Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      764 results — page 9 of 39
      GLG015 · ངག་དབང་བློ་བཟང་རྒྱ་མཚོ།
      རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བསྟོད་པ་ཏམྦུ་རའི་རྒྱུད་མང་།
      མེད་འཆར་བའི་འཛིན་དང་མི་བརྗེད་པའི། །གཟུངས་ཀྱི་དངོས་གྲུབ་སྩོལ་ཅིག་འཇམ་དཔལ་དབྱངས། །ཕྱོགས་དེས་མི་ངོམས་ལེགས་པར་བཤད་པའི་ཚིག །ལུས་ཕྲའི་འགྲམ་པའི་ཆང་གི་ཐིགས་པས་ཀྱང་། །ཡོན་ཏན་བ་ཀུ་ལ་ཡི་ཁ་འབྱེད་པའི། །ཐོས་པའི་དངོས་གྲུབ་སྩོལ་ཅིག་འཇམ་དཔལ་དབྱངས། །ཚིག་ཙམ་མ་ཡིན་དེ་དོན་དཀའ་བའི་གནད། །ཀུན་ལ་ཞིབ་མོར་བརྟགས་ཤིང་ཉེར་དཔྱད་པ…
      GLG015 · ངག་དབང་བློ་བཟང་རྒྱ་མཚོ།
      རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བསྟོད་པ་ཏམྦུ་རའི་རྒྱུད་མང་།
      གཞུང་ལུགས་ལ་སྦྱངས་ནས་ཅུང་ཟད་ཤེས་པ་ལ་བསྟེན་སྙན་ངག་མཁན་པོར་རློོམ་པ། ཟ་ཧོར་གྱི་རིགས་ལས་ཨ་ཝ་དྷཱུ་ཏཱི་པའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེ། མིང་གཞན་འཇམ་ངབྱངས་དགའ་བའི་བཤེས་གཉེན་ནམ། ཚངས་སྲས་བཞད་པའི་རྡོ་རྗེར་འབོད་པའི་ལྡུམ་བུ་པས། རྣམ་རྒྱལ་ཞེས་པ་ཆུ་མོ་སྦྲུལ་གྱི་ལོ་དབོ་ཟླ་བའི་ད…
      GLG023 · ངག་དབང་བློ་བཟང་རྒྱ་མཚོ།
      GLG023 · ངག་དབང་བློ་བཟང་རྒྱ་མཚོ།
      འཕགས་པ་འཇམ་དཔལ་མཚན་བརྗོད་ཀྱི་ཡང་སྙིང་།
      འཕགས་པ་འཇམ་དཔལ་མཚན་བརྗོད་ཀྱི་ཡང་སྙིང་བཞུགས་སོ། །
      GLG023 · ངག་དབང་བློ་བཟང་རྒྱ་མཚོ།
      འཕགས་པ་འཇམ་དཔལ་མཚན་བརྗོད་ཀྱི་ཡང་སྙིང་།
      རྒྱ་རྒྱ་གར་ཁུངས་བཙུན་པའི་ཕྱིར་སྨོས་པའོ། །གར་སྐད་དུ། ཨཱཪྻ་མཉྫུ་ཤྲཱི་ཏནྟ་ཙི་ཏ༔། བོད་སྐད་སྒྲ་བསྒྱུར་བའི་ཚིག་སྨོས་པའོ། །དུ། འཕགས་པ་འཇམ་དཔལ་མཚན་སྨོས་པའི་ཡང་སྙིང་། རྒྱུད་ཀྱི་ཡང་སྙིང་། འཇམ་དཔལ་གཞོན་ནུར་གྱུར་ཡི་དམ་ལྷ་ལ་ཕྱག་འཚལ་བའི་ཕྱིར་སྨོས་པའོ། །པ་ལ་ཕྱག་འཚལ་ལོ། །འདི་ལྟར་འདི་ལ་སངས་རྒྱས་ཐམས་ཅད་ཀྱི་མཚན་འདུས་པ…
      GLG023 · ངག་དབང་བློ་བཟང་རྒྱ་མཚོ།
      འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་སྲིད་གསུམ་རྣམ་རྒྱལ།
      འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་སྲིད་གསུམ་རྣམ་རྒྱལ་བཞུགས་སོ། །
      GLG023 · ངག་དབང་བློ་བཟང་རྒྱ་མཚོ།
      འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་སྲིད་གསུམ་རྣམ་རྒྱལ།
