Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      271 results — page 9 of 14
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      པ་ཡིན་པས། འདི་ལྟ་བུ་ཅིས་ཀྱང་རང་གི་རྒྱུད་ལ་སྐྱེ་བར་ཤོག་སྙམ་དུ་མོས་པས་བཟུང་དགོས་ཀྱི། འདི་མ་ཡིན་ཞེས་འདོར་བར་མི་རུང་ངོ་། །དེ་ལྟར་ཡང་བདེ་མཆོག་ཉུང་ངུའི་རྒྱུད་ལས། ཟབ་མོའི་ཆོས་ནི་སྟོན་པ་ལ། །གལ་ཏེ་མོས་པར་མ་གྱུར་ཀྱང་། །སྨོད་པ་དག་ཏུ་མི་བྱ་སྟེ། །ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། །གང་གིས་འདི་བདག་ཡུལ་མིན་པ། །གང་གིས་ཆོས་…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      ཡོན་ཆེ་བར་གསུངས་པ་ལྟར་ཡིན་པས་ན། རྡོ་རྗེ་ཐེག་པའི་དབང་དང་གདམས་ངག་སྟོན་པའི་བླ་མ་ཡིད་ཀྱིས་སྤངས་ཤིང་ལུས་ངག་གི་སྒོ་ནས་ཐུགས་དང་འགལ་བར་བྱེད་པ་ནི་རྩ་བའི་ལྟུང་བ་དང་པོ་སྟེ་ཤིན་ཏུ་ལྕི་བ་ཡིན་ནོ། །དེ་ལ་བླ་མ་ལ་སྤྱིར་དབྱེ་བ། འདྲེན་པའི་བླ་མ་ནི་ཆོས་སྒོར་འདྲེན་པ་སྟེ་རབ་ཏུ་བྱུང་བའི་མཁན་པོ་ལྟ་བུ་ཤེས་རྒྱུད་གྲོལ་བའི་བླ་མ་…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      སྟེ་དེ་དག་བཀུར་ཚུལ་ཀྱང་རིམ་པ་ལྟར། རྒྱལ་པོ་དང་ཁུ་བོ་དང་ཕ་དང་མ་དང་མིག་དང་སྙིང་ལས་ལྷག་པའི་ཚུལ་གྱིས་བཀུར་བར་གསུངས་ལ། དབང་བསྐུར་རྒྱུད་བཤད་མན་ངག་སྟོན་པ་གསུམ་ཆར་མཛད་པའི་སློབ་དཔོན་ནི་བཀའ་དྲིན་གསུམ་ལྡན་ཏེ་ཤིན་ཏུ་ཡང་བཀུར་དགོས་སོ། །གསུམ་པ་སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པ་ནི་གསུང་དང་སྐུའི་མཚན་མར་གྱུར་པའི་སྔགས་དང་…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      པ་ཡང་ཅི་འབྱོར་དུ་བྱ་དགོས་ཀྱི། མཆོད་པ་ལོ་ཟླར་འདས་པར་མི་བྱའོ། །ལྷ་སྒྲུབ་པར་བྱེད་པའི་སྔགས་དང་ཕྱག་རྒྱའི་བརྩོན་པ་འདོར་བའི་བློ་སྐྱེས་ན་རྩ་བའི་དམ་ཚིག་ཉམས་པར་འགྱུར་རོ། །བཞི་པ་ཡང་དག་ལམ་དུ་ཞུགས་པ་ལ་བྱམས་པ་མཆེད་ཀྱི་དམ་ཚིག་ནི། སྤྱིར་ཐེག་པ་ཆེན་པོ་དང་། ཁྱད་པར་སྔགས་དང་། དེ་ལས་ཀྱང་ཁྱད་པར་དུ་སློབ་དཔོན་གཅིག་དང་དཀྱིལ་…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      ཞིག་སྨྲ་བའི་སྣོད་མ་ཡིན་པ་ཕྱིར་གྱུར་པ་གཞན་ལ་སྔགས་ཀྱི་ལྟ་སྤྱོད་ཟབ་མོ་དང་སྔགས་འཛིན་པ་བླ་མ་མཆེད་ལྕམ་གྱི་སྐྱོན་སོགས་བཤད་པར་མི་འོས་པ་ཤེས་བཞིན་སྨྲ་བའོ། །དེ་ལ་ཡང་སྤྱིར་གསང་བཞི་ནི། སྔགས་ཀྱི་ལྟ་བ་ཟབ་མོ་སྤྱོད་པ་བརླིང་པོ་དང་། ལྷ་ཡི་མིང་གཟུགས་དང་། གྲུབ་རྟགས་རྣམས་དུས་རྒྱུན་དུ་ཡང་དོན་མེད་པར་མི་བཤད་པ་དང་། བར་གསང་བཞ…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      