Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      292 results — page 4 of 15
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      ཨོཾ་སྭཱ་སྟི། དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད་ཅེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་འཛིན་པའི་ཞབས་ལ་གུས་བཏུད་ནས། །དངོས་གྲུབ་འབྲས་བུ་ཡང་དག་བྱིན་པ་དང༌། །མཐའ་དག་བགེགས་ཀྱི་ཚོགས་རྣམས་ཉེར་བཅོམ་ནས། །འགྲོ་ལ་ལྷག་པར་དགེ་བ་ཉིད་དུ་མཛོད། །རྡོ་རྗེའི་གསུང་གི་བྱིན་གྱིས་ར…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      དེའི་དང་པོ་ནི། དེང་སང་ལག་ལེན་མཛད་པ་མ་མཐོང་ལ། གཉིས་པ་ནི་སྤྱི་དང་མཐུན་ཏེ། དེ་དག་གི་རྣམ་པར་བཞག་པ་ཤེས་པར་འདོད་ན། རྡོ་རྗེ་གདན་པའི་དཀྱིལ་ཆོག་མནའ་མཆན་དང་བཅས་པར་བལྟའོ། །གསུམ་པ་ལ་ས་བརྟག་པ་དང༌། མངོན་པ་ལས་བསླང་པ་ཡང་སྤྱི་དང་འདྲ་མོད་ཀྱི། དེ་ལྟར་མི་བྱེད་པར་སྣང་ངོ༌། །མི་སྣང་བ་ལས་བསླང་བ་ལ་གསུམ་ལས། དང་པོ་ཕྱོགས་སྐྱོང…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། པཱ་དྱཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དྷཱུ་པེ། ཨ་ལོ་ཀེ གནྡྷེ། ནཻ་ཝི་ཏྱེ། ཤཔྟ་ཨཿཧཱུཾ། གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཧཱུཾ་ཞུ་བ་ལས་བྱུང་བའི་གཏོར་མ་ཡེ་ཤེས་ཀྱི་རང་བཞིན་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲིཿ ལན་གསུམ་གྱི་བྱིན་…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      འདིར་མ་གནས་པར་གཞན་དུ་སོང་ཞིག །ཅེས་བརྗོད་ལ་ཚམས་རྔམ་དང་རོལ་མོའི་སྒྲ་དང་བཅས་གཏོར་མ་ཕྱིར་དོར་རོ། །གཉིས་པ་ནི། གཏོར་མ་གཉིས་པ་ཞིག་བཤམས་ལ། གོང་བཞིན་བྱིན་གྱིས་རླབས་ནས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། གནས་བདག་གཞི་བདག་གྲོང་བདག་གཉུག་མར་གནས་པ་ལྷ་ཀླུ་གནོད་སྦྱིན་སྲིན་པོ་འབྱུང་པོའི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛཿ ཨ་ཀཱ་རོ་…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      གསེར་མདོག་གསེར་གྱི་བུམ་པ་ཕྱག་ན་བསྣམས། །ས་འདིར་བདག་ཅག་ཚོགས་གཉིས་རྫོགས་པའི་ཕྱིར། །དབང་མཛོད་ཐུགས་རྗེས་བདག་ཉིད་ས་ཡི་ལྷ། །བྱང་ཆུབ་ཤིང་དྲུང་ཤཱཀྱ་ཐུབ་པ་ཡི། །སྤྱན་སྔར་ཐུགས་དམ་གང་བཞེས་དེ་དགོངས་ཏེ། །འདིར་བྱོན་བདག་ལ་བརྩེར་དགོངས་མཆོད་པ་བཞེས། །ཨོཾ་པྲྀ་ཐཱི་ཝི་དེ་ཝི་ཨ་ཀརྵ་ཡ་ཛཿ དྲིའི་ཐིག་ལེའི་སྟེང་དུ་བྱོན་པར་གྱུར། …