      ན་མོ་མཉྫུ་ཤྲཱི་བཱི་རེ་ཎ་མུ་དྲཱ་བྷི་བྷཱུ་ཡཱ་ཡ། མཁའ་ཁྱབ་སྤྲོས་བྲལ་གདོད་མའི་ཀློང་དུ་འཇམ་དཔལ་ཀུན་བཟང་ཆོས་ཀྱི་སྐུ། །འོག་མིན་ཞིང་ཁམས་ཞིང་གི་གཙོ་བོར་རྡོ་རྗེ་འཆང་དབང་ལོངས་སྤྱོད་རྫོགས། །ཡིད་སྲུབས་གཤེད་དུ་འཁོར་འདས་ཟིལ་གནོན་ཚེ་བདག་ནག་པོ་སྤྲུལ་པའི་སྐུ། །སྐུ་གསུང་ངོ་བོ་ཆོས་དབྱིངས་རང་གྲོལ་རིགས་ཀྱི་གཙོ་བོར་གཙུག་ན་…
      GLG023 · ངག་དབང་བློ་བཟང་རྒྱ་མཚོ།
      འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་སྲིད་གསུམ་རྣམ་རྒྱལ།
      གྲུབ་མཁའ་ལ་ནམ་འཕང་སྤྱོད། །ལྷ་སྔགས་ཡེ་ཤེས་རྡོ་རྗེ་རྩེ་བརྒྱ་པ། །གདེངས་ཚེ་སྟོབས་ལྡན་འབྱུང་པོ་སྦྱིན་སྐྱེས་མོའི། །དྲེགས་བསྙེམས་མངལ་ལྷུངས་ཆབས་ཅིག་ལུས་མེད་སྨག །གཟི་བྱིན་ཉི་མའི་འོད་གདོང་མ་ཆུགས་སངས། །དགྲ་བོའི་བླ་རྐུ་སྲོག་གཅོད་ཚེ་ཡི་མཐའ། །བཏུལ་བའི་བམ་རོའི་སྟེང་ན་ཞབས་ཀྱི་བྲོ། །བརྡུང་ཡང་འགྲོ་ལ་སྙིང་རྗེའི་ཆུས་བར…
      GLG023 · ངག་དབང་བློ་བཟང་རྒྱ་མཚོ།
      འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་སྲིད་གསུམ་རྣམ་རྒྱལ།
      ག་གསུམ་དུ་འགྲེལ་ལུགས་ཐ་དད་པར། །མཁྱེན་ལྡན་སྔགས་འཆང་དགོངས་དོན་མང་ལོན་མཐར། །སེ་སྟོན་ཕྱག་བཞེས་དབང་པོའི་སྡེས་གསལ་བ། །འདི་ཀོ་རིན་ཆེན་ཁྲོད་ནས་ཡིད་བཞིན་ནོར། །གང་དེར་དཔྱད་བཟོད་ཡང་དག་གཏན་ཚིགས་ཀྱིས། །ཡིད་དྲངས་རང་ཉམས་ལེན་དང་སྣོད་ལྡན་ཆེད། །འཕྲིན་ལས་སྲིད་པ་གསུམ་ལས་རྣམ་རྒྱལ་བའི། །འཇིགས་མེད་སེང་གེའི་རྒྱུད་ཀྱི་དབྱངས…
      GLG023 · ངག་དབང་བློ་བཟང་རྒྱ་མཚོ།
      འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་སྲིད་གསུམ་རྣམ་རྒྱལ།
      ཉི་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་སྟེང་། །རང་ཉིད་ཛམྦུ་གསེར་གྱི་མདངས་འཛིན་པའི། །ཡིད་འོང་གཞོན་ནུ་ཟུར་ཕུད་ལྔ་པ་ཅན། །ཕྱག་ཟུང་ཤེས་རབ་རལ་གྲི་ཨུཏྤལ་གྱི། །འདབ་སྟོང་རྒྱས་རྩེར་ཤེར་ཕྱིན་གླེགས་བམ་བསྣམས། །ཞབས་གཉིས་མི་ཕྱེད་རྡོ་རྗེ་སྐྱིལ་ཀྲུང་ཅན། །སྣ་ཚོགས་རིན་ཆེན་མཛེས་རྒྱན་བརྒྱད་ཀྱིས་སྤྲས། །རབ་བཀྲ་ལྷབ་ལྷུབ་དར་གྱིས་མངོ…
      GLG023 · ངག་དབང་བློ་བཟང་རྒྱ་མཚོ།
      འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་སྲིད་གསུམ་རྣམ་རྒྱལ།
