Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      10000 results — page 1 of 500
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      རྒྱ་གར་སཾ་སྐྲི་ཏའི་སྐད་དུ། ཏི་ལ་ཀཱ་པྲ་པཉྩཱནྲ་པྲ་ཀ་ཊ་ཏནྟྲ་མ་ཧཱ་ནཱ་མ། བོད་སྐད་དུ། སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་འཆང་ཆེན་པོ་ཐམས་ཅད་མཁྱེན་པའི་སྐུ་གསུང་ཐུགས་ལ་ཕྱག་འཚལ་ལོ། །སུམ་ཅུ་རྩ་གསུམ་གྱི་གནས་བརྩེགས་པ་མེད་པའི་ཁང་བཟང་ཆེན་པོ་ན། ལྷ་ཡི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་ལྷ་རྣམས་ཀྱི་གཙོ་བོར…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      པར་དག་པ་པད་མ་བདེ་གསལ་ཞེས་བྱ་བ། ཡེ་ཤེས་ཀྱི་རྩལ་འོད་དུ་མ་འགགས་པར་ཤར་བ་ལས་རྒྱུ་གྲུབ་སྟེ་ཁ་དོག་ལྔ་ཡིས་རྒྱུ་བྱས། དབྱིབས་གྲུ་བཞིར་གྱུར་པ། རྩིགས་པ་རིན་པོ་ཆེ་ཁ་དོག་ལྔས་བྱས་པ། ཕོ་བྲང་ཟླུམ་པོ། འཁོར་ལོ་རྩིབས་བཞི་མུ་ཁྱུད་ཀྱིས་བསྐོར་བ། གྲུ་ཆད་དང་བཅས་པ། བར་ཁྱམས་ལྷ་མོ་དང་ལྡན་པ། སྒོ་བཞི་རྟ་བབས་དང་བཅས་པ། འདོད་ཡོན་གྱ…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      ལམ་ནི་གྲུབ་ཐག་རིང་། །ཉོན་མོངས་དུག་ལྔ་རྒྱུད་ལ་ཤིན་ཏུ་སྨིན། །ཡིད་སྨོན་ལྟ་བ་གོམས་ཀྱང་བློ་ཡི་ཆོས། །རང་རིག་ཇི་ལྟར་ཡིན་པའི་དོན་རྟོགས་ནས། །རྩལ་གཉིས་ཇི་ལྟར་འཆར་ཡང་རང་གྲོལ་བའི། །ཡུལ་གྱིས་གནོད་མི་ནུས་པའི་གདམས་ངག་ཏུ། །ཚིག་གི་སྒྲོན་མས་དོན་ཆེན་མཚོན་ནས་ནི། །ཚིག་དོན་འདྲེལ་བའི་གཏན་ལ་ཕེབས་ངེས་པའི། །བཀླགས་པས་ཤེས་ནས་ད…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      མཐའ་ལ། །སྐུ་གསུམ་རྩལ་དང་བཅས་པའི་མན་ངག་ཞུ། །ཞི་གནས་མུན་པས་ཡེ་ཤེས་འཐིབས་པ་ལ། །ཡེ་ཤེས་ལྷག་མཐོང་སྒྲོན་མེ་འདེགས་པར་ཞུ། །རྟག་པ་ཐེར་ཟུག་ནད་ཀྱིས་ཟིན་པ་ལས། །རང་བཞིན་སྟོང་པས་རྟག་པ་གཞིག་པར་ཞུ། །ཚིག་ཚོགས་ཐ་སྙད་བྱེད་སྙིང་འཛིན་པ་ལ། །རྩ་བ་རང་རིག་སྙིང་པོ་བསྟན་པར་ཞུ། །ཚིག་གི་སྒྲོན་མས་དོན་གྱི་དཔེར་མཚོན་ནས། །དེ་རྣམས་ར…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      མུན་པའི་སྨག་ཆེན་པོར་སོང་། ཉི་མ་ཤར་བ་ནི་མུན་པའི་སྐྱེ་མཆེད་དག་ནས་ཉི་མ་ནུབ་མི་སྲིད་དོ། །ཨཛྙཱ་ན་དྷརྨ་ཀཱ་ཡ། མུན་པའི་སྨག་ཆེན་པོ་དེ་བསལ་བའི་ཐབས་དེ་གང་གིས་བྱ་བ་དང་། མུན་པའི་སྨག་ཆེན་པོ་དེ་བསལ་ནས་ཉི་མ་ལ་ནུབ་པ་མེད་པའི་དགོངས་པ་བསྟན་པའོ། །དེ་ལ་གང་ཟག་གི་རྒྱུད་ལ་འཆར་ལུགས་ནི། དང་པོ་གཞི་དུས་བསྟན་པ་དང་། དེ་ནས་རྟོགས་ད…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      