གྱུར་པ་བྱ་བ་མ་ཡིན་པ་བསྲུང་བའི་དམ་ཚིག་སྟེ་སློབ་དཔོན་གྱི་ཐུགས་དང་འགལ་བ་ལ་སོགས་སྤང་བའམ་སྲུང་བ་ཡིན་ནོ། །ཡང་ན་ནི་དངོས་གྲུབ་ཀྱི་འབྱུང་གནས་བླ་མ་བཀུར་བའང་སྒྲུབ་པའི་དམ་ཚིག་ཏུ་བསྡུ་སྟེ། དེ་མཉེས་པར་སྒྲུབ་པ་ནི་སྔ་མ་གཉིས་ཀྱི་ཡང་གཞིར་གནས་སོ། །འདི་ལྔ་ནི་ལྗོན་ཤིང་གི་རྩ་བ་ལྟ་བུ་སྟེ་སྔགས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་གཞི་འཛི…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      དག་མཉམ་ཆེན་པོར་སངས་རྒྱས་པའི་ཕྱིར་དགྲ་རུ་འཁྲུལ་བའི་གཉེན་ངོ་ཤེས་པ་བཞིན་ནོ། །དེ་ལས་སྔ་ཕྱི་གཉིས་ཀྱི་དོན་བཤད་ཟིན་ལ། ཐབས་ཀྱིས་ཟིན་ན་ལམ་གྱི་གྲོགས་སུ་འགྱུར་ཚུལ་ལ། ཕར་ཕྱིན་ཐེག་པ་ལྟར་ན་ཡང་། ཉོན་མོངས་དེ་ལ་བརྟེན་ནས་ཚོགས་རྫོགས་པ་ནི་ཡོ་བྱད་བྱིན་པ་ལས་ལུས་བྱིན་པ་ཕན་ཡོན་ཆེ་བ་དེ་དག་ལུས་ལ་ལྷག་པར་ཆགས་པའི་དབང་གིས་ཡིན་པ་…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      ཐབས་ཀྱིས་ལམ་དུ་བྱས་ན་དེ་ལས་ཡེ་ཤེས་འཆར་བ་དང་། དེ་ཉིད་རྟོགས་པས་ཟིན་ན་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་དང་གསུམ་གྱིས་མི་སྤོང་བར་གྲུབ་བོ། །དང་པོ། འདོད་ཆགས་ནི་སེམས་ཡུལ་ལ་འདུན་ཅིང་དང་དུ་ལེན་པའི་རྣམ་པ་ཅན་ཡིན་ལ། དེ་ལྟ་བུའི་རྩལ་སེམས་ལ་ཡོད་པའི་དབང་གིས་ལམ་དུས་སུ་ལམ་དང་འབྲས་བུའི་ཆོས་ལ་མཆོག་ཏུ་འདུན་ཞིང་། འབྲས་བུའི་དུས་ན་…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      རྩལ་སེམས་ལ་ཡོད་པས། ལམ་དུས་སུ་བསྒྲུབ་པ་ཐམས་ཅད་ལ་མི་ཞུམ་པར་འཇུག་པ་དང་སྔགས་ལམ་དེ་ལས་མཆོག་གཞན་མེད་པར་འཛིན་ཞིང་། འབྲས་དུས་སུ་ཡོན་ཏན་ཐམས་ཅད་ཀྱིས་འབྱོར་པས་དབུལ་བའམ་ཞུམ་པའི་རྣམ་པ་མེད་ཅིང་ཐམས་ཅད་དུ་མི་མཉམ་པའི་ཟུག་རྔུ་མེད་པ་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་རིན་ཆེན་འབྱུང་ལྡན་དུ་འགྲུབ་བོ། །ཕྲག་དོག་ནི་བདག་གཞན་ལ་དམིགས་ནས…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      པ་བཞིན་ནོ། །དེས་ན་སེམས་ཀྱི་རང་རྩལ་གཏན་དུ་མི་འབྱུང་བར་ཁེགས་པ་མི་སྲིད་ལ། བཀག་ཀྱང་མི་དགོས་ཏེ་འཁྲུལ་པས་མ་བསླད་ན་ཡེ་ཤེས་ལྔར་འཆར་བའི་ཕྱིར་རོ། །ཚུལ་འདི་དྲི་མ་མེད་པར་གྲགས་པའི་མདོ་ལས་ཀྱང་། པདྨ་ནི་སྐམ་ས་དང་དགོན་དུང་ལས་མི་སྐྱེ་ཡི་ཆུ་དང་འདམ་ལས་སྐྱེའོ། །དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི། ཉན་ཐོས…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      