Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      10000 results — page 3 of 500
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      བླངས་པས། །མཐོང་མ་མྱོང་བའི་ཡུལ་གཉིས་མཐོང་། །ཤེས་མ་མྱོང་བའི་གཏམ་ཅིག་ཤེས། །བརྗོད་མ་མྱོང་བའི་ཚིག་ཅིག་བརྗོད། །དེ་ཚེ་རྟོགས་པའི་ཤེས་རབ་སྐྱེས། །ཞེས་གསུངས་སོ། །ཡང་ཞུས་པ། རྟོགས་པའི་ཤེས་རབ་ཇི་ལྟར་སྐྱེས། །ཞུས་སོ། །ང་ཡི་ཆོས་སྐུ་དག་པ་ལས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤར། །ལོངས་སྐུ་མ་བསྐྱེད་ལྷུན་རྫོགས་པས། །རྣམ་པ་ཐམས་ཅད…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      ཀྱི་བུ་དེ་ལ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཞེས་ཀྱང་བྱའོ། །གཞི་ལ་གནས་པའི་སྐུ་གསུམ་ཞེས་ཀྱང་བྱའོ། །འབྲས་བུ་གཞི་ལ་གྲུབ་པ་ཞེས་ཀྱང་བྱའོ། །སྐུ་གསུམ་ཇ་ལོག་ཆེན་པོ་ཞེས་ཀྱང་བྱའོ། །འབྲས་བུའི་ངང་ལ་གནས་པ་ཞེས་ཀྱང་བྱའོ། །ལོངས་སྐུའི་ཆོས་སྐུ་ཆེན་པོ་ནི་རྣམ་པར་སྣང་མཛད་ཆེན་པོའོ། །ལོངས་སྐུའི་ལོངས་སྐུ་རིགས་བཞིའོ། །ལོངས་སྐ…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      དག་པ། འདུས་མ་བྱས་པའི་ཡེ་ཤེས་ཆེན་པོ། ནམ་མཁའི་ལྟ་བུའི་ཆོས་ཉིད། སྟོང་པ་རྡོ་རྗེའི་ཆོས་ཅན། རིག་པ་དངོས་མེད་ཡེ་དག་ཟང་ཐལ་ཆེན་པོའོ། །རང་བཞིན་ནི་གཞི་གནས་ཀྱི་ཡེ་ཤེས་ཆེན་པོ་ལ། མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ། མ་འགགས་པར་ངོ་བོ་ནང་ན་འོད་གསལ་བའོ། །ཐུགས་རྗེ་ནི་སྙིང་པོ་སྐུ་ལྔ། ཕྱག་རྒྱ་མི་འགག་པར་གསལ་བའོ། །རིགས་ཀྱི་བུ་ངོ་བོ…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      རྗེ་བྱེ་བྲག་མི་འདྲ་བར་མཁྱེན་པས་སེམས་དཔའ་སེམས་མར་སྤྲུལ་པའོ། །དེ་བཞིན་ཆོས་སྐུ་སྐུ་གསུམ་གྱི་བཞག་ལུགས་དང་སྤྲུལ་སྐུ་སྐུ་གསུམ་གྱི་བཞག་ལུགས་ཀྱང་ཤེས་པར་བྱའོ། །སྐུའི་ཆེ་བ་ཡོངས་སུ་རྫོགས་ཏེ་གདུལ་བྱ་འཁོར་སྨིན་པ་རྣམས་ལ་མངོན་པར་སྣང་བས། འབྲས་བུ་མངོན་པར་གསལ་བའི་དུས་ཤེས་པར་བྱའོ། །ཐུགས་ཀྱི་མཁྱེན་པས་ཡར་ཆོས་སྐུར་གསལ་ཞི…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      སྤྲུལ་སྐུར་སྟོན་པ་སྟེ། སྤྲུལ་སྐུས་འགྲོ་བ་ལ་འཆད་པའི་ཕྱིར་ན་སྟོན་པའོ། །རྟོགས་པའི་ཤེས་རབ་ཀྱིས་ལོག་པར་རྟོགས་པའི་བདུད་བཅོམ་སྟེ། མཁྱེན་པའི་སྟོབས་དང་ལྡན་ཞིང་། གཟུང་འཛིན་གྱི་མཐའ་ལས་འདས་པས་ན་བཅོམ་ལྡན་འདས་སོ། །དེ་ལྟར་མཁྱེན་པས་རྟོགས་པ་བདག་གི་དཔལ་ལོ། །ཀུན་གྱི་དོན་བྱེད་ཅིང་འཆད་པས་ན་ཐུགས་རྗེ་གཞན་གྱི་དཔལ་ལོ། །འགྲོ…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      