ངག་བྱེ་བྲག་མང་དུ་བསྟན་གྱིས་ལེགས་པར་ཡིད་ལཞོག །གྲོལ་དུས་ལོངས་སྐུས་གདུལ་བྱ་གཞན་གྱི་དོན་བྱས་ཏེ། །མཐའ་རུ་ཆོས་སྐུར་ཐིམ་དུས་བསྟན་པའོ། །ཐིམ་ལུགས་ཆོས་སྐུའི་ས་ན་གནས་ལུགས་འདི་ལྟར་ཡོད། །རང་གི་རིག་པ་གསལ་བར་མི་རྟོག་དང་། །ཐིམ་པ་ལ་ནི་མ་རྨུགས་དང་། །ཡོད་ལ་བདག་ཏུ་འཛིན་པ་མེད། །སོ་སོར་མ་འདྲེས་ཡོངས་སུ་འབྱེད་པ་མེད། །མཐའ་ར…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      འཁྲུལ་མེད་པའི་གོང་རོལ་ན། །རྒྱུ་རྐྱེན་གཉིས་ལས་འདས་པ་རང་བྱུང་སྟེ། །བདེ་གཤེགས་ཐུགས་རྗེ་དག་ལས་མ་བྱུང་དང་། །སེམས་ཅན་རྣམས་ཀྱི་ལས་ཀྱིས་མ་བསྐྱེད་དང་། །ཕྱི་རོལ་འབྱུང་བ་ལྔ་ཡིས་མ་བསྐྱེད་དང་། །ནང་གི་རྣམ་རྟོག་དག་ལས་མ་གྲུབ་དང་། །གང་ཟག་ལམ་པའི་བློ་ཡིས་མ་བཅོས་པའོ། །མིང་དང་མཚན་མ་གང་ཡང་བཏགས་པ་མེད། །ཤེས་མེད་རྟོག་མེད་མ་…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      གསལ་ཆའི་རྩལ་མ་ཤར། །ཤེས་པ་སྒོ་ལྔར་མ་དོན་ཉམས་མྱོང་མེད། །འགྱུ་བ་རང་སྣང་མ་བཅོས་རྣལ་མར་གནས། །གང་གི་རིག་པའི་རྩལ་ནི་སྔར་མ་འགྱུས། །བསམ་འཕེལ་རིན་པོ་ཆེ་ལས་དགོས་འདོད་འབྱུང་བ་བཞིན། །མན་ཤེལ་རྣམ་པར་དག་ལས་འོད་ལྔ་ལྷུན་གྲུབ་བཞིན། །ཏིལ་འབྲུ་ལ་སོགས་མར་ཁུ་ལྷུན་གྲུབ་བཞིན། །སྙིང་པོའི་གཞི་ལ་རྩལ་གཉིས་ལྷུན་གྱིས་གྲུབ། །རྟོགས…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      ཐམས་ཅད་ལས་འདས་པ། མ་བཅོས་པ་སྒྲོ་སྐུར་གྱི་མཐའ་ཐམས་ཅད་ལས་འདས་པ། མ་བསླད་པ་སྐྱོན་གྱི་མཐའ་རྣམ་པར་དག་པ། དང་པོ་རྒྱུ་མེད་པ། བར་དུ་རྐྱེན་མེད་པ། ཐ་མ་གཉེན་པོ་མེད་པས་མི་འགྱུར་བ། མ་རིག་པ་དང་ལོག་པར་ལྟ་བ་དང་། མ་དད་པ་དང་ལེ་ལོ་ལ་སོགས་པ་དྲི་མར་མ་གྱུར་པ་རྟག་ཆད་ཀྱི་མཐའ་དང་། ཡོད་མེད་ཀྱི་མཐའ་དང་། བེམ་རིག་དང་གཟུང་འཛིན་གྱི་…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      སྙོམས་པར་ཞུགས་སོ། །དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་ཆེན་པོ། །གཞི་ཡི་བྱེ་བྲག་གསུང་དུ་གསོལ། །ཞེས་ཞུས་པས། གཞིའི་ཏིང་ངེ་འཛིན་ལས་བཞེངས་ཏེ། བཀའ་སྩལ་པ། རིགས་ཀྱི་བུ་གཞིའི་ངོ་བོ་ནི་གཉིས་སུ་མེད་པའོ། །ངེས་ཚིག་ནི་ཐམས་ཅད་འབྱུང་བས་ན་གཞིའོ། །ཡང་ན་འཁོར་འདས་གཉིས་ཀྱི་རྟེན་དུ་གྱུར་པའོ། །མཚན་ཉིད…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། གཞིའི་བྱེ་བྲག་བཤད་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་མཚོན་པ་དཔེའི་དགོངས་པ་ལ་བཞུགས་སོ། །གསང་བའི་བདག་པོས་ཡང་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །དེ་བཞིན་མཚོན་དཔེ་གསུང་དུ་གསོལ། །ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག །ངས་གཞི་དང་གཞི་སྣང་ཆེན་པ…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      ཡང་ངོ་མ་ཤེས་པ་རྒྱལ་བུ་དམངས་སུ་འཁྱམས་པ་བཞིན་ནོ། །རྒྱུ་རྐྱེན་གང་གིས་མ་བྱས་པ་བར་སྣང་འདུས་མ་བྱས་པ་ལྟ་བུའོ། །རང་གི་ངོ་བོ་དུས་གསུམ་དུ་འགྱུར་པ་མེད་པས་གསེར་ལྟ་བུའོ། །མིང་གང་དུ་ཡང་མ་ཐོགས་པས་རྒྱུས་མེད་ཀྱི་ཡུལ་དུ་ཕྱིན་པ་ལྟ་བུའོ། །དགོས་འདོད་རང་ལ་ཡོད་ཀྱང་སྤྱད་པར་མ་ཕན་པ་གྱད་ཀྱི་ནོར་བུ་ལྟ་བུའོ། །གཞི་སྣང་ཆེན་པོའི་ད…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      གཞིའོ། །ངོ་བོ་གསལ་ལ་མི་འགག་པས་ཟང་ཐལ་ཏེ། སྒྲིབ་པ་མེད་པས་ཀུན་གཞི་མེ་ལོང་ལྟ་བུའོ། །ཡེ་ཤེས་ཡུལ་ཆོས་ཉིད་སྟོང་པ་དང་། རིག་པ་འདུས་མ་བྱས་སྟོང་པ་དང་། སྟོང་པ་དབྱེར་མེད་གསལ་བ་ཟང་ཐལ་གྱི་ངང་ན་སྐུ་གཉིས་ནང་གསལ་དུ་བཞུགས་ཤིང་འདུ་འབྲལ་མེད་དེ། དོན་དབྱེར་མི་ཕྱེད་པ་རྡོ་རྗེ་འཆང་ངོ་། །སྐུ་ལྔ་ངོ་བོ་ཉིད་དང་དྲུག །ཡེ་ཤེས་ལྔ་མི…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      གཞན་ཐམས་ཅད་ཐ་སྙད་ཡིན་ལ། ཡང་དག་པའི་དོན་དེ་ལྟར་གསལ་བས་ན། དང་པོའི་གནས་ལུགས་སོ། །རང་བྱུང་གི་ཡེ་ཤེས་ཡིན་པས་ན། དང་པོའི་སངས་རྒྱས་རྒྱུ་མེད་པ། སངས་རྒྱས་ཐོག་མཐའ་མེད་པའོ། །གཟིགས་སྣང་ལས་འདས་པའི་གསལ་བ་མི་འགག་པས་ཡེ་ཤེས་ཀྱི་མིག་གོ། །གཉིས་སུ་སྣང་བས་རྟག་ཆད་དང་ཡོད་མེད་ཆེ་ཆུང་མཐོ་དམན་དང་། ཡངས་དོག་གཟུང་འཛིན་དགག་བསྒྲུབ་…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      སྣང་བ་གཞན་ལས་འཕགས་པར་ཤེས་པར་བྱའོ། །རང་སྣང་ཟེར་ན་གཞན་མི་སྣང་སྟེ་གཟུང་འཛིན་དང་བྲལ་བའོ། །སྣང་བ་རྣམ་པར་དག་པ་ཟེར་ན། སྣང་བ་ལ་དུ་མ་མེད་པར་ཤེས་པར་བྱའོ། །ཆོས་ཉིད་ཟེར་ན་ཡུལ་འགྱུར་བ་མེད་པའོ། །དབྱིངས་ཟེར་ན་ཡུལ་སྤྲོས་པ་དང་བྲལ་བའོ། །ཀློང་ཟེར་ན་ཡངས་པ་ཆེན་པོ་ཆ་ཤས་དང་བྲལ་བའོ། །སྟོང་པ་འགྱུར་བ་མེད་པར་ཤེས་པར་བྱའོ། །ཡུལ…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      