Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      939 results — page 31 of 47
      CMR025 · ཀརྨ་ཆགས་མེད།
      རྒྱལ་བ་རྒྱ་མཚོའི་བོགས་འདོན་བསྲེ་བའི་སྐོར།
      གཅིག་ཕྱག་གཡས་རྡོ་རྗེ་ཕྱར་ཞིང་གཡོན་སྡིགས་མཛུབ་ཐུགས་ཀར་བསྒྲེང་བ་ཞབས་སྐྱིལ་ཀྲུང་པད་ཟླ་ལ་བཞུགས་པ། སྐུ་ལས་མེ་འབར་བས་ཡམས་ནད་བདག་པོ་དང་བཅས་པ་བསྲེག་ཅིང་། བདུད་རྩི་ཁ་དོག་ལྔའི་ཆར་འབེབས་པས། ཡམས་ནད་བཀྲུ་བ་གོང་ལྟར་བསྒོམས་ལ། རླུང་བཟུང་བས་ཐམས་ཅད་འོད་དུ་ཞུ་བ་ལྟེ་འོག་མེ་ལ་བསྟིམས་ལོ་མཉམ་བཞག་བསྒོམ་པར་བྱའོ། ༈ །ཡང་དམིགས…
      CMR025 · ཀརྨ་ཆགས་མེད།
      རྒྱལ་བ་རྒྱ་མཚོའི་བོགས་འདོན་བསྲེ་བའི་སྐོར།
      འཁོར་ལས་འོད་ཟེར་དཀར་པོ་འཕྲོས་པས་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ཀྱི་བདུད་རྩིའི་བཅུད་བསྡུས་ཏེ། ལྷ་མོའི་སྤྱི་བོར་བུམ་པ་དཀར་པོའི་ནང་དུ་ཞུགས། བུམ་པ་ནས་བདུད་རྩི་དཀར་པོ་ལྷུད་ལྷུད་བབས་པས་ལྷ་མོའི་ཞལ་དུ་ཞུགས་པས་སྐུ་ལུས་ངང་ལྟེམ་གྱིས་གང་། མ་ཤོང་ནས་སྐྱུགས་པའི་ཚུལ་དུ་ཞལ་ནས་བདུད་རྩིའི་ཆར་བྱུང་བས་རང་དང་བསྲུང་བྱའི་ནད་…
      CMR025 · ཀརྨ་ཆགས་མེད།
      བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་དང་ལྷ་ལྔའི་ཟིན་བྲིས།
      བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་དང་ལྷ་ལྔའི་ཟིན་བྲིས་ཀྱི་བརྩམས་དོན་བཞུགས་པས་ཀུན་གྱིས་གཟིགས་ཤིང་ཉམས་སུ་ལེན་པར་ཞུ་ལགས།།
      CMR025 · ཀརྨ་ཆགས་མེད།
      བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་དང་ལྷ་ལྔའི་ཟིན་བྲིས།
      ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། བླ་མ་ཡི་དམ་དབྱེར་མེད་པའི། །ལོ་ཀེ་ཤྭ་རའི་ཞབས་ལ་འདུད། །དགེ་སློང་རཱ་ག་ཨ་སྱ་བདག ལོ་བརྒྱད་ལོན་ནས་བསྙེན་སྒྲུབ་བརྩམས། །གསར་རྙིང་དབང་ལུང་རྒྱ་ཆེན་ཐོབ། །ལྷ་ཚོགས་མང་པོའི་གྲངས་བསྙེན་ཐེམ། །དེས་ཀྱང་བློ་ཁ་མ་ཚིམ་པར། །རྒྱལ་བ་རྒྱ་མཚོ་བསྒྲུབ་འདོད་ཀྱང་། །དབང་ལུང་རིན་ཆེན་གསེར་བས་དཀོན། །དབང་མེད་ད…
      CMR025 · ཀརྨ་ཆགས་མེད།
      བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་དང་ལྷ་ལྔའི་ཟིན་བྲིས།
      གཉིས་ལྷ་དགུའི་རྒྱ་གཞུང་དང་། །སྲོང་བཙན་ལུགས་ཀྱི་སྒྲུབ་ཐབས་གཉིས། །སྐུ་གསུམ་ངོ་སྤྲོད་ཚིགས་བཅད་མ། །བཤད་པ་ཕྱག་ལེན་ཞལ་ཁྲིད་ཐོབ། །དེ་རྗེས་མཇལ་དུས་རང་བྱུང་བའི། །བཟླས་པའི་མན་ངག་ཚན་པ་གཉིས། །སངས་རྒྱས་གླིང་པའི་གཏེར་ཁ་ཡི། །དབང་ལུང་མན་ངག་བཅས་པ་དང་། །སྐུ་གསུམ་ངོ་སྤྲོད་བརྗེད་ཐོ་ནི། །དྲུང་སྐྱིད་ཕྱག་བྲིས་སྟེང་ནས་ཐོབ།…
      CMR025 · ཀརྨ་ཆགས་མེད།
      བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་དང་ལྷ་ལྔའི་ཟིན་བྲིས།
      རྟགས་སྣ་ཚོགས་ནི། །འཛམ་གླིང་ཁྱབ་པར་འགྲན་མེད་པར། །སྟོན་པར་མི་ནུས་གང་ཟག་གིས། །ལོ་ནི་བརྒྱ་སྟོང་དབང་བསྐུར་ཞིང་། །ལུང་སོགས་བཤད་ཉན་ཅི་བྱས་ཀྱང་། །བུ་ཚས་རྩེད་མོ་རྩེ་བ་འདྲ། །འདི་ལ་གྲུབ་པ་ཐོབ་པ་ཡི། །དབང་ནི་རྒྱས་པའམ་གཏོར་དབང་ཙམ། །ཕྱག་དབང་ལ་སོགས་ཐོབ་ན་ཡང་། །གསར་རྙིང་ཞི་ཁྲོ་རབ་འབྱམས་དང་། །རྒྱལ་བ་རྒྱ་མཚོའི་དབང་བསྐ…
      CMR025 · ཀརྨ་ཆགས་མེད།
      བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་དང་ལྷ་ལྔའི་ཟིན་བྲིས།
      གཏད་པ་ཡིན། །ལུང་རྒྱུན་མེད་ཀྱང་ཉམས་ལེན་རུང་། །ཨོ་རྒྱན་དྲི་མེད་ཀུན་དགས་གསུངས། །དེ་བཞིན་རྩོལ་མེད་ཕྱོགས་ཕྱོགས་ནས། །རྨི་ལམ་ལྟས་བཟང་དང་བཅས་ནས། །འདི་ཡི་སྒྲུབ་སྐོར་མང་དུ་རྙེད། །མཉམ་མེད་དྭགས་པོའི་མན་ངག་བཞིན། །ཞབས་རྗེས་དྲུང་ནས་ལུང་ཡང་ཞུས། །དེ་ཡིས་ལུང་ཡང་ཐོབ་ངེས་པ། །བྱ་རོག་ཆེན་པོའི་རྒྱུད་ནས་བཤད། །དེ་བཞིན་དགོངས…
      CMR025 · ཀརྨ་ཆགས་མེད།
      བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་དང་ལྷ་ལྔའི་ཟིན་བྲིས།
      ཡི། །དབང་རྒྱུན་ལུང་རྒྱུན་མང་དུ་དར། །འོན་ཀྱང་མཚན་ཉིད་དགེ་བཤེས་འགས། །རྨི་ལམ་ཡུལ་དུ་ཐོབ་པ་དེས། །རང་ཉིད་ཉམས་ལེན་རུང་མོད་ཀྱི། །རང་ཉིད་ས་ཐོབ་མིན་། ཝཱན་ནི། །གཞན་ལ་སྤེལ་དུ་མི་རུང་གསུངས། །ཞབས་དྲུང་ཉིད་ལ་ཞུ་ཡིག་ཕུལ། །བདག་གིས་རྨི་ལམ་ཡུལ་ཐོབ་པས། །ཐོབ་གོ་ཆོད་དམ་མི་ཆོད་ཞུས། །དེ་གས་ཐོབ་པའི་གོ་ཆོད་གསུངས། །མངོན་སུམ་…
      CMR025 · ཀརྨ་ཆགས་མེད།
      བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་དང་ལྷ་ལྔའི་ཟིན་བྲིས།
      ཉམས་སུའང་བླངས། །མཐའ་རྒྱ་མ་ཆོད་ཕུགས་མེད་པའི། །གདམས་ངག་སྣ་རེར་མི་དགོངས་འཚལ། །ཉེར་དགུ་ལོན་ནས་ང་དགུའི་བར། །ཡི་དམ་གཙོ་བོ་འདི་ལ་བྱས། །ལོ་གྲངས་བཅུ་གསུམ་མཚམས་བསྡམས་ནས། །གདན་ཐོག་གཅིག་ཏུ་འདི་ཉིད་བསྒྲུབས། །གཞན་ཡང་འདི་ཡི་སྒྲུབ་ཆེན་དང་། །སྒྲུབ་ཕྲན་ཐོར་བུ་མང་དུ་བྱས། །དངོས་སུ་གྲུབ་རྟགས་མ་ཐོན་ཀྱང་། །ཉམས་དང་རྨི་ལམ་ད…
      CMR025 · ཀརྨ་ཆགས་མེད།
      བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་དང་ལྷ་ལྔའི་ཟིན་བྲིས།
      ཚན་ས་ལ་བརྒྱབས་ནས་ཐལ། །སྲུང་མ་དཔའ་བོ་སྡེ་བཞིའམ། །ཆོས་སྐྱོང་མི་དགའི་རྟགས་སུ་གོ །རས་ཆུང་པ་ཡི་མགུར་ལས་ཀྱང་། །ན་ནིང་ལོ་ལ་དཀའ་དགུ་སྤྱད། །ད་ལོའི་ལོ་ལ་མཚར་དགུ་མཐོང་། །མ་གཅིག་གྲུབ་པའི་རྒྱལ་མོ་མཐོང་། །མཁའ་འགྲོ་རྒྱ་མཚོའི་སྲོག་སྙིང་ཡོད། །གསུངས་པའི་དོན་ཡང་འདི་ཡིན་གསུངས། །བླ་མ་མཁའ་འགྲོའི་བཀའ་རྒྱས་བཏབ། །གཉན་ཕྱིར་ག…
      CMR025 · ཀརྨ་ཆགས་མེད།
      བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་དང་ལྷ་ལྔའི་ཟིན་བྲིས།
      གཉིས་ཟླ་གཅིག་ཙམ་དུ་འབད། །བདག་ཀྱང་ལན་གྲངས་བཅུ་གསུམ་ཙམ། །ཚོགས་མཆོད་ཕུལ་ཞིང་གསོལ་བ་བཏབ། །བརྒྱ་ཕྱག་མཎྜལ་བརྒྱ་རྩ་ཕུལ། །ནག་པ་ཟླ་བའི་བཅུ་གསུམ་ནུབ། །ཉལ་ཁའི་ཡིད་ལ་འདི་ལྟར་དྲན། །སྔོན་གྱི་རྒྱ་གཞུང་བོད་གཞུང་རྣམས། །བསྒྲིགས་ན་སྒྲུབ་ཐབས་བྲི་མི་རུང་། །ཆོས་བཤད་ལག་པ་ཁྲག་ཅན་ཟེར། །བཀའ་དཀྲུགས་ཉེས་པས་བཀའ་ཆད་འབྱུང་། །དེ་བ…
      CMR025 · ཀརྨ་ཆགས་མེད།
      བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་དང་ལྷ་ལྔའི་ཟིན་བྲིས།
      བར་ཐོས། །ཕྱིར་ནངེས་བཀའ་རྒྱ་གྲོལ་ཡོད་སྨྲས། །འོན་ཀྱང་རེ་ཞིག་མ་སྐབས་པས། །སྐར་མ་བཟང་དུས་དབུ་བཙུགས་སྙམ། །དེ་ནས་སྤྲུལ་སྐུ་བསྙུང་བ་ཐོས། །ཞག་བརྒྱད་ཙམ་ཞིག་སྐུ་རིམ་བསྒྲུབས། །དེ་ནས་སྤྲུལ་སྐུ་གཤེགས་པ་ཐོས། །མྱ་ངན་དྲག་པོས་སེམས་ནོན་ཅིང་། །ཞག་བདུན་འདས་མཆོད་ཆོ་ག་བྱས། །དེ་ནས་ཚེས་ལྔའི་སྲོད་ཀྱི་ཐུན། །ད་ནི་མྱ་ངན་སེམས་འཐ…
      CMR025 · ཀརྨ་ཆགས་མེད།
      བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་དང་ལྷ་ལྔའི་ཟིན་བྲིས།
      དམར་འདོན་བྱས་པ་དེས། །ཆོས་བདག་མཁའ་འགྲོ་མི་དགྱེས་སྲིད། །བདག་དང་སློབ་མ་བརྒྱུད་བཅས་ལ། །འཕྲག་གམ་མི་འཕྲུག་ཤིས་མི་ཤིས། །ཅི་འགྱུར་བརྟགས་པ་བྱས་པའི་ནུབ། །སྲོད་ལ་རང་གི་ཡིན་སྙམ་པའི། །ཁྱི་རྒོད་ལྕགས་ཐག་རིང་པོ་ཅན། །གཉིས་ཤོར་ཁྲོམ་འགའ་འཇུ་གྲབས་ལ། །བུད་མེད་རྒྱན་ལྡན་མཛེས་མ་གཉིས། །ལྕགས་ཐག་བཟུང་ནས་ཁྱི་བཀག་ནས། །ཡང་ཡང་ཤོར…
      CMR025 · ཀརྨ་ཆགས་མེད།
      བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་དང་ལྷ་ལྔའི་ཟིན་བྲིས།
      འདི་ཉིད་སུ་ཡིས་ཉམས་བླངས་པས། །ཆོས་སྐྱོང་སྲུང་མས་སྐྱོབ་པར་གོ །ཐོ་རངས་ཉམས་ཀྱི་སྣང་བ་ལ། །མདུན་གྱི་བར་སྣང་ཡི་གེ་དོད། །དེ་ཉིད་འདོན་ཅིང་ངག་ཏུ་བརྗོད། །། ཡུངས་དཀར་རྡོ་རྗེའི་རིགས་དེ་སོགས། །བཀྲ་ཤིས་རྫས་བརྒྱུད་ཚིགས་བཅད་རྣམས། །རིམ་པར་དོད་ཅིང་རིམ་པར་བཏོན། །དེ་ནས་ཉམས་དེ་ཡལ་མ་ཐག །འདི་ཉིད་སུ་ཡིས་ཉམས་བླངས་པས། །བཀྲ་ཤི…
      CMR025 · ཀརྨ་ཆགས་མེད།
      བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་དང་ལྷ་ལྔའི་ཟིན་བྲིས།
      དལ་གྱི། །རང་གར་བྲིས་པར་མི་དགོངས་འཚལ། །རྩོམ་གཞིའི་ལུང་ཁུངས་སོ་སོར་གསལ། །ཀཾ་ཚང་ནག་རྒྱལ་ཕག་གསུམ་ལ། །མཚུར་ལུགས་རྟོགས་ལྡན་ལུགས་གཉིས་བྱུང་། །མཁའ་སྤྱོད་དབང་པོ་མན་ཆོད་ལ། །གཞུང་གི་དབང་ལུང་དར་ཆེ་ཡང་། །སྙན་བརྒྱུད་ཡི་གེ་མེད་པའི་སྐོར། །ཐམས་ཅད་གཅིག་བརྒྱུད་ཁོ་ན་ལགས། །གཅིག་བརྒྱུད་མི་རབས་བཅུ་གསུམ་ཚང་། །དེ་ནས་མཁའ་སྤྱ…
      CMR025 · ཀརྨ་ཆགས་མེད།
      བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་དང་ལྷ་ལྔའི་ཟིན་བྲིས།
      གཉིས་སུ་གྱེས། །དེ་རྗེས་མཐོང་བ་དོན་ལྡན་སོགས། །ན་རིམ་རྗེས་མ་ཐམས་ཅད་ཀྱིས། །རྟོགས་ལྡན་ལུགས་དེ་སོར་བཞག་མཛད། །མཚུར་ལུགས་ནུབ་ཅིང་བརྒྱུད་པ་ཆད། །དཔལ་ལྡན་མཁའ་སྤྱོད་དབང་པོ་དེས། །བོད་ཡུལ་གྲགས་དང་མ་གྲགས་པའི། །དབང་ལུང་གདམས་ངག་མཐའ་ཡས་པ། །དངོས་དང་ཉམས་དང་རྨི་ལམ་དུ། །མ་ཐོབ་པ་ནི་གཅིག་མེད་གསུངས། །མཁའ་འགྲོའི་ལུང་བསྟན་ཡི…