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      ལན་གསུམ་གྱིས་ཕུལ། ཁྱོད་ནི་ས་འཛིན་ལྷ་མོ་སྟེ། །སྐུ་ཕྱེད་ཐོན་པ་གསེར་གྱི་མདོག །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ས་འོག་ལྷ་མོ་ཁྱོད་ལ་བསྟོད། །ཧཱུཾ་ས་ལ་རྒྱུ་བའི་ལྷ་ཀུན་དང༌། །གང་ཡང་ས་ལ་བརྟེན་པ་རྣམས། །སེམས་ཅན་ཀུན་ལ་དགེ་དོན་དུ། །བྱམས་པའི་སེམས་ཀྱི་གནང་བར་མཛོད། །ཅེས་བསྟོད་ཅིང་གསོལ་བ་བཏབ། ཨོཾ་མ་མ་རིན་ཆེན་སྣ་ཚོགས…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      ཤཔྟའི་བར་གྱིས་སློབ་དཔོན་ལ་མཆོད། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ་སོགས་ཀྱིས་བསྟོད། ཤར་མས། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ལྷོ་མས། མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །གནས་འདིར་བདེ་གཤེགས་ཕོ་བྲང་བདག་འདྲི་ཡི། །བགེགས་ཀྱི་ཚོགས་རིགས་གང་ཡིན་བྱེར་བར་གྱིས། །དེ་ཡང་ས་ཕྱོགས་བཟང་པོ་དྲི་མ་མེད་པ་ནམ་མཁའ་ལྟར་ཡངས་པ་འདིར། བདག་རྡོ་རྗེ་འཛིན་པ་མིང་འདི་ཞེས་བགྱི་བས་སེམས་ཅན་ཐམས་ཅད་ཀྱི་དོན་དུ། དཔལ་རྒྱུད་སྡེ་ཆེན་པོ་ལྔའི་དཀྱིལ་འཁོར་འབྲི་བར་བྱེད་ན། ཁྱེད་…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      ཀྲི་ཏ་ཧཱུཾ་ཧཱུཾ། ཞེས་སོགས་ཁྲོ་བོ་བཅུའི་སྔགས་བརྗོད་ཅིང༌། ཕུར་བུ་བཅུ་ཁྲོ་བོ་བཅུའི་རང་བཞིན་རྣམས་གནས་འདི་ཉིད་དུ་གདོད་ནས་གྲུབ་པའི་ཁྲོ་བོ་བཅུ་སྐད་ཅིག་གིས་བྱོན་པར་གྱུར་པ་རྣམས་ཀྱི་ཕྱག་གཡོན་པ་རྣམས་སུ་ཕུར་བུ་རེ་རེ་གཏད༌། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷ་ཏ་ཡ་སརྦ་དུཥྟཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀ…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      སྤྱི་དང་མཐུན་ཤས་ཆེ་ནའང༌། གྲུབ་ཆེན་ཁྱུང་པོའི་མན་ངག་ཐུན་མོང་མ་ཡིན་པ་དཀྱིལ་འཁོར་གྱི་ཆོ་ག་དངུལ་གདོང་མ་ཡིན་པས་འདིར་དེའི་ལུགས་བཞིན་དུ་བཤད་པ་ཡིན་ནོ། །གཉིས་པ་ལ་ལྷག་གནས་ཀྱི་སྔོན་འགྲོ་དང༌། ལྷག་གནས་དངོས་སོ། དང་པོ་ནི་བཤད་པ་ལྟར། ཕྱོགས་སྐྱོང་གི་གཏོར་མ་བཏང་ཞིང་བགེགས་བསྐྲད། མཆོད་པ་བསངས་སྦྱངས་བྱིན་རླབས་ཀྱང་གོང་བཞིན་…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      