ཆོ་འཕྲུལ་རྫུ་འཕྲུལ་ལྡན། །ཟུར་ཙམ་བསྡུས་ནས་བསྟན་པ་ཡིན། །ཡང་གསང་བའི་བདག་པོས་ཞུས་པ། སྐུ་གསུམ་འདས་ལུགས་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ཆོས་སྐུ་མཐའ་རྣམས་ཀུན་ལས་འདས། །ལོངས་སྐུ་གཟུང་འཛིན་འཁོར་བའི་ཆོས་ལས་འདས། །སྤྲུལ་སྐུ་ཤེས་རབ་ཆེན་པོ་ཐུགས་རྗེའི་ཐབས་ལྡན་པས། །འཁོར་འདས་གཉིས་ཀའི་མཐའ་ལ་མི་གནས་འདས། །འ…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      བསྐོར་ཏེ། ཐུགས་རྗེས་གཞན་བསྒྲལ་པའི་ཕྱིར། ལྡེམ་པོའི་དོན་ལ་དགོངས་ནས་ཐེག་པ་ཐུན་མོང་རྣམས་བཤད་དོ། །དེ་ནས་ཡང་མེ་རི་འབར་བའི་རྩེ་མོ་ལ་སངས་རྒྱས་ཀྱི་བདེན་པ་ངེས་པར་མཐོང་ནས། སྣང་བ་སྟོང་པའི་ཆོས་རྣམས་བཤད་དོ། །དེ་ནས་བྱ་རྒོད་ཕུང་པོའི་རི་ལ། རྒྱུད་ཆེན་པོ་གསང་བ་རྨད་དུ་བྱུང་བ་རྣམས་ཐུགས་ལས་བཀྲོལ། མགུར་གྱི་བུམ་པ་ལ་འདྲིལ། …
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      གཉིས་ཀྱི་མུར་འཛིན་པས། །རང་རིག་ཡེ་ཤེས་ལ་མ་ཟློས། །དེ་བས་ཕྱིན་ཅི་ལོག་པ་ཡིན། །དོན་ལས་ཉམས་དང་གོལ་བའི་ཕྱིར། །ཞེ་འདོད་བློ་ཡི་ལྟ་བ་ཡིན། །ཀྱེ་གསང་བའི་བདག་པོ་ཞེ་འདོད་ཆས་པའི་ལྟ་བ་བརྒྱད། གང་ཟག་བདག་མེད་རྟོགས་ཀྱང་ཆོས་ཀྱི་བདག་མ་སྤངས། །ཆོས་ཀྱི་བདག་ནི་གཟུང་འཛིན་གཉིས་སུ་སྣང་། །འཛིན་པའི་རྒྱུན་རྟོག་སྐད་ཅིག་འགགས། །རྟག་ཆ…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      དགུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །ཐེག་པ་བརྒྱད་དུ་དེ་ལྟར་གསུངས་པ་དེ། །དགོངས་པ་ཉམས་སུ་ཇི་ལྟར་ལེན། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཤིག །དམིགས་གཏད་བཅས་པའི་བསྒོམས་པ་བརྒྱད། །རྩོལ་བའི་བློ་ཡིས་ཡུལ་བཟུང་ནས། །ཉན་ཐོས་ཐེག་པས་འདི་ལྟར་བསྒོམ། །རང་…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      རང་དོན་ལ་བསྒོམ་དུས་སུ། །སྤྱོད་པའི་བྱེ་བྲག་ཇི་ལྟར་སྤྱད། །ཅེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། གསང་བའི་བདག་པོ་ལེགས་པར་ཟུང་ཞིག །ཐེག་བརྒྱད་རང་གི་སྤྱོད་པ་བསྟན། །སྡུག་བསྔལ་རྩོལ་བསྒྲུབ་བཅས་པ་སྤྱོད། །སྤྱོད་པ་བླང་དོར་མེད་པར་མ་རྟོགས་པས། །ཐུན་མོང་མ་ཡིན་བླང་དོར་སྤྱོད། །ཉན་ཐོས་སྤྱོད་པའི་ཁྱད་པར་ནི། །མ་བྱིན་ལེན་དང་མི་ཚ…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      ཐེག་པ་སོ་སོའི་འབྲས་བུ་ནི། །ལྟ་བ་མངོན་དུ་གྱུར་པ་འབྲས་བུའི་མཆོག །ཉན་ཐོས་དག་གི་འབྲས་བུ་ནི། །ལྟ་སྒོམ་སྤྱོད་པ་མཐར་ཕྱིན་པས། །འབྲས་བུ་ཟུང་བཞི་ཡ་བརྒྱད་སྨིན། །རང་རྒྱལ་དག་གི་འབྲས་བུ་ཡང་། །ལྟ་སྒོམ་སྤྱོད་པ་མཐར་ཕྱིན་པས། །དགོས་པ་འབྲས་བུ་རྣམ་གཉིས་ཐོབ། །དཔེར་ན་ནེ་ཙོ་བསེ་རུ་བཞིན། །བྱང་སེམས་དག་གི་འབྲས་བུ་ཡང་། །ལྟ་བསྒ…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      ཤེས་ལྔ་ཡི་དོན། །ངོ་བོ་གཅིག་ལ་མཚོན་ཚུལ་ཕྱེ། །དེ་དོན་གཅིག་ཏུ་དྲིལ་བ་ནི། །རང་རིག་ཆོས་ཀྱི་སྐུ་རུ་འདུས། །རང་རིག་རྟོགས་པར་བྱ་བའི་ཐབས། །དུས་གསུམ་སངས་རྒྱས་ཀུན་གྱིས་ཀྱང་། །བརྒྱད་ཁྲི་བཞི་སྟོང་ཆོས་བཤད་ཀྱང་། །ཅར་གྱིས་བསྟན་པའི་གདམས་ངག་མེད། །དེ་ཕྱིར་ལམ་དུ་ཞུགས་ཚད་ཀྱིས། །རང་གི་རིག་པ་ཆོས་ཀྱི་སྐུ། །རང་ལ་རང་ཆས་ཡོད་གྱ…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      གཏོང་ཕོད་མོས་གུས་བརྣགས་པ་ཆེ། །ལ་ཟློའི་ཆོས་དང་སློབ་དཔོན་དང་། །འདི་ཉིད་དོན་ལ་མོས་པ་ཆེ། །སེར་སྣའི་མདུད་ཁྲོལ་ལོངས་སྤྱོད་འབུལ། །ལོངས་སྤྱོད་མེད་ན་རང་ལུས་འབུལ། །མན་ངག་ཞུ་བའི་དོན་ཆེད་དུ། །བུ་དང་ཆུང་མ་ལ་སོགས་ཏེ། །སྲོག་ལ་བབ་ཀྱང་གཏོང་ནུས་ན། །ཡང་དག་སྐྱེ་མེད་ཅར་གྱིས་བསྟན། །དེ་སྐད་སྟོན་པས་གསུངས་པ་དང་། །གསང་བའི་བད…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      སྡེ་ཀློང་སྡེ་གསུམ། །སེམས་སྡེ་ལ་སོགས་བཞི་ཡིས་བཤད། །ཡུལ་ལ་སྤྲོས་གཅོད་བསྐྱེད་པ་ཡིན། །བསྡུས་པས་ལུས་སེམས་ཤན་མ་ཕྱེ། །དེ་ཡིས་དོན་ལ་སྤྲོས་གཅོད་པས། །སྡུད་པ་དག་ཏུ་བསྟན་པ་ཡིན། །ཅར་ཕོག་དག་གི་མན་ངག་ནི། །རིག་པ་དག་ལ་སྤྲོས་གཅོད་པས། །ཅར་བའི་མན་ངག་དག་ཏུ་བསྟན། །དེ་ཡིས་འཁྲུལ་པ་རྩད་གཅོད་མཁས། །གཞན་ལ་ལྟོས་ནས་ཟབ་འགྱུར་ཏེ། …
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      པར་བྱ། །འཁྲུལ་ནས་རགས་པའི་འབྱུང་བ་རྣམ་པ་ལྔ། །ཕྲ་བ་ཡེ་ཤེས་འོད་ཀྱི་ཁ་དོག་ལྔ། །ཆོས་ཉིད་སྟོང་པའི་ངང་དུ་ཤར་བ་སྟེ། །རྟོགས་པའི་དོན་ལྡན་རྣམས་ལ་ཆོས་ཉིད་ཡིན། །མ་རྟོགས་པ་ལ་འཁྲུལ་སྣང་ཡུལ་དུ་ཤར། །ཆོས་ཉིད་ངོ་ཡིས་བཟུང་ན་འདི་ལྟ་སྟེ། །ཆོས་ཉིད་སྟོང་པ་ཉིད་དང་ཆོས་ཉིད་ལ་འགགས་པ། །ཆོས་ཉིད་གཉིས་སུ་མེད་དང་ཆོས་ཉིད་དྲི་མ་མེད། …
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      སྤྱོད་པས་རགས། །དེ་ཡིས་གང་ལ་བསྒྲིབ་གྱུར་ན། །དབང་པོ་སྒོ་ལྔའི་དབྱེ་བར་བཅས་པ་ཡིས། །འབྱེད་པ་མེད་པའི་ཤེས་རབ་བསྒྲིབས། །དངོས་པོ་སྣ་ཚོགས་བདག་ཏུ་འཛིན་པ་ཡིས། །དགོངས་པ་འཛིན་མེད་ཉག་ཅིག་དོན་ལ་བསྒྲིབས། །སྒོ་ལྔ་སྐྱེ་འགག་བཅས་པ་དེས། །སྐྱེ་འགག་མེད་པའི་ཡེ་ཤེས་བསྒྲིབས། །ཕྲ་བ་ཡིད་གཉིས་དག་ཏུ་བསྟན་པ་དེས། །ཡུལ་གྱིས་ཕྲ་སྟེ་ད…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      ཤན་དབྱེ་བ་དང་། །སྐྱོན་གྱི་དྲི་མ་བསལ་བ་དང་། །འབྱུང་བའི་དྲི་མ་ཕྲ་རགས་གསུམ་བྲལ་བ། །ཆོས་ཉིད་དག་གསལ་མེ་ལོང་གི་དཀྱིལ་འཁོར་གཡའ་ཕྱིས་པ་ལྟ་བུ་ལ། རིག་པ་སེམས་ཀྱི་དྲི་མ་ཕྲ་རགས་གསུམ་དང་བྲལ་བ་ཡི། རང་གསལ་འཛིན་མེད་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་ནི། ཆོས་ཉིད་ངང་དུ་ཤར་བ་དེ། །ཡེ་ཤེས་དབྱིངས་ལས་ཤར་བ་ཡིས། །མཐའ་རྣམས་རྣམ་པ…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      ཆོས་ཀྱི་སྐུ་ལ་བསྒྲིབས། །དྲི་མ་ཕྲ་རགས་དེ་རྣམས་ཀྱིས། །ཆོས་ཀྱི་དབྱིངས་ལ་བསྒྲིབས་པས་ན། །ཆོས་སྐུ་ངོ་མ་ཤེས་པས་ལྷན་སྐྱེས་མ་རིག་བྱུང་། །རྒྱུ་རྐྱེན་གཉིས་ཀྱིས་རྣམ་རྟོག་རགས་པ་བརྟས། །དེ་ཡི་སྐྱོན་གྱིས་སྐུ་གསུམ་དོན་མ་གསལ། །ཆོས་ཉིད་དོན་ཀྱང་མ་གསལ་རགས་པར་བརྟས། །ཕྱི་ཡི་ཡུལ་ཉིད་འཁྲུལ་པ་དང་། །མ་འཁྲུལ་པ་ཡི་བྱེ་བྲག་དེ་ལྟ…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      མཚན་གདན་ཁྲི་ལ་སོགས་པ། །སྣང་ཡང་ཡང་དག་དོན་དུ་གྲུབ་པ་མེད། །ཆོས་སྐུའི་ཡོན་ཏན་ཙམ་དུ་སྣང་བ་ཡིན། །རྩལ་དང་མདངས་སུ་མ་འགགས་ཆ་ཙམ་ཤར་བ་ཡིན། །མཁྱེན་པའི་ཤེས་རབ་ཙམ་ལས་གསལ་པ་ཡིན། །ལོངས་སྐུའི་སྐྱོན་གྱི་མཐའ་བསལ་བ། །དྲི་མ་རགས་པའི་ཕུང་པོ་རྣམ་པ་ལྔས། །ལོངས་སྐུ་རིགས་ལྔ་དག་ལ་བསྒྲིབས་པ་ཡིན། །དྲིལ་བས་ལོངས་སྐུ་རྣམ་སྣང་དེ་ལ་བས…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      དང་ཐུགས་ལས་བྱུང་བའི་ཆ་ནས་སྤྲུལ་སྐུའོ། །ཆོས་སྐུ་ངོ་འཕྲོད་དུས་ན་སྐུ་གསུམ་ངོ་འཕྲོད་པའོ། །ཅིའི་ཕྱིར་ཞེ་ན་སྐུ་གསུམ་ལྷུན་གྲུབ་ཕྱིར། །སྐུ་གསུམ་མ་རྟོགས་ལུས་ངག་ཡིད་གསུམ་སྟེ། །རྟོགས་པའི་དུས་ན་སྐུ་གསུམ་དུས་གཅིག་འཆར། །ཆོས་ཀྱི་སྐུ་ལ་གསུམ་ག་དུས་གཅིག་རྫོགས། །ཅི་ཡི་ཕྱིར་ན་ལྷུན་གྱིས་གྲུབ་པའི་ཕྱིར། །སྐྱོན་བསལ་ངོས་བཟུ…