Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      10000 results — page 46 of 500
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      བ་ནི། །ཡོ་བྱད་རྣམ་པ་གསུམ་པོ་སྟེ། །འདོད་ཡོན་ལྔ་ལ་རང་རྒྱུད་ཞེན། །གང་མཐོང་མ་འཁྲུལ་དོན་ཤེས་པས། །གང་ཡང་མྱོང་བར་རིག་པར་ཤེས། །བདག་གཞན་གཞི་ལ་མ་གྲུབ་པས། །བདེ་བ་ལོངས་སྤྱོད་ཆོས་ཉིད་རྒྱན། །ཕྱི་ནི་ལོངས་སྤྱོད་ཆེ་བ་སྟེ། །བདག་གཞན་གཉིས་ཀྱི་ཟས་ནོར་ལ། །འདོད་ཡོན་ལྔ་ལ་ཆགས་ཤིང་ཞེན། །ཆགས་སྡང་དབང་གིས་འཁོར་བར་ལྟུང་། །དེ་མིན…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      ད་ཡང་འདུས་པའི་སྙིང་པོ་ཉོན། །ཆོས་ལ་བདག་མེད་བདེ་བ་དེ། །དབུ་མ་སེམས་ཙམ་བསྒོམ་པ་དེ། །སེམས་སྡུད་སྟོང་པ་རེས་འཇོག་བྱེད། །དེ་ཕྱིར་གོལ་མེད་ཆོས་ཉིད་མིན། །དེར་མི་གོལ་བའི་གདམས་ངག་ནི། །མི་སྡུད་མི་གཞིག་ཞེན་མེད་པས། །གཉིས་མེད་དུ་ནི་མི་བསྲེ་བར། །ཡུལ་སེམས་མེད་པའི་ཡེ་ཤེས་གསལ། །དེ་ཡིས་དེ་ཉིད་ལ་བཟླས་ན། །ཡུལ་མེད་རིག་པ་ཆོས…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      དུས་གསུམ་རྐྱེན་ཐུབ་ཉིད་ལས་མེད། །དེ་ཡང་འདུས་པའི་སྙིང་པོ་ཉོན། །ཐབས་ལམ་ཐབས་དང་གདེང་ཟིན་ཀུན། །བསྲུང་མ་ལྔ་ཡིས་བསྲུངས་པ་ལ། །རྣལ་འབྱོར་བློ་ལྡན་རྣམས་ཀྱིས་ཀྱང་། །ནམ་ཡང་སྤྱོད་པར་མ་གསུངས་སོ། །རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བདེ་བ་ཡེ་ཤེས་རྐྱེན་ཐུབ་པར་བསྟན་པའི་ལེའུ་སྟེ་བར…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      གཟུང་བ། །ཆགས་སྡང་རྣམས་ཀྱིས་ཡིན་པའི་ཕྱིར། །གོལ་ས་སྐྱོན་བཞི་དམ་པར་ཞེན། །མི་གཞིག་མི་བསམ་དྲན་པས་ཟིན། །གང་ལ་ཞེན་ཙམ་རིག་པས་གཟིར། །དེ་ཙམ་ཉིད་ན་གཞི་ལ་མེད། །དེ་ཚེ་སྡུག་བསྔལ་སྤྲུལ་པར་ཤེས། །རང་གིས་སྡུག་བསྔལ་འབྱུང་བ་ནི། །བྱམས་བྲལ་སྡང་ཕྲད་དོགས་པ་དང་། །ཡོད་སྐྱོང་མེད་ཚོལ་ཞེན་པ་ཀུན། །རང་རྒྱུད་སྐྱེ་བོར་གོལ་བར་གསུངས།…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      བཏང་སྙོམས་ནི། །ལྷག་མཐོང་གསལ་བར་བཀའ་སྩལ་པ། །བཏང་སྙོམས་རང་ཉིད་རྐྱེན་ཐུབ་གྲངས། །ལེ་ལོ་སྙོམས་པར་ལུང་མ་བསྟན། །བཏང་སྙོམས་ཤེས་རབ་མ་རིག་བསྒྲིབས། །ཤན་ཕྱེད་ངོས་ཟིན་ཡིད་ཆེས་པས། །རང་རིག་འབྲལ་མེད་ཉམས་དང་ལྡན། །མ་རིག་མེད་ཕྱིར་བཏང་སྙོམས་མེད། །ལྷག་མཐོང་འབྲས་བུ་བདེན་པར་མཐོང་། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །ཤེས་བཞིན་ཀུན…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      