Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 426 of 500
DNG013
· རྩོམ་མཁན།
གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
བྱང་སྔོ་སངས་བྱང་ཤར་སེར། །དཀར་དང་སེར་བའི་ཞལ་དང་ནི། །སེར་དང་དམར་དང་དམར་དང་ལྗང་། །དམར་དང་དཀར་བའི་ཞལ་གསུམ་པ། །དང་པོ་ཐོད་པ་ཁ་ཊྭཱཾ་ག །བར་པ་གྲི་གུག་ཅང་ཏེའུ་དང་། །ཐ་མ་རྡོ་རྗེ་ལྕགས་ཀྱུ་ཡང་མདུང་ངོ་། །ཤར་སྒོར་བཾ་ལས་དམ་ཚིག་གམ། །སྔོ་དང་དཀར་དང་དམར་བའི་ཞལ། །ཕྱག་ན་ལྕགས་ཀྱུ་ཅང་ཏེའུ་དང་། །བར་མ་ཐོད་པ་ཁ་ཊྭཱཾ་ག །ཐ་མ་མགོ…
DNG013
· རྩོམ་མཁན།
གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
གཉིས་པ་ཕྱི་ཡི་སྟོང་པ་ཉིད། །གསུམ་པ་ཕྱི་ནང་སྟོང་པ་ཉིད། །བཞི་པ་སྟོང་ཉིད་སྟོང་པ་ཉིད། །ལྔ་པ་ཆེན་པོ་སྟོང་པ་ཉིད། །དྲུག་པ་དོན་དམ་སྟོང་པ་ཉིད། །བདུན་པ་འདུས་བྱས་སྟོང་པ་ཉིད། །བརྒྱད་པ་འདུས་མ་བྱས་སྟོང་པ་ཉིད། །དགུ་པ་མཐའ་ལས་འདས་པ་སྟོང་པ་ཉིད། །བཅུ་པ་ཐོག་མ་ཐ་མ་མེད། །བཅུ་གཅིག་དོར་བ་མེད་པས་སྟོང་། །བཅུ་གཉིས་རང་བཞིན་སྟོང…
DNG013
· རྩོམ་མཁན།
གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
མགོ་བོ་དང་ནི་གྲི་གུག་རྣམས། །སྦྱིན་པ་ཚུལ་ཁྲིམས་བརྩོན་འགྲུས་དང་། །བཟོད་པ་བསམ་གཏན་ཤེས་རབ་ཡིན། །ཟླ་བའི་དཀྱིལ་འཁོར་ཡི་དྭགས་གདན། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། །སོར་བཞག་བྱས་ཤེས་རབ་སྟོང་པ་ཉིད་དང་ནི། །ཐབས་ནི་སྙིང་རྗེ་ཆེན་པོ་ཉིད། །ཡུམ་ནི་སྐུ་ལ་རྣམ་པར་འཁྲིལ། །དམར་མོ་ཐོད་པ་ཁ་ཊྭཱཾ་ག །ཡེ་ཤེས་སྤྱན་དྲང་བསྡིམ་…
DNG013
· རྩོམ་མཁན།
གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
སྔགས་ལམ་གྱི་སྟེགས་བྱེད་པ། །ཕུལ་དང་དྲེ་དང་ཁལ་ལྟར་ནི། །ལྟ་བ་མ་ནོར་མ་བླངས་པས། །ཐམས་ཅད་སྔགས་ཀྱི་ལམ་སྟེགས་འགྲོ། །དེ་ཕྱིར་གསང་སྔགས་མཆོག་གི་ལམ། །ཁྱད་པར་འཕགས་པ་ཤེས་པར་བྱ། །ལྟ་བའི་གོལ་སྒྲིབ་གཅོད་པའི་ཕྱིར། །ཐེག་ཀུན་སྔགས་ཀྱི་ཆ་རྐྱེན་ཡིན། །ཆ་ཡོད་ངོ་ཤེས་ཟས་ཀྱི་དུག །དུག་ཡོད་སྤོངས་ལ་དུག་མེད་ཟ། །ལྟ་ངན་དྲི་མ་སྤངས་བྱ…