དར་དང་རིན་པོ་ཆེས་བརྒྱན་པ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ས་འོག་ནས་སའི་ལྷ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་བཅས་བཛྲ་ས་མཱ་ཛཿ ཨརྒྷཾ་ནས། ཤཔྟའི་བར་གྱི་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱ…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      སྐྱ་ཐིག་ཙམ་བཏབ་ལ། ལྷ་སོ་སོའི་གནས་སུ་དྲི་བཟང་གི་ཐིག་ལེའི་ཚོམ་བུ་བཀོད། ལྷ་གྲངས་དང་མཉམ་པའི་མཆོད་པ་བཤམས་པའམ། བསྡུ་ན་ལྷ་ཐམས་ཅད་གཤེགས་པ་གཤེགས་མ་སེམས་དཔའ་སེམས་མ་ཁྲོ་བོ་ཁྲོ་མོ་རྣམས་སུ་འདུ་བས། མཆོད་པ་ཐམས་ཅད་སུམ་ཅུ་རྩ་བདུན་བཤམས་པའི་ལག་ལེན་ཡོད་པས་ཡུལ་དུས་ཀྱི་སྤྱོད་པས་དེང་སང་དེ་ལྟར་བྱ་མོད་ཀྱི། མཆོད་པ་ནི་ལྷག་པར་…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      བརྒྱད་པ་ནས། ཟླ་བའི་དཀྱིལ་འཁོར་རེ་རེའི། དབུས་ཀྱི་གདན་གྱི་སྟེང་དུ། བཅོམ་ལྡན་འདས་དགྱེས་མཛད་རྡོ་རྗེ་སྐུ་མདོག་མཐིང་ནག་ནས། འོད་ཀྱིས་ཁྱབ་པར་མཛད་པའོ། །ཞེས་པའི་བར་གཙོ་བོ་མཚོན་ཆ་ཅན་སྒྲུབ་ཐབས་བཞིན་བསྐྱེད། འདབ་མ་བརྒྱད་ལ་ཤར་དུ། གཽ་རཱི་ནག་མོ། ནས། སའི་དཀྱིལ་འཁོར་འཛིན་པ། ལྷ་མོ་ཐམས་ཅད་ཀྱང་སྤྱན་གསུམ་ནས་དབུས་ན་བཞུགས་པ…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      ཆར་ཡང་སྤྱན་གསུམ་དང་ལྡན་ཞིང༌། སྟག་གི་པགས་པའི་ཤམས་ཐབས་ཅན། དབུ་སྐྲ་དམར་སེར་ནས། དབུས་ན་བཞུགས་པའོ། །ཞེས་དམ་ཚིག་པ་བསྐྱེད། རང་གི་སྙིང་ག་ནས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་སྤྲོས། སྤྲུལ་གཞྀ་བླ་མ་དང་དབྱེར་མེད་པའི་གཞིའི་དཀྱིལ་འཁོར་དགྱེས་མཛད་ལྷ་བཅུ་གསུམ་གྱི་བདག་ཉིད་ཅན་དང༌། རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམ…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      འདི། གོང་གི་མཚན་སྔགས་ཀྱི་མཐར། ཨོཾ་ནི་རི་ཏི་ཧཱུཾ་ཁཾ་སྭཱཧཱ། དེ་བཞིན་དུ། ཞབས་བསིལ་དང༌། ཨོཾ་ནི་ཝི་ཏེ་ཧཱུཾ་ཁཾ་སྭཱཧཱ། འཐོར་འཐུང་འདི། སརྦ་སཾ་ཤོདྷ་ནི་སྭཱཧཱ། མཆོད་ཡོན་འདི། ཛཿ་ཧཱུཾ་བཾ་ཧོཿ ཁ་རཾ་མཧཱ་ཨརྒྷཾ་པྲཏཱི་ཙྪ་སྭཱཧཱ། ཞེས་འབུལ། མེ་ཏོག་བཟང་པོ་མཛེས་ཤིང་གཙང༌། །གཙང་མའི་གནས་སྐྱེས་འདི་རྣམས་ནི། བདག་གིས་གུས་པས་འབུལ་…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      སྣ་ཚོགས་པ། །འབུལ་གྱི་ཡང་དག་བཞེས་སུ་གསོལ། །ཤཔྟ། གོས་ཟུང་བསངས་སྦྱངས། སྟོང་པའི་ངང་ལས། བྷཱུཾ་ལས་བྱུང་བའི་ལྷ་རྫས་ཀྱི་ན་བཟའ་བཟང་ཞིང་རྒྱ་ཆེ་བ་ནམ་མཁའི་མཐས་ཀླས་པར་གྱུར། ཁ་དོག་བཟང་ཞིང་དྲི་ཞིམ་རེག་ན་བདེ། །སྲབ་འཇམ་ཡང་མཛེས་ལྷ་ལས་བྱུང་བ་ཡི། །ན་བཟའ་མཆོག་འདི་རྡོ་རྗེའི་སྐུ་ལ་འབུལ། །བགྲེས་པ་མེད་པ་རྡོ་རྗེའི་སྐུ་ཐོབ་ཤོ…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      ཐམས་ཅད་ཀྱི་ངོ་བོ་གྱུར་པ་དཔལ་ལྡན་བླ་མ་དམ་པའི་ཞལ་དུ་ཨོཾ་ཨཱཿཧཱུཾ། སྤྲོས་པ་ལ་དགའ་ན། ཁོས་བོས་བརྒྱུད་འདེབས་ལོགས་སུ་སྦྱར་བ་ལྟར། རྒྱུད་སྡེ་ལྔ་སོ་སོའི་བླ་མ་བརྒྱུད་པ་རྣམས་ལ་འབུལ་ལོ། །བསྡུ་ན། རྡོ་རྗེ་འཆང༌། བློ་གྲོས་རིན་ཆེན། འཕགས་པ་ཀླུ་སྒྲུབ། གྲུབ་པའི་དཔའ་བོ། ཤཱ་བཱ་རི། གུ་ཎ་ས་ཀ་ར་རྣམས་ཀྱི་ཞལ་དུ་མཆོད་པ་དམ་པ་འབུལ…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      སྣེའུ་སྟོན་པ་ཡོན་ཏན་ཚུལ་ཁྲིམས། བྲག་ནག་པ་རྡོ་རྗེ་ཚུལ་ཁྲིམས། བླ་མ་སྟེང་པ་བ་ཚུལ་ཁྲིམས་བསྟན་པ། བླ་མ་བསོད་ནམས་མཛེས། བླ་མ་ཡོན་ཏན་རྒྱལ་མཚན། རིན་པོ་ཆེ་བསྟན་པ་རྒྱས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། མཁས་གྲུབ་ཤངས་སྟོན་ཆོས་རྗེ། ཁྱུང་པོ་ཚུལ་ཁྲིམས་མགོན་པོ། བྱ་བྲལ་རི་ཁྲོད་རས་ཆེན། ཤངས་དཀར་པ་རིན་ཆེན་རྒྱལ་མཚན། མཉམ་མེད་སང…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      གོ་ར་དེ་མ། ཀ་ཨོ་ཏྲི་ཀོ །ཀ་ལ་ཀ་ཧི། པྲ་གྲྀ་སོ་པུ། ན་སི་མཱ་ཀུ་ཨོཾ་ཨཱཿཧཱུཾ། ཨོཾ་ཧཱུཾ་ཏྲཾ་ཧྲི་ཨ་ཨོཾ་ཨཱཿཧཱུཾ། ཡཀྵེ་མ་མེ་ད། ཛ་ས་དོ་རུ། ཡཙྪ་ནི་ར། ཎ་ཡ་ནི་ར་ཨོཾ་ཨཱཿཧཱུཾ། གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ་ཛཿཧཱུཾ་བཾ་ཧོཿཨོཾ་ཨཱཿཧཱུཾ། ཨོཾ་གུ་རུ་བུདྡྷ་བོདྷི་ས་ཏྭ་ས་པཱ་རི་ཝ་ར་ཨོཾ་ཨཱཿཧཱུཾ། ཨོཾ་ཀྵི་ཀྵི་ཏྲ་བིགྷྣན་བི་ནཱ་ཡ་ཀ་ཧཱུཾ་…
      JTN012 · ཏཱ་ར་ནཱ་ཐ།
      དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད།
      བསྟོད་པ་བསྡུས་པ་ལ་སྤྲོ་ན་མངོན་རྟོགས་བཞིན་བྱ། ལོང་ཡོད་ཅིང་ཤེས་ན་བཻ་རོ་ཙ་ན་རཀྵི་ཏས་ཕྱོགས་གཅིག་ཏུ་བསྡུས་པའི་རྒྱས་པ་འདི་ཉིད་བྱ་སྟེ། དེ་ཡང་འདི་ལྟར། ཧཱུཾ་ཁྱོད་ནི་རྣལ་འབྱོར་མ་སོགས་ཡོངས་སུ་བསྐོར། །ཉིད་ཀྱི་ཐུགས་ཀྱི་དགོངས་པ་ཡོངས་སུ་བསྒྲུབ། ཁྱོད་ནི་རྒྱུ་དང་མི་རྒྱུ་འཁོར་བ་ཀུན་སྒྲུབ་པ། །སྙིང་རྗེའི་ཐུགས་ཀྱི་སེམས་…