འགྱུར་ལ། སྔགས་ནང་པ་ལྟར་ན་གཟུངས་ཀྱི་ཕྱག་རྒྱ་ལ་ཡིད་ཤིན་ཏུ་ཆགས་པར་མ་གྱུར་ན། ཡེ་ཤེས་དང་དངོས་གྲུབ་མི་ཐོབ་པས་དེ་ལྟར་ཕྱག་རྒྱའི་དངོས་གྲུབ་དེ་དག་ནི་ཆགས་པ་མེད་ན་མི་འགྲུབ་པར་གསུངས་པ་བཞིན་ཏེ། འདི་ལྟར་འདོད་ཁམས་ཀྱི་ཆགས་པ་དང་ལྡན་པའི་དབང་པོ་ལས་སུ་རུང་བ་སོགས་ཆགས་པ་ཅི་ཙམ་ཡོད་པ་དེ་ཙམ་བདེ་བ་འཕེལ་ལ། ཐབས་ཀྱིས་ཟིན་པའི་བདེ…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      འཕེལ། །ཇི་ལྟར་བྱང་ཆུབ་སེམས་དཔའ་ཉོན་མོངས་སྲིད། །དེ་ལྟ་དེ་ལྟར་ཤེས་རབ་མེ་རབ་འཕེལ། །ཞེས་གསུངས་སོ། །གསུམ་པ། འདི་ལྟར་སྣང་བ་ཀུན་ལ་ཐ་མལ་དུ་ཞེན་པ་དང་། དེ་ལ་དམིགས་ནས་བདག་དང་ཆོས་སུ་བདེན་པར་འཛིན་པའི་ངོར་སེམས་ཀྱི་རྩལ་དེ་དུག་ལྔར་སྐྱེ་ལ། ཆོས་ཐམས་ཅད་དག་པ་དང་དེ་ལའང་བདག་དང་ཆོས་ཀྱི་རང་བཞིན་གང་ཡང་མ་གྲུབ་པས་མཚན་མའི་དམིག…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      བཞིན་གཞན་ལའང་འགྲེ་བར་བྱའོ། །དེ་ལྟ་བུ་ཡང་སྔགས་ན་ལམ་ཁྱེར་གྱི་མན་ངག་བསྟན་པ་མ་གཏོགས་རང་བཞིན་ཡིན་ཚུལ་ཙམ་ནི་མདོ་ནས་ཀྱང་གསུངས་ཏེ། དད་པའི་སྟོབས་སྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། ཉོན་མོངས་པའི་རང་བཞིན་ལས་ཡེ་ཤེས་གཞན་མེད་པར་ཉོན་མོངས་པའི་རང་བཞིན་ཉིད་ཡེ་ཤེས་ཡིན་ཏེ། ཞེས་གསུངས་སོ། །མི་འདོར་བ་ལྔ་ནི་བདུད་རྩི་ལྔ་མི…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      སྤྱད་ན་ཐོ་ཅོའི་སྤྱོད་པས་རང་རྒྱུད་ཆུད་ཟ་ལ། རྟོགས་པ་ཀློང་དུ་གྱུར་ནས་ནི་ཆེད་དུ་སྤྱད་ཀྱང་མི་དགོས་པའི་ཕྱིར། རང་གི་རྟོགས་པའི་ཉམས་དང་སྦྱར་ནས་དེའི་གྲོགས་སུ་འགྱུར་བའི་ཚུལ་གྱིས་ཅི་རིགས་པར་བརྟེན་པར་བྱ་སྟེ། རལ་གྲིའི་གར་ཐབས་བསླབས་པས་ཤིང་དང་ཞ་ཉེ་དང་རལ་གྲི་དངོས་ལ་རིམ་བཞིན་སློབ་པ་བཞིན་ནོ། །དེ་ལྟར་ཡན་ལག་གི་དམ་ཚིག་འད…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      ཐམས་ཅད་ཀྱི་རྒྱལ་པོ་ཡིན་ལ། དེར་དངོས་དང་བརྒྱུད་ནས་ཕན་པའི་དམ་ཚིག་གི་རིམ་པ་རྒྱས་པར་ཕྱེ་ན་ཚད་མེད་དེ། སེམས་ཅན་གྱི་རྣམ་རྟོག་དང་འཚམ་པར་དེ་འདུལ་བའི་དམ་ཚིག་གི་རིམ་པ་སྣ་ཚོགས་ཡོད་པའི་ཕྱིར་རོ། །གསུམ་པ་དེ་དག་གི་གནད་ཀྱི་ཚུལ་ནི། ཐབས་ཆེན་སྔགས་ཀྱི་ཐེག་པའི་དམ་ཚིག་འདིར་སོ་བྱང་གི་ཚུལ་ཁྲིམས་དང་སྡོམ་པ་མ་ལུས་པ་ཀུན་འདུས་ཤིང…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      