DNG013
· རྩོམ་མཁན།
གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
འཆིང་བའི་ལས་སྤྱད་པས། །སྐུ་བཞི་འཐོབ་པ་ཐབས་ཀྱི་ལམ། །དབང་པོ་དམན་པས་སྔགས་བསྒྲུབ་ཕྱིར། །རྒྱལ་བ་རྣམས་ཀྱིས་གསུངས་པ་ཡིན། །ཕྱི་རབས་སྔགས་འཆང་རྣལ་འབྱོར་པས། །ཉམས་སུ་བླངས་ན་སངས་རྒྱས་འགྲུབ། །རང་ལུས་གསང་སྔགས་རྒྱུད་དེ་རྟོགས། །ཤེས་རབ་ལམ་ནི་བལྟ་བ་རྟོགས། །རང་བཞིན་དཀྱིལ་འཁོར་འཇུག་པ་ཡིན། །དེ་ཕྱིར་ཐོས་བསམ་བསྒོམ་གསུམ་གྱིས…
DNG013
· རྩོམ་མཁན།
གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
ལམ། །གསང་སྔགས་རྒྱུད་བཞིན་རྟོགས་པར་བྱ། །དེ་སྐད་སྟོན་པ་རིགས་ལྔས་གསུངས། །དད་ལྡན་བརྩོན་འགྲུས་རབ་འབད་ན། །ཀུན་བཟང་རྡོ་རྗེ་སེམས་དཔའ་འཐོབ། །ཅེས་གསུངས་སོ། །གླང་པོ་རབ་འབོག་གི་རྒྱུད་ལས། གསང་སྔགས་ཀྱི་ལམ་གྱི་རྩ་བ་མ་ནོར་བར་གཏན་ལ་ཕབ་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་རྡོ་རྗེ་འཆང་ཆེན་པོས་ལམ་གྱི་ཆ་རྐྱེན་ཡོངས་ས…
DNG013
· རྩོམ་མཁན།
གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
པའི་རྫས། །ཏིང་འཛིན་ཡིད་ཀྱིས་དམིགས་པའི་རྫས། །རིམ་པས་གང་གཙོ་ཤེས་པས་བསྒྲུབ། །མྱ་ངན་འདས་པ་མཆོད་བྱེད་ན། །འཁོར་བ་མཆོད་པའི་རྫས་ཡིན་པས། །ཟག་བཅས་ཡོ་བྱད་སྔགས་རྒྱས་མཆོད། །ཟག་མེད་བལྟ་བའི་ཏིང་འཛིན་མཆོག །གསང་སྔགས་བཟླས་ཤིང་ཕྱག་རྒྱ་བཅའ། །སྔགས་ཀྱི་སྐྱོན་སྤང་སྒྲ་བརྟེན་བཟླས། །ཡིད་སྐྱོབ་རྡོ་རྗེའི་བཟླས་པས་འགྲོ། །ཕྱག་རྒྱ…
DNG013
· རྩོམ་མཁན།
གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
ཐར་ཆགས་པ་ཡི་ལམ་བསྒོམ་པ། །ཚོགས་ཀྱི་ལམ་ལ་རྣལ་འབྱོར་བཞི། །སྦྱོར་བའི་ལམ་ལ་བསྙེན་བསྒྲུབ་བཞི། །མཐོང་ལམ་རྣམ་སྨིན་ཚེ་དབང་དང་། །བསྒོམ་ལམ་ཕྱག་རྒྱའི་རྣལ་འབྱོར་དང་། །མཐར་ཕྱིན་ལྷུན་གྲུབ་རིག་འཛིན་ཡིན། །སྟོང་པ་ཆེན་པོའི་རྣལ་འབྱོར་ནི། །རྣམ་པ་ཀུན་ལྡན་སྟོང་པ་སྟེ། །དཔེ་ནི་ཡིད་བཞིན་ནོར་བུ་འདྲ། །སྙིང་རྗེ་ཆེན་པོའི་རྣལ་འབྱ…
DNG013
· རྩོམ་མཁན།
གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
དེ་བཞིན་ཉིད་དང་ཀུན་ཏུ་སྣང་། །བདེན་པ་ཕྱོགས་རེ་བསྒོམས་པས་ན། །ཐོད་རྒལ་བ་ལ་འོང་ས་མེད། །ཚོགས་བསྒྲུབ་རྣམ་སྨིན་རིག་འཛིན་དང་། །ལྷུན་གྱིས་གྲུབ་ལ་ཐོད་རྒལ་མེད། །འབྱུང་ལུགས་ངེས་པ་མེད་པ་སྟེ། །བར་དུ་ས་ལམ་ངེས་མེད་འདོར། །ཐོད་རྒལ་འབྱུང་བར་འགྱུར་བ་ནི། །ལྟ་བ་གཉིས་མེད་ཁ་ལོང་དང་། །རྟོགས་པ་བཙན་ཐབས་སྐྱེས་པ་དང་། །ལམ་ལ་དོར་…
DNG013
· རྩོམ་མཁན།
གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
གྱི་རིམ་པ་ལྟ་བས་བསྟན་པ་སྟེ་ལེའུ་ཉི་ཤུ་རྩ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསང་བའི་ལམ་ཡོངས་སུ་རྫོགས་པ་འདི་གསུངས་སོ། །ཆོས་དབྱིངས་འགྱུར་བ་མེད་པས་ན། །དེ་བཞིན་ཉིད་དུ་བསྒོམ་པར་བྱ། །དོན་དམ་ལྡན་པ་སྤྲོས་དང་བྲལ། །མྱ་ངན་འདས་པའི་དགོངས་པ་བསྒོམ། །ཆོས་སྐུ་དྲི་མ་མེད་པས་ན། །འབྲས་བུ་བསམ་རྫོགས་བྲལ་བར་…
DNG013
· རྩོམ་མཁན།
གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
དཀྱིལ་འཁོར་འཕྲོ། །ཞི་བ་ཡམ་ཡུམ་གཉིས་བསྒོམས་ལ། །ཁུ་བ་ལས་ནི་འཁོར་རྣམས་འབྱུང་། །སྒེག་མོ་ཕྲེང་བ་གླུ་གར་བཞི། །ལྷ་ལྔའི་ཚོམ་བུ་བསྒོམ་པར་བྱ། །ཁྲོ་བོ་ཡབ་ཡུམ་བསྒོམས་བྱས་ནས། །ལན་ཅིག་སྦྱོར་བས་འཁོར་བརྒྱད་འབྱུང་། །ཕྱོགས་མཚམས་མཁའ་འགྲོས་བསྐོར་བྱས་པའི། །ལྷ་དགུའི་ཚོམ་བུ་བསྒོམ་པར་བྱ། །ཞལ་བརྒྱད་བཅུ་དྲུག་ཕྱག་ལྡན་པ། །ལྷ་ག…
DNG013
· རྩོམ་མཁན།
གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
དྲི་ནི་རིན་ཆེན་འབྱུང་ལྡན་ལ། །རོ་ནི་སྣང་བ་མཐའ་ཡས་ཉིད། །སྒྲ་ནི་དོན་ཡོད་གྲུབ་པ་སྟེ། །རེག་ནི་རྡོ་རྗེ་སེམས་དཔར་མཆོད། །གཉིས་པ་ཉེ་བར་བསྙེན་པ་ཡང་། །ཧཱུཾ་ཞེས་བྱ་བའི་ཡི་གེ་ལ། །བྱོལ་སོང་རྣམ་སྣང་མཛད་ལ་འདུས། །ཡི་དྭགས་རིན་འབྱུང་སྐུ་ལ་འདུས། །མི་ནི་སྣང་བ་མཐའ་ཡས་འདུས། །ལྷ་དང་ལྷ་མིན་དོན་གྲུབ་ཉིད། །དམྱལ་བ་རྡོ་རྗེ་སེམས…
DNG013
· རྩོམ་མཁན།
གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
སྲིད་པ་གསུམ་པོ་བཅིངས་གྱུར་པ། །ཏིལ་གྱི་སྒྲོན་མེས་མུན་སེལ་བ། །རྒྱ་སྐྱེགས་མེ་ཏོག་འདྲ་བ་ཡི། །སྙིང་རྗེ་ཆགས་པ་ཆེན་པོ་ཡིས། །འགྲོ་བ་རྣམས་ཀྱིས་དོན་མཛད་པ། །ལྷ་ནི་ཨ་དཀར་སྲོག་ཏུ་འདུས། །ལྷ་མ་ཡིན་གྱི་སུ་སེར་པོ། །མི་ཡི་ནྲྀ་ཡིག་སྔོན་པོ་དང་། །བྱོལ་སོང་དུ་ནི་དུད་ཀ་དང་། །ཡི་དྭགས་དྲེ་དམར་གནས་པ་དང་། །དམྱལ་བའི་ཡི་གེ་ཏྲི་…
DNG013
· རྩོམ་མཁན།
གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
པའི་གཏེར་དུ་འགྱུར། །ཀུན་གྱི་བདེ་བ་སྤྱད་པས་ན། །ལོངས་སྤྱོད་རྫོགས་པའི་སྐུ་རུ་བཞུགས། །དབང་བསྒྱུར་ལོངས་སྤྱོད་ཙམ་ཉིད་ན། །སེམས་ཅན་ལྟ་བུར་ཆགས་ཞེན་མེད། །ཡེ་ཤེས་ལྔ་ཡི་རང་བཞིན་དུ། །མ་ཆགས་མ་གོས་རྟོགས་པ་ནི། །ཐམས་ཅད་དབྱེར་མེད་མཉམ་པའི་སྐུ། །མངོན་པར་བྱང་ཆུབ་སྐུ་རུ་བཞུགས། །མ་གཡོས་བཞིན་དུ་འགྲོ་རྣམས་ལ། །སྤྲུལ་པ་སྣ་ཚོག…
DNG013
· རྩོམ་མཁན།
གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
ལས་འདས། །གདུལ་བྱ་རྣམས་ལ་ཐ་དད་སྣང་། །སྣ་ཚོགས་སྒྲ་རྣམས་གསལ་བར་འབྱུང་། །གཅིག་ཏུ་འདོད་ལ་གཅིག་ཏུ་སྣང་། །ཐ་དད་འདོད་གྱུར་སྣ་ཚོགས་སྣང་། །སངས་རྒྱས་གསུང་གཅིག་བསྒྲགས་པ་ལ། །གདུལ་བྱ་སོ་སོར་སྣ་ཚོགས་གོ། །ཆོས་སྐུ་རྣམ་པར་མི་རྟོག་ཐུགས། །ཡེ་ཤེས་ཀྱི་ནི་ཆོས་རྣམས་ཀུན། །མཐའ་ཡོད་མཐའ་མེད་རྟག་ཆད་དང་། །གཟུང་འཛིན་རྣམ་པར་མི་རྟོ…
DNG013
· རྩོམ་མཁན།
གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
རྟགས་ཀྱི་རྒྱན་ནི་མཚན་དཔེ་ལྡན། །ཁྲིམས་རྒྱན་སྟོད་གཡོགས་སྨད་དཀྲིས་དང་། །རང་བཞིན་ཆོས་རྣམས་མ་སྤངས་རྒྱན། །ལས་རྒྱན་ཁུ་བུ་ཁུ་བ་ཡང་ཡེ་ཤེས་སྐུ། །འོད་ཟེར་རྣམ་པ་སྣང་བ་ནི། །འོད་གསལ་སྒྲིབ་པ་མེད་པར་གསལ། །ཡེ་ཤེས་འོད་ཟེར་ཀུན་ཁྱབ་དོན། །རྟགས་འོད་རང་རང་ཁ་དོག་དྲུག །འགྲོ་འདུལ་དབུ་དང་ཕྱག་ཞབས་འབྱུང་། །རང་བཞིན་འོད་རིགས་ཐམས་…
DNG013
· རྩོམ་མཁན།
གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
སྐུ་ཡི་ཕྲིན་ལས་ལྔ། །བྱམས་པ་ཞི་བ་སྙིང་རྗེ་རྒྱས། །དགའ་བ་དབང་སྟེ་བཏང་སྙོམས་དྲག །ལྷུན་གྲུབ་བསྡུ་བའི་དངོས་པོ་བཞི། །ཕན་འདོགས་པ་ཡི་ལས་ལྔ་ཡིན། །རྡོ་རྗེ་སྐུ་ཡི་ཕྲིན་ལས་ལྔ། །ཞི་བ་སྟོང་པ་རྒྱས་པ་གནས། །དབང་ནི་ཆགས་པ་དྲག་པོས་འཇིག །ལྷུན་གྲུབ་རིག་པ་རང་སྣང་བ། །འཇིག་ཆགས་སྟོངས་གནས་བསྐལ་པ་ལྔ། །སྐུ་ལྔ་ཕྲིན་ལས་མིང་ཙམ་མཐུན…
DNG013
· རྩོམ་མཁན།
གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
ཞིང་ཁམས་ཐ་དད་དོན་བྱེད་སྤྲུལ། །རྣལ་འབྱོར་སྐུ་གསུམ་ཆོས་སྐུ་ནི། །དབྱིངས་དག་སྟུག་པོ་བཀོད་པའི་ས། །ལོངས་སྐུ་རྡོར་དབྱིངས་རྣམ་སྣང་ཡུམ། །ཐ་དད་ཞིང་ཁམས་དོན་མཛད་སྤྲུལ། །རྣལ་འབྱོར་ཆེན་པོའི་སྐུ་གསུམ་ནི། །ཆོས་སྐུ་རང་བྱུང་འོད་གསལ་ཉིད། །ལོངས་སྐུ་རྒྱལ་དྲུག་ཡུམ་དང་འཁྲིལ། །སྤྲུལ་སྐུ་ཞི་ཁྲོ་ཐུབ་པ་དྲུག །རྗེས་སུ་རྣལ་འབྱོར…
DNG013
· རྩོམ་མཁན།
གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
ཤེས་རྟོག་གེའི་སྤྱོད་ཡུལ་འཁྲུལ། །དོན་ལ་བརྡའ་ཤེད་མ་བྱེ་བའི། །བློ་དམན་བྱིས་པའི་ཆོས་རྣམས་ལ། །ཡང་དག་ལྟ་བ་གང་ལ་ཡོད། །དོན་རྣམས་མ་ནོར་རྟོགས་པ་ནི། །སེམས་བསྐྱེད་ལམ་དང་ལྡན་པ་ཡིན། །དགེ་བའི་ཆོས་ལ་ཞུགས་པ་ཡིན། །བལྟ་དགོངས་དོན་འཇུག་སྐལ་ལྡན་ཡིན། །དོན་རྟོགས་སྟོན་པའི་སློབ་དཔོན་ནི། །སྟོན་པ་རྡོ་རྗེ་འཆང་ཆེན་ཡིན། །སློབ་མས་…
DNG013
· རྩོམ་མཁན།
གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
བྱེད། །སྐུ་ལྔ་དགོངས་པ་བསྟན་པ་ཡིས། །དངོས་ལྔས་གཏན་ཚིགས་གཞི་ཤེས་བྱེད། །རིགས་འཛིན་ཆོས་ཀྱི་བྱུང་ཚུལ་གྱིས། །ཚུལ་ལྔའི་སྣང་བ་འབྱུང་བར་འགྱུར། །སྐུ་ལྔའི་ཚིག་ལ་རྟོགས་པ་ཡིས། །དཔྱད་དུ་ཡོད་མེད་ཤེས་པར་བྱེད། །གཏན་ཚིགས་གྲངས་དྲུག་ཕྱེ་བ་ཡིས། །ཆོས་རྣམས་གཏན་ལ་ཕེབས་པར་འགྱུར། །རྒྱུ་རྐྱེན་འབྲས་བུ་བསྟན་པ་ཡིས། །ཤེས་འཇུག་མཐར་…