ལུང་ལྡན་ཡིད་ཆེས་པས། །གོལ་མེད་རྐྱེན་ཐུབ་འགྱུར་བ་མེད། །དེ་ཉིད་ལ་བཟླས་ངེས་པའི་དོན། །གདམས་ངག་ཤེས་པ་ཙམ་གྱིས་ཀྱང་། །ཡུལ་སེམས་འདས་པའི་ཆོས་སྐུ་འཆར། །རྐྱེན་གྱིས་མི་འགྱུར་ནམ་མཁའ་འདྲ། །རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སེམས་ཅན་བཏང་སྙོམས་ལྷག་མཐོང་རིག་པའི་ཡེ་ཤེས་སུ་རྐྱེན་ཐུ…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      ཡེ་ཤེས་ཀློང་དུ་རྐྱེན་རྣམས་ཐུབ། །དེ་ཉིད་སེམས་པར་ལ་བཟླས་ན། །ལྡོག་ཀ་སད་ཀའི་དུས་དག་ཏུ། །གང་རྨིས་རྗེས་ནི་མི་བཅད་པར། །ཡེ་ཤེས་རིག་པ་རང་གསལ་གྱིས། །ཆོས་སྐུ་དྲན་པའི་ངང་བཞག་ན། །ཞེན་ལོག་རྐྱེན་ཐུབ་ཡེ་ཤེས་ཀློང་། །ད་ཡང་འདུས་པའི་སྙིང་པོ་ཉོན། །དེ་དག་གདམས་ངག་མདོར་བསྡུས་ན། །རྣལ་འབྱོར་དམ་པ་གཉིད་སད་ཚེ། །གང་གི་རྟོགས་པ་མ་…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      ལ་མེད་ཤེས་པས། །ཞེ་སྡང་ཡུལ་མེད་རྐྱེན་ཐུབ་ཕྱིར། །མ་གི་ཏ་ལ་གང་རེག་འདྲ། །ད་ཡང་འདུས་པའི་སྙིང་པོ་ཉོན། །འདོད་ཆགས་ཀྱིས་ནི་སེམས་བསྡུས་པ། །ཞེན་པའི་དབང་གིས་ཡང་ཡང་གོལ། །གདེང་མེད་འཁོར་བ་བསྐྱེད་པའི་ཕྱིར། །གང་ལ་ཆགས་པས་ལྟུང་ཕྱིར་གོལ། །དེ་ཕྱིར་གོལ་བ་སེམས་པའི་དོན། །ལུང་ལྡན་ངེས་པའི་གདམས་ངག་གིས། །སྔ་ཕྱིར་མ་སོང་ཆོས་སྐུར…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      གྲོལ་རྐྱེན་ཐུབ་ཚེ། །སྒྲོ་སྐུར་གཉིས་ཀྱི་རྟོག་མེད་པས། །དུག་ལྔ་རང་གྲོལ་ཀུན་རྟོག་མེད། །དེ་ཕྱིར་ཆོས་སྐུའི་སྙིང་པོར་གསུངས། །རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། དུག་ལྔ་རང་གྲོལ་རྐྱེན་ཐུབ་པར་བསྟན་པའི་ལེའུ་སྟེ་བརྒྱ་དང་ང་བདུན་པའོ།། །།དེ་ནས་འདུས་པའི་ཚོགས་རྣམས་ལ། །ཀུན་རིག་སྟོ…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      ད་ཡང་འདུས་པའི་སྙིང་པོ་ཉོན། །རྣམ་ཤེས་རླུང་ཞོན་བར་དོ་ནི། །ཕྱི་ནང་རླུང་གི་བདེ་བསྒོམས་པས། །ཕོ་མོ་ལ་སོགས་འཕོ་བ་བདུན། །འོད་གསལ་ཡེ་ཤེས་སྐུར་འདོད་པ། །ཐབས་ལམ་ཡིན་ཕྱིར་བར་དོ་མིན། །རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྒྱུན་གྱི་སྲིད་པ་བར་དོ་བསྟན་པའི་ལེའུ་སྟེ་བརྒྱ་དང་ང་བརྒྱད་…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      ངེས་པའི་འབྲས་བུ་སངས་རྒྱས་ནི། །རྣམ་དག་ཆོས་སྐུ་རང་རིག་ཤེས། །དེ་ཙམ་ཉིད་ལ་སངས་རྒྱས་སུ། །ཀུན་བཟང་ཉིད་ཀྱིས་བཏགས་པ་ཡིན། །རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བར་དོ་སྐྱེ་བ་མེད་པ་བསྟན་པའི་ལེའུ་སྟེ་བརྒྱ་དང་ང་དགུ་པའོ། །སྡོམ་དུ་བསྡུས་ཏེ་བསྟན་པ་སོ་གཅིག་པའོ།། །།དེ་ནས་རྡོ་རྗེ་སེ…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      འདིར་ཤེས་པས། །ཆོས་ཉིད་རང་སར་མཐའ་དང་བྲལ། །དེ་ཕྱིར་རང་བཞིན་ཀུན་ཏུ་བཟང་། །ད་ཡང་འདུས་པའི་སྙིང་པོ་ཉོན། །དེ་དག་ཀུན་བཟང་དབྱེ་བ་ཡང་། །ཚིག་ལ་ཁྱད་ཡོད་དོན་ལ་མེད། །དེ་ཕྱིར་ཆོས་སྐུ་གཅིག་གི་ངང་། །ཐམས་ཅད་རང་བྱུང་ཀློང་དུ་འདུས། །རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཀུན་ཏུ་བཟང་པོ་བ…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      སྐྱོན་ཡོན་ཡེ་ནས་ཆེ་བ་ཡིན། །སྡུག་བསྔལ་འཁོར་བ་ངན་སོང་སྟེ། །དག་པར་ཡེ་ནས་རྟོགས་པ་ལ། །སྡུག་བསྔལ་ཉིད་ཀྱང་བདེ་བར་འཆར། །དེ་ཕྱིར་འཁོར་བ་ངན་སོང་ཆོས། །ད་ཡང་འཁོར་གྱི་སྙིང་པོ་ཉོན། །སངས་རྒྱས་སེམས་ཅན་རྩ་བ་གཅིག །མཐོ་རིས་ངན་སོང་གཞི་ལ་མེད། །དེ་ཕྱིར་ཡེ་ནས་རང་བྱུང་སྐུ། །མཐོ་རིས་ངན་སོང་ཆེ་བར་གསུངས། །ཐབས་ཀྱིས་སངས་རྒྱས་སེ…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      དེ་ནས་འདུས་པའི་འཁོར་རྣམས་ལ། །ཀུན་རིག་སྟོན་པ་ཆོས་རྗེ་ཡིས། །དབྱེར་མེད་མ་བཙལ་ཕྱི་དང་ནང་། །ཡེ་ཤེས་མ་རིག་བཟང་ངན་ལས། །བདེ་སྡུག་ཆེ་ཆུང་སྐྱེ་འཆི་དང་། །བླང་དོར་མེད་པ་མ་བཙལ་བ། །རང་གནས་ཆེན་པོར་ལ་བཟླའོ། །ད་ཡང་འདུས་པའི་སྙིང་པོ་ཉོན། །ཡེ་ནས་རྒྱུ་དང་འབྲས་བུ་ནི། །རིམ་པར་དབྱེར་མེད་རང་གནས་ཕྱིར། །སངས་རྒྱས་མ་ཚོལ་རང་ལ་གན…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      འདུས། །དེ་ཕྱིར་ཡེ་ཤེས་ཟང་ཐལ་ལ། །འདུ་འབྲལ་བ་ཡི་མིང་ཡང་མེད། །རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རང་གནས་ཆེན་པོར་ལ་བཟླ་བར་བསྟན་པའི་ལེའུ་སྟེ་བརྒྱ་དང་དྲུག་ཅུ་རྩ་གཉིས་པའོ། །སྡོམ་དུ་བསྡུས་ཏེ་བསྟན་པ་སོ་གཉིས་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་ཏུ་བཟང་པོར་དོན་ཞུས་པས། …