གཞན་སྨོད་དང་སེར་སྣས་ཆོས་ནོར་མི་སྟེར་བ་སོགས་ཕམ་པར་གསུངས་སོ། །སྔགས་ཀྱི་ཐེག་པར་ནི་མཉམ་ཉིད་ཀྱི་ལྟ་བ་གདེང་དུ་གྱུར་པས་ཡུལ་དང་ཡུལ་ཅན་མ་དམིགས་པས་ན་ལྟར་སྣང་སྲོག་གཅོད་པ་སོགས་ལ་ཐ་མལ་པའི་ཡུལ་བསམ་སྦྱོར་མཐར་ཐུག་ཅུང་ཟད་མེད་ལ། ཤེས་རབ་དང་ཐབས་མཁས་ཀྱི་མཛད་པས་ཀུན་རྫོབ་ཙམ་དུ་དོན་གཉིས་སྒྲུབ་པའི་ཚུལ་ཁྱད་པར་ཅན་ཡིན་པས་ན། ཉེ…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      རྒྱུར་འགྱུར་ལ། ཐབས་ཤེས་ཆེན་པོས་ཟིན་པར་སྤྱད་ན་བླ་མེད་བྱང་ཆུབ་ཀྱི་རྒྱུར་འགྱུར་ཞིང་། ཐབས་ཤེས་ཆེན་པོའི་ཡང་ཆེན་པོས་ཟིན་པར་སྤྱད་ན་བྱང་ཆུབ་ཆེན་པོ་རྩོལ་མེད་ལྷུན་གྱིས་གྲུབ་པའི་རྒྱུར་འགྱུར་བའི་ཕྱིར་དེ་ལྟར་གནས་གྱུར་པའི་ཚུལ་གྱིས་འོག་མ་ལས་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། །དེ་ཡང་མདོར་ན་མི་ཚངས་པར་སྤྱོད་པ་ལྟ་བུ་ལ། ཐ་མལ་པ…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      ཚིང་ལྟ་བུ་རྣམས་ཡེ་ཤེས་མེ་ལྟ་བུས་སྲེག་པར་བྱེད་པས་ན་སྔགས་ཀྱི་སྤྱོད་པ་མཆོག་ཏུ་འཕགས་པར་གྲུབ་སྟེ་གཞན་ལའང་དེ་ལྟར་ཅི་རིགས་པར་སྦྱར་རོ། །དེ་ལྟ་ན་སྤྱོད་པ་རྣམ་པར་དག་པ་རྣམས་ཡེ་ཤེས་ཀྱི་སྟོབས་ལས་གྲུབ་ལ། ཡེ་ཤེས་ནི་ལྟ་བ་རྣམ་པར་དག་པ་ལས་བྱུང་བའམ་ངོ་བོ་ཡིན་པས་དམ་ཚིག་གི་སྲོག་ནི་ལྟ་བས་བཟུང་བ་ཡིན་པར་ཤེས་པར་བྱ་སྟེ། རྔམས་ག…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      མཆོག་ཏུ་འཕགས་པའི་ཡོན་ཏན་ཚད་མེད་པ་ཐོབ་སྟེ། འདི་ལྟར་ཐེག་པ་སྤྱིའི་ཚུལ་ལས་ལྟ་སྤྱོད་གྲོགས་གསུམ་ཞེས་ཤེས་རབ་ཏིང་འཛིན་ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་དུ་བཞག་པའི་ཚུལ་ཁྲིམས་དེ་ཡང་། འོག་མ་ལས་གོང་མ་འཕགས་ཏེ་སོ་ཐར་གྱི་ཚུལ་ཁྲིམས་ལས་བྱང་སྡོམ་འཕགས་ཚུལ་ཚད་མེད་ཀྱང་མདོར་བསྡུ་ན། ཐེག་ཆེན་ནི་དམིགས་པ་ཆེན་པོ་སོགས་བདུན་གྱིས་འཕགས་པ…
      MJN019 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།
      པས་སངས་རྒྱས་ཉིད་ཀྱི་ཕྱག་རྒྱས་མ་བཏབ་ལ་བྱིན་གྱིས་བརླབས་ཀྱིས་ཕྱག་རྒྱས་བཏབ་པ་ཙམ་མོ། །བྱང་སེམས་རྣམས་སངས་རྒྱས་ཀྱི་རིགས་སུ་གྱུར་པའི་ཕྱིར་སངས་རྒྱས་ཉིད་ཀྱི་ཕྱག་རྒྱས་བཏབ་ཀྱང་། དེ་དག་གིས་སངས་རྒྱས་གདོད་འགྲུབ་པར་འདོད་པས་ན་ལྷུན་གྱིས་གྲུབ་པའི་ཕྱག་རྒྱས་མ་བཏབ་ལ། སྔགས་བླ་མེད་དུ་ཆོས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར…