Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 444 of 500
DNG014
· རྩོམ་མཁན།
མཁའ་འགྲོའི་གསང་རྒྱུད་བཀའི་ལྡེ་མིག་ཅེས་བྱ་བ།
དང་ལྡན་པས་ཤེས་པར་བྱ། །གཞན་ཡང་གསུང་ལས་རབ་གྲགས་པ། །བསྟོད་དང་གནད་ནས་བསྐུལ་བའི་ལས། །སོ་སོར་རྫས་དང་བཅས་པས་ཀྱང་། །གང་ལ་གང་རིགས་ཤེས་པར་བྱ། །མཁའ་འགྲོ་གསང་རྒྱུད་བཀའི་ལྡེ་མིག་ལས། བཟླས་པ་སྔགས་ཀྱི་རིམ་པ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།བཅོམ་ལྡན་འདས་མས་བཀའ་སྩལ་པ། །ཐུགས་ལས་སྤྲུལ་པའི་མཁའ་འགྲོ་ཉོན། །ཡང་དག་དོན་གྱི་གནས…
DNG014
· རྩོམ་མཁན།
མཁའ་འགྲོའི་གསང་རྒྱུད་བཀའི་ལྡེ་མིག་ཅེས་བྱ་བ།
གཡོ་བ་མེད་པའི་གནད་ལ་གཟིར། །ལུས་ངག་ཡིད་གསུམ་གཏན་ཐུབ་པས། །ཡེ་ཤེས་བྱིན་ཆེན་ཕེབ་པ་དང་། །རྟགས་དང་ཆོ་འཕྲུལ་སྣ་ཚོགས་འབྱུང་། །དེ་ནས་སྒྲུབ་པའི་ལས་ལ་འཇུག །གཟའ་སྐར་དུས་ཚོད་ཤིས་པ་ལ། །ཡིད་འོང་གནས་སུ་དཀྱིལ་འཁོར་བྲི། །ཕྱི་ནང་གསང་སོགས་རྫས་རྣམས་དང་། །མཆོད་གཏོར་ཐུགས་དམ་སྐོང་རྫས་རྣམས། །བཀོད་པ་ཕུན་སུམ་ཚོགས་པར་བཤམ། །མཚམ…
DNG014
· རྩོམ་མཁན།
མཁའ་འགྲོའི་གསང་རྒྱུད་བཀའི་ལྡེ་མིག་ཅེས་བྱ་བ།
བདག་ཉིད་པདྨ་མཁའ་འགྲོ་ཡི། །ང་རྒྱལ་ལྡན་པས་སྣ་ཚོགས་བརྩམ། །དྲག་པོ་མངོན་སྤྱོད་ལས་རྣམས་ཀྱང་། །བདག་ཉིད་ལས་ཀྱི་མཁའ་འགྲོ་ཡི། །ང་རྒྱལ་ལྡན་པས་སྣ་ཚོགས་བརྩམ། །དེ་ལས་གཞན་པའི་སྣ་ཚོགས་ཀྱང་། །བདག་ཉིད་སངས་རྒྱས་མཁའ་འགྲོ་ཡི། །ང་རྒྱལ་ལྡན་པས་བརྩམ་པར་བྱ། །གཞན་ཕན་བསམ་པའི་ལས་སྦྱོར་གྱི། །བརྩམ་པ་མཐར་ཕྱིན་རང་དོན་ཀུན། །ཤུགས་འབྱ…
DNG014
· རྩོམ་མཁན།
མཁའ་འགྲོའི་གསང་རྒྱུད་བཀའི་ལྡེ་མིག་ཅེས་བྱ་བ།
རྟགས་དཔག་མེད་འབྱུང་། །སྒྲ་འོད་ཟེར་དང་མཛེས་པའི་གཟུགས། །རིགས་དང་རིགས་འདྲ་དཔག་མེད་འབྱུང་། །གཞན་ཡང་ཆོ་འཕྲུལ་རྣམ་པ་ནི། །ཕྱི་ནང་འབྱུང་བའི་ཉེར་ལེན་དང་། །ལས་དང་ལས་རྣམས་འཐབ་པ་དང་། །རྩ་རླུང་ཐིག་ལེའི་གང་སྟོང་དང་། །དེ་དག་འཁྲུལ་པའི་ཆོ་འཕྲུལ་ལས། །ལུས་ངག་ཡིད་ཀྱི་དཀྱིལ་འཁོར་དུ། །བསམ་གྱིས་མི་ཁྱབ་འབྱུང་བ་སྟེ། །རང་རང་…
DNG014
· རྩོམ་མཁན།
སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ་གསང་བ་གཅོད་པ་ས་བོན་གྱི་རྒྱུད་ཅེས་བྱ་བ།
རྒྱ་གར་སྐད་དུ། བུཌྜྷ་སརྦ་པུ་ཏྲ་ཨེ་ཀ །གྷུ་ཧྱ་རྒྱ་སྐད་དཔེར་སོར་བཞག་བྱས་པུ་རི་ས་མ་ཏནྟྲ་ནཱ་མ། བོད་སྐད་དུ། སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ། གསང་བ་གཅོད་པ་ས་བོན་གྱི་རྒྱུད་ཅེས་བྱ་བ། དྲན་པ་ཀུན་གྱི་ཐོག་མ་ཡི། །དངོས་མཛད་སངས་རྒྱས་ཐོག་མ་ལ། །དང་པོ་ཉིད་དུ་ཕྱག་འཚལ་ལོ། །འདི་སྐད་བདག་ལ་སོགས་པ་ཡི། །སངས་རྒྱས་བྱེ་བ་དུང་ཕྱ…
DNG014
· རྩོམ་མཁན།
སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ་གསང་བ་གཅོད་པ་ས་བོན་གྱི་རྒྱུད་ཅེས་བྱ་བ།
དེ་ཕྱིར་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་སྲས་ནི་གཅིག་པར་ཡང་། །རང་བྱུང་ཆེན་པོའི་འཕེལ་དང་བཅས། །འབྱུང་བའི་སྒྲ་དང་བྲལ་བར་བྱུང་། །འདི་ནི་བསྟན་པ་གང་བྱུང་དུ། །འོད་དང་བཅས་ཏེ་འབྱུང་བ་ཡིན། །གང་ལ་བབ་པར་གྱུར་པའི་མི། །བསྟན་པ་ཀུན་གྱི་བདག་པོར་འགྱུར། །འདི་ལ་ལྡེམ་པོར་བསྟན་པ་མེད། །སུས་ཀྱང་བཤད་ཅིང་ཉན་མེད་པར། །རང་བྱུང་དག…
DNG014
· རྩོམ་མཁན།
སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ་གསང་བ་གཅོད་པ་ས་བོན་གྱི་རྒྱུད་ཅེས་བྱ་བ།
གྱི་བསམ་པ་དང་། །སངས་རྒྱས་ཀུན་གྱི་དགོངས་པ་དང་། །ཅི་ལྟར་མཐུན་པའི་ཆོས་ཀུན་ནི། །འདི་ཡིས་སྟོན་པར་ནུས་པ་ཡིན། །སངས་རྒྱས་ཀུན་གྱི་ཐུགས་དང་གཅིག །རྡོ་རྗེ་འཛིན་པའི་དགོངས་པ་དང་། །དབྱེར་མི་ཕྱེད་པར་འདིས་འགྱུར་རོ། །དེ་ཕྱིར་བསྟན་པའི་མེ་རོ་ཡིན། །རང་བྱུང་ཚིག་གི་རྒྱལ་པོ་འདི། །སོ་སོའི་སེམས་ཅན་སྐྱེ་གཟུགས་ལ། །སོ་སོའི་བརྡ་…
DNG014
· རྩོམ་མཁན།
སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ་གསང་བ་གཅོད་པ་ས་བོན་གྱི་རྒྱུད་ཅེས་བྱ་བ།
མཁའ་མཉམ་དག་པའི་གནད་གཟེར་འདིས། །བསྟན་པ་ཀུན་གྱི་རྩ་བ་འཛིན། །འདི་ཡི་གྲངས་སྣ་བཟུང་བས་ནི། །ལྷ་མིན་གཡུལ་རྣམས་རང་ལོག་ཏུ། །འདི་ཚིག་བཟུང་བ་ཙམ་གྱིས་འགྱུར། །ཁམས་གསུམ་གཡུལ་ཀུན་འདིས་བཟློག་གོ། །རིགས་དྲུག་རྣམས་ཀྱི་འབྲོས་ཁུང་འགེབ། །མྱ་ངན་འདས་པའི་གྲོང་ཁྱེར་དུ། །འཇུག་པར་བྱེད་པའི་འཁོར་ལོ་ཡིན། །སྲིད་པས་བཅིངས་པ་རྣམས་ལ་ན…
DNG014
· རྩོམ་མཁན།
སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ་གསང་བ་གཅོད་པ་ས་བོན་གྱི་རྒྱུད་ཅེས་བྱ་བ།
ཐེག་པའི་རྒྱལ་པོ་ཡོངས་རྫོགས་ཀྱི། །ཡོན་ཏན་བྱུང་ཚུལ་རང་བྱུང་ངོ་། །ལེའུ་དང་པོའོ།། །།ཨེ་མ་ཧོ། གསང་མཛོད་རང་བཞིན་ཚིག་འདི་ཡང་། །རང་བྱུང་ཡེ་དག་ཆེན་པོར་ནི། །སྤེལ་ཚིག་གསང་བ་འདི་ལྟར་སྣང་། །ཡེ་ཐོག་དང་པོའི་སངས་རྒྱས་ནི། །དང་པོ་མངོན་འཕགས་དྲན་པ་མགོན། །ཕྱག་རྒྱ་རང་དྲན་འཁོར་ལོ་ནི། །གཞི་ལས་འཕགས་པའི་ཁྱད་པར་ཚིག །སྤྱི་ཕུད་…
DNG014
· རྩོམ་མཁན།
སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ་གསང་བ་གཅོད་པ་ས་བོན་གྱི་རྒྱུད་ཅེས་བྱ་བ།
དུང་ཕྱུར་བདུན་གྱི་ལམ་རྒྱལ་བཟུང་། །སྙིང་པོ་སེམས་རྣལ་བདུད་རྩི་མགོན། །ངེས་པའི་ས་བོན་རབ་བསྒྲགས་པས། །བསྐལ་པ་ཚངས་པའི་དབྱངས་ཅན་ལ། །འབུར་རྡུལ་བདུན་གྱི་ངེས་པར་བཟུང་། །རང་བཞིན་དྲག་པོ་ལྡང་གདེང་ཡང་འཛིན་མགོན། །ཕྱག་རྒྱ་འཁོར་ལོ་གདན་སྤྲོས་ཏེ། །བསྐལ་པ་སྨྲ་བའི་གཞི་དག་ལ། །ཕྱལ་ཕྱོལ་དགུ་ཡིས་དམ་པར་བཟུང་། །གསང་བའི་ཕྱག་རྒྱ…
DNG014
· རྩོམ་མཁན།
སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ་གསང་བ་གཅོད་པ་ས་བོན་གྱི་རྒྱུད་ཅེས་བྱ་བ།