      CMR025 · ཀརྨ་ཆགས་མེད།
      བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་དང་ལྷ་ལྔའི་ཟིན་བྲིས།
      ཐབས་ལམ་རྩ་རླུང་གཏུམ་མོ་དང་། །གྲོལ་ལམ་ཕྱག་རྒྱ་ཆེན་པོ་དང་། །ཐམས་ཅད་འདྲེས་མར་གསུངས་པའི་ཕྱིར། །ཕལ་གྱིས་ཉམས་སུ་ལོན་པ་དཀའ། །དེ་ཕྱིར་དཔེ་ཆ་འཛོམ་ན་ཡང་། །སྒྲུབ་པ་ཐོན་མཁན་ཉིན་སྐར་ཙམ། །ཐུན་མོང་དབང་སྡུད་ནོར་སྒྲུབ་ལ། །དམིགས་ནས་སྤྱན་རས་གཟིགས་བསྒྲུབས་ན། །ཙནྡན་སོལ་བ་བྱས་པའམ། །གཡག་རྟ་བེའུ་ལ་བསྒྱུར་བའི་དཔེ། །འོ་ན་ཅི་…
      CMR025 · ཀརྨ་ཆགས་མེད།
      བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་དང་ལྷ་ལྔའི་ཟིན་བྲིས།
      རྒྱུན་ཐག་ཆད་པའི་པི་ཝང་བཞིན། །དོན་འབྲས་འགྲུབ་པར་མི་འགྱུར་གསུངས། །དེ་ཕྱིར་འདི་ནི་མཆོག་སྒྲུབ་ཡིན། །མཆོག་སྒྲུབ་ཐབས་ལམ་གྲོལ་ལམ་གཉིས། །ཐབས་ལམ་རྩ་རླུང་ཐིག་ལེ་སྟེ། །རྩ་རླུང་སྒོམ་པའི་གང་ཟག་གིས། །བསམ་བཞིན་བྱང་སེམས་ཉམས་ཤོར་ན། །རྩ་གནས་མཁའ་འགྲོ་བྱེ་བ་འབུམ། །ངུ་དང་དི་རི་བཀའ་ཆད་འབེབས། །རྩ་རླུང་སྒོམ་པའི་བྱིན་རླབས་ཡ…
      CMR025 · ཀརྨ་ཆགས་མེད།
      བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་དང་ལྷ་ལྔའི་ཟིན་བྲིས།
      ཡིན། །དངོས་གྲུབ་ཀུན་གྱི་གཏེར་མཛོད་ཡིན། །སློབ་དཔོན་པདྨའི་ཞལ་གདམས་ཡིན། །རྒྱུད་སྡེ་བཞི་ཡི་སྤྱི་སྒྲུབ་ཡིན། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །ཞག་བདུན་ཙམ་གྱིས་ཐོབ་པ་ཡི། །གདམས་ངག་ཁྱད་པར་འཕགས་པ་ཡིན། །བཀའ་བབས་བྱིན་རླབས་བརྒྱུད་པ་ལྡན། །འགྲུབ་ཐག་ཤིན་ཏུ་ཉེ་བ་ཡིན། །དེ་སྐད་གྲུབ་ཆེན་པཀཱིས་གསུངས། །ཟིན་བྲིས་བརྩམས་པའི་…
      CMR025 · ཀརྨ་ཆགས་མེད།
      བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་དང་ལྷ་ལྔའི་ཟིན་བྲིས།
      ཚེ་དང་སྒྲུབ་པ་མཐར་ཕྱིན་ནས། །ཚོགས་གཉིས་མཐར་ཕྱིན་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། བདེ་ལེགས་མཐར་ཕྱིན་ཤོག། །།མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།