ་དང་ནི་འཇིག་པ་དང་བྲལ་མཆོག་གི་ལུས་ཅན་མ། །དམར་བའི་འོད་ཆགས་རྣམ་པར་རྒྱལ་མ་ཁམས་གསུམ་གཟུགས་ཅན་མ། །ཡོན་ཏན་ཚོགས་ཀྱིས་བརྒ…