      མ་ལུས་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །འཇམ་དཔལ་དབྱངས་དང་རྡོ་རྗེ་འཆང་ཆེན་པོ། །འཇམ་དཔལ་བཤེས་གཉེན་ཤྲཱི་སིངྷ་དང་། །རང་བྱུང་ཆེན་པོ་པདྨ་འབྱུང་གནས་ཞབས། །རིགས་འཛིན་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། ཁྲི་སྲོང་ལྡེ་བཙན་འཇམ་མགོན་སྤྲུལ་པའི་སྐུ། །ཤེ་ས་སྒྲོན་གཅིག་མཚན་ལྡན་གསང་བའི་ཡུམ། །གཏེར་སྟོན་ཆེན་པོ་སར་བན་ཕྱོགས་མེད་ས…
      GLG023 · ངག་དབང་བློ་བཟང་རྒྱ་མཚོ།
      འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་སྲིད་གསུམ་རྣམ་རྒྱལ།
      མར་བཅས་ལ་གསོལ་བ་འདེབས། །འཇམ་དཔལ་རིགས་ལྔ་ཞི་ཁྲོའི་དཀྱིལ་འཁོར་དུ། །རྨད་བྱུང་རྫས་ཀྱི་རྟེན་འབྲེལ་ལ་བརྟེན་ནས། །རིག་རྩལ་དབང་བཞིས་ཡེ་ཤེས་ཐོབ་པ་ཡི། །ངོ་འཕྲོད་དོན་གྱི་སྙིང་པོ་རྟོགས་པར་ཤོག །བདེ་གཤེགས་ཀུན་འདུས་རང་བྱུང་ཡེ་ཤེས་སྐུ། །གསལ་སྟོང་དབྱེར་མེད་བསྐྱེད་པའི་རིམ་པ་ཡིས། །ཐ་མལ་ལུས་ཀྱི་སྣང་ཞེན་ཡོངས་གྲོལ་ནས། །གཞ…
      GLG023 · ངག་དབང་བློ་བཟང་རྒྱ་མཚོ།
      འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་སྲིད་གསུམ་རྣམ་རྒྱལ།
      ཚེ་སྐུ་ལས་འོད་ཟེར་འབུམ། །རེ་རེའི་རྩེ་ལ་འདབ་ལྡན་པདྨའི་སྟེང་། །སྤྲུལ་པའི་སྐུ་རེས་ཕྱོགས་བཅུའི་འཇིག་རྟེན་དུ། །ཆོས་འཁོར་བསྐོར་ལྟར་བདག་གིས་འཇམ་དཔལ་གྱི། །ཆོས་འདི་བསྒྲགས་པས་སེམས་ཅན་ཐམས་ཅད་ཀྱི། །རྒྱུད་ལ་སྐྱེ་མེད་ཡོངས་སུ་ཐོབ་པ་དང་། །འཛིན་མེད་རང་གྲོལ་འགྱུར་བའི་རྒྱུར་གྱུར་ཅིག །གང་ཚེ་བལྟ་བར་འདོད་པའམ་སོགས་བྱའོ། །…
      GLG023 · ངག་དབང་བློ་བཟང་རྒྱ་མཚོ།
      འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་སྲིད་གསུམ་རྣམ་རྒྱལ།
      སྔ་འགྱུར་སྲོག་ཤིང་གཡུང་སྟོན་རྡོ་རྗེ་དཔལ། །ཟབ་སྦས་གསལ་མཛད་ཕག་སྟོན་ཤཱཀྱ་མགོན། །རིགས་འཛིན་སྦུག་སྟོན་དཔལ་ལྡན་མགོན་པོ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ཟུར་ཚོ་རྡོ་རྗེ་གླིང་པ་ཆོས་རྒྱལ་མཚན། །སྤང་སྟོན་འཇམ་དབྱངས་བདེ་ལེགས་རྒྱལ་མཚན་ཞབས། །མཁྱེན་བརྩེ་ནུས་མངའ་སེ་སྟོན་རིན་རྒྱལ་ལ། །གསོལ་བ་འདེབས་སོ་དངོས་…
      GLG023 · ངག་དབང་བློ་བཟང་རྒྱ་མཚོ།
      འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་སྲིད་གསུམ་རྣམ་རྒྱལ།
      དྲེགས་པ་ཐུག་ཕྲད་གསོད་པ་དྲག་པོའི་སྔགས། །མངོན་སྤྱོད་འཕྲིན་ལས་འགྲུབ་པར་བྱིན་གྱིས་རློབས། །རིགས་བཟང་ཕྱག་རྒྱ་ལས་འོངས་དགའ་བ་བཞི། །རྫོགས་པའི་བདེ་སྟོང་ཡེ་ཤེས་རབ་རྒྱས་ཤིང་། །རྩ་གསུམ་འཁོར་ལོ་བཞི་ལྡན་སྐུ་བཞིའི་གར། །གདོད་མའི་མགོན་པོ་འགྲུབ་པར་བྱིན་གྱིས་རློབས། །གྲངས་མེད་ཆོས་རྣམས་མ་ལུས་སེམས་ཀྱི་ཀློང་། །ཡེ་ནས་གྲོལ་བ…