ཕྱག་ནི་ཡང་དམ་དུའོ། །སྤྱི་ཕུད་སྟོང་གི་ཡེ་ཐོག་མགོན། །སྔགས་ཀྱི་རྩ་བ་འདི་སྔགས་པས། །བསྐལ་པ་དུང་གི་སྙིང་པོ་ལ། །ཁ་གཡེལ་སྟོང་གི་གདུང་འཕེལ་བས། །གསང་ཆེན་དམ་པར་རབ་བཟུང་བའོ། །སངས་རྒྱས་དྲ་བ་མགོན་པོ་ཡི། །ཕྱག་རྒྱ་ཉིད་དུ་གདུང་བཟུང་བས། །བསྐལ་པ་བྱེ་བའི་སྙིང་པོ་ལ། །ཉག་ཐག་དགུ་ཁྲིའི་གདུང་འཛིན་པས། །འདི་ཉིད་སྙིང་པོའི་དོན་…
DNG014
· རྩོམ་མཁན།
སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ་གསང་བ་གཅོད་པ་ས་བོན་གྱི་རྒྱུད་ཅེས་བྱ་བ།
སྙིང་ཐིག་རྩ་བའི་དྭངས་མར་སྤྲོས། །བསྐལ་པ་རེག་པའི་སྟོབས་ཅན་ལ། །ཁ་གཡེལ་དྲུག་གི་གདུང་འཕེལ་བས། །གོང་འཕེལ་ཕྱག་རྒྱ་དམ་པར་སྤྲོས། །དཔའ་བོ་འཇིགས་སངས་དྭངས་པའི་མགོན། །དྲི་མ་མེད་པའི་སྙིང་དུ་བབས། །བསྐལ་པ་དྲན་བསམ་བྲལ་བ་ལ། །ཡལ་ཡོལ་སྟོང་གི་གདུང་འཕེལ་བས། །འདི་ཀུན་སྐྱོན་དང་བྲལ་བར་རོ། །དྲག་པོ་ཆགས་བྲལ་བདེ་བའི་མགོན། །ཆགས་…
DNG014
· རྩོམ་མཁན།
སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ་གསང་བ་གཅོད་པ་ས་བོན་གྱི་རྒྱུད་ཅེས་བྱ་བ།
ཕྲག་དགུ་ཡི་གདུང་འཛིན་པས། །རྫོགས་པའི་སངས་རྒྱས་ཉིད་དུའོ། །ཆོས་ཀྱི་གྲགས་པ་གཉིས་མེད་མགོན། །ཡང་གསང་རང་བྱུང་ཚིག་འདི་སྤྲོས། །བསྐལ་པ་ཡོངས་སུ་གྲོལ་བྱེད་ལ། །ཉལ་ཉིལ་གསུམ་གྱི་གདུང་འཕེལ་བས། །མཉམ་པ་རང་གནས་ཉིད་དུའོ། །ཡེ་ནས་གསང་བ་དྲི་མེད་མགོན། །བྱིན་རླབས་རང་བྱུང་ཡི་གེ་སྤྲོས། །བསྐལ་པ་སེང་གེ་རྩལ་སྤྲུགས་ལ། །ཁྲག་ཁྲིག་བ…
DNG014
· རྩོམ་མཁན།
སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ་གསང་བ་གཅོད་པ་ས་བོན་གྱི་རྒྱུད་ཅེས་བྱ་བ།
ལུང་སྤྲོས། །བསྐལ་པ་སེང་བྲམ་ཟེ་ཡང་གེ་བསྒྱིངས་པ་ལ། །ཁྲི་ཕྲག་དགུ་ཡི་གདུང་འཕེལ་བས། །འདི་ཀུན་གསང་བའི་ཚིག་ཏུའོ། །མཐའ་བྲལ་ཡོངས་རྫོགས་སྐྱོན་བྲལ་མགོན། །བྲལ་གསང་ཚིག་འདི་ཕྱག་རྒྱ་སྤྲོས། །བསྐལ་པ་སྐྱེད་པར་བྱེད་པ་ལ། །སྟོང་ཕྲག་དགུ་