གི་འཛིན་པ་མ་ཞུགས་སྟེ། །གོང་གི་མིང་དང་བརྡའ་རུ་བཏགས་པ་མེད། །ཤེས་རིག་ཙམ་དུ་ཡོད་ཀྱང་དེར་མ་ཤེས། །ཐམས་ཅད་ལྷུན་གྱིས་གྲུབ་ཀྱང་འབྱུང་མ་ནུས། །གཞི་ཡི་ངོ་བོ་རང་བྱུང་སྟོང་གསལ་དག་ཏུ་ངེས་པ་ལ། །ངེས་པའི་ཤེས་པ་ཤར་དང་མ་ཤར་གཉིས་མ་ཕྱེ། །རྩལ་ནི་མ་ངེས་གང་འགྱུ་ངེས་པ་མེད། །དཔེར་ན་ནོར་བུ་རིན་ཆེན་ཡོན་ཏན་ལྷུན་གྲུབ་སྟེ། །བསོད་ན…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      བག་ཆགས་སྦུབས་ན་སྐུ་གསུམ་གནས་པ་ལ། །བླ་མའི་གདམས་ངག་རྐྱེན་གྱིས་རྟོགས་པར་བྱ། །རྟོགས་པ་གོམས་ནས་དག་པའི་སྣང་བ་འཆར། །ཟག་བཅས་ལུས་དང་བྲལ་ན་རིན་ཆེན་སྦུབས་འཆར་ཏེ། །ལོངས་སྐུའི་འགྲོ་དོན་བྱས་ནས་ཆོས་སྐུར་གསལ། །དེ་ལས་སྐུ་གསུམ་ལྷུན་གྱིས་འགྲུབ། །རྒྱས་པར་འོག་ནས་འབྱུང་བས་ཤེས་པར་གྱིས། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེ…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      རྣམ་གྲངས་དང་བཅས་པ་ནི་རིག་པ་དངོས་མེད་ཡེ་དག་ཟང་ཐལ་ཆེན་པོ་དེ་ལས། འཁོར་འདས་ཐམས་ཅད་སྣང་བས་ན་གཞི་གནས་ཀྱི་ཡེ་ཤེས་སོ། །དེ་སྟོང་པར་གནས་པས་ན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །སྟོང་བ་དེ་རིག་པ་འགག་པ་མེད་པར་འདུག་པས་མེ་ལོང་ཡེ་ཤེས་སོ། །སྟོང་པ་དེ་ཉིད་རིག་པ་ཡིན་ལ་རིག་པ་དེ་ཉིད་སྟོང་པ་ཡིན་ཏེ། སྟོང་རིག་དབྱེར་མི་ཕྱེད་པས་མཉ…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      པ། ངས་བསྟན་པ་ཡི་རྒྱུད་ལུང་དག་ནས། ཐམས་ཅད་འབྱུང་བར་སྨྲ་ན། གཞི་གནས་ཀྱི་ཡེ་ཤེས་ཡིན། དངོས་མེད་སྟོང་པར་བརྗོད་ན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། འགགས་པ་མེད་པར་བརྗོད་ན། མེ་ལོང་ལྟ་བུའི་ཡེ་ཤེས་ཡིན། གཉིས་སུ་མེད་པར་བརྗོད་ན། མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། མ་འདྲེས་ཡོངས་སུ་རྫོགས་པར་བརྗོད་ན། སོ་སོར་རྟོགས་པའི་ཡེ་ཤེས་ཡིན། ག…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      གྱིས་སྣང་མོད་ཀྱང་། །སྣང་བའི་དུས་ནས་གོས་པ་མེད། །གོས་པ་མེད་ཀྱང་དེ་ལྟར་སྣང་། །དེ་བཞིན་རིག་པ་ཆོས་སྐུ་ལ། །ཡོན་ཏན་མ་འགགས་སྣ་ཚོགས་ཤར། །ཤར་ཀྱང་རང་རིག་གཅིག་པུར་གསལ། །གཅིག་པུར་གནས་ལ་དུ་མ་མེད། །དུས་དང་གནས་སྐབས་ཐམས་ཅད་དུ། །དངོས་མེད་དག་པ་ཆེན་པོར་གནས། །སྒྲིབ་མེད་གསལ་བ་ཟང་ཐལ་གནས། །གཟུགས་སྐུ་གཉིས་ཀྱི་སྣང་བ་ཡང་། །རང…