      GLG023 · ངག་དབང་བློ་བཟང་རྒྱ་མཚོ།
      འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་སྲིད་གསུམ་རྣམ་རྒྱལ།
      བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས…
      GLG023 · ངག་དབང་བློ་བཟང་རྒྱ་མཚོ།
      འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་སྲིད་གསུམ་རྣམ་རྒྱལ།
      ཡིད་ཀྱིས་རྣམ་སྤྲུལ་བའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདག་དང་མཐའ་ཡས་སེམས་ཅན་རྣམས། །དུས་གསུམ་བཞུགས་ལ་ལུས་དབུལ་ལོ། །ཚེ…
      GLG023 · ངག་དབང་བློ་བཟང་རྒྱ་མཚོ།
      འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་སྲིད་གསུམ་རྣམ་རྒྱལ།
      དུར་ཁྲོད་མཚོན་ཆ་མེ་རི་ཁྲོ་བོ་འཁྲིག །སྟེང་འོག་ཕྱོགས་མཚམས་མེ་རི་འཁྲུག་ཅིང་འབར། །ཞེ་སྡང་འཇོམས་པའི་མེ་ནི་མཐིང་ནག་འབར། །གཏི་མུག་འཇོམས་པའི་མེ་ནི་སྨུག་ནག་འབར། །ང་རྒྱལ་འཇོམས་པའི་མེ་ནི་སེར་ནག་འབར། །འདོད་ཆགས་འཇོམས་པའི་མེ་ནི་དམར་ནག་འབར། །ཕྲག་དོག་འཇོམས་པའི་མེ་ནི་ལྗང་ནག་འབར། །དབང་དྲག་གདུག་རྩུབ་མེ་ནི་ཁམ་ནག་འབར། །…
      GLG023 · ངག་དབང་བློ་བཟང་རྒྱ་མཚོ།
      འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་སྲིད་གསུམ་རྣམ་རྒྱལ།
      གཏད་མནན་སྦྱོར་བ་ལ་སོགས་པ་ངན་གནོད་བྱེད་པའི་བན་བོན་ཐམས་ཅད་མཱ་ར་ཡ་སོད་སོད་ཛ་ལ་བཟློག་ཕཊ་སྭཱཧཱ། དྲུག་པ་ཡུལ་དྲང་སྡིག་སྒྲིབ་བཤགས་པ་ནི། ཏྲཾ་རཏྣ་མཎྜ་ལ། པཾ་པདྨ་མཎྜ་ལ། མ་སཱུཪྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་ཏེ། བཛྲ་ས་མ་ཡ་ཧཱུཾ་ཛཿས་སྤྱན་དྲངས་ཐལ་མོ་སྦྱར་ལ། ཧཱུཾ། དམིགས་མེད་མཁའ་ལྟར་དག་པ་ཁྱབ་པའ…
      GLG023 · ངག་དབང་བློ་བཟང་རྒྱ་མཚོ།
      འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་སྲིད་གསུམ་རྣམ་རྒྱལ།
      དང་ཡན་ལག་གི་དམ་ཚིག་ལ་ཆག་ཉམས་དང་ཞིག་དྲལ་དུ་གྱུར་པ་ཅི་མཆིས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །ཨཱོཾ་མཉྫུ་ཤྲཱི་ས་མ་ཡ་ཞེས་སོགས་ཡིག་བརྒྱ་ལན་གསུམ་བརྗོད། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། བདུན་པ་མི་འདའི་དམ་བཅའ་ཡོངས་བཟུང་བ། །བདག་ནི་དེང་ནས་…