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      བྱུང་། །དེ་ཡི་གཉེན་པོ་གང་དགོས་མཁྱེན། །གང་ཡང་མཁྱེན་པས་སྤྲུལ་པའི་སྐུ། །ད་ཡང་འདུས་པའི་སྙིང་པོ་ཉོན། །བྱོལ་སོང་གནས་རིགས་དག་ན་ཡང་། །རྐང་གཉིས་དང་ནི་རྐང་བཞི་དང་། །རྐང་མང་དང་ནི་རྐང་མེད་ཚོགས། །གླེན་ལྐུགས་ཚེ་ཚད་སྡུག་བསྔལ་ནི། །ངེས་མེད་ངེས་ཅན་གྲངས་མེད་ཀྱང་། །དེ་ཡི་གཉེན་པོ་གང་དགོས་མཁྱེན། །གླིང་བཞི་བྱོལ་སོང་གླིང་བ…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      དང་། །རྣམ་ཤེས་མཐའ་དང་ནམ་མཁའ་ཡི། །ལྟ་ལོག་ཞེན་ཕྱིར་ཤིན་ཏུ་འཁྲུལ། །དེ་ལ་ངེས་མེད་གང་འབྱུང་བའི། །ཏིང་འཛིན་གོལ་བའི་ཉམས་དེ་ཡི། །དུས་གསུམ་ལས་ནི་མ་ལུས་དང་། །ལས་ཀྱི་འཁོར་བའི་རྣམ་སྨིན་དེ། །དེ་ཡི་གཉེན་པོ་གང་བསྒོམ་པ། །གཉེན་པོ་མེད་ན་ལྟུང་དུས་དང་། །ཚེ་ཚད་རིང་ཡང་ཐ་མ་ལྟུང་། །དེ་དུས་སྐུར་བཏབ་དམྱལ་བར་ལྟུང་། །དེ་དག་སྤྲ…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      འཁོར་དུ་བསྟན་པ་ཡང་། །དྲང་བའི་དོན་དུ་བསྟན་པ་ལས། །ངེས་དོན་ལོངས་སྤྱོད་རྫོགས་པ་ཡི། །མཁྱེན་ཚད་འཁོར་འདས་མ་ལུས་པ། །སྐུ་ཡི་སྒོ་ནས་འདུལ་མཛད་མཁྱེན། །ལྡེམ་དགོངས་བརྡ་ཡིས་ཆོས་རྣམས་སྟོན། །ས་བཅུའི་བྱང་ཆུབ་སེམས་དཔའ་ཡང་། །འགྲོ་བའི་དོན་དུ་སྤྲུལ་པ་ལས། །ས་ཟིན་བྱང་ཆུབ་སེམས་དཔའ་མེད། །དེ་ཡང་འདུས་པའི་སྙིང་པོ་ཉོན། །ལྷག་མཐོང…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      མེ་སྟོང་དག་ཀྱང་། །འོད་ཀྱི་ངོ་བོ་གཅིག་པ་བཞིན། །དུས་གསུམ་སངས་རྒྱས་སྟོང་ལ་སོགས། །དེ་དག་དགོངས་པ་ཆོས་སྐུར་གཅིག །གདུལ་བྱ་འཁོར་བ་ཐ་དད་ཀྱང་། །སྐུ་གསུང་ཐུགས་ལ་འཕེལ་འགྲིབ་མེད། །དེ་ཕྱིར་ལོངས་སྤྱོད་རྫོགས་པའི་ཚད། །རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ལོངས་སྤྱོད་རྫོགས་པའི་སྐུ་ཡ…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      རྡོ་རྗེ་སེམས་དཔའ་ཉོན། །སྐུ་གསུམ་ཐམས་ཅད་མཁྱེན་པ་ཡང་། །དྲང་བའི་དོན་དུ་ཕྱེ་བ་ལས། །དོན་ལ་དབྱེ་བ་རྡུལ་ཙམ་མེད། །མ་ལུས་མཁྱེན་པས་མཁྱེན་ཅེས་བྱ། །རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་ཀྱི་སྐུའི་ཐམས་ཅད་མཁྱེན་པའི་ཚད་བསྟན་པའི་ལེའུ་སྟེ་བརྒྱ་དང་རེ་ལྔ་པའོ། །སྡོམ་དུ་བསྡུས་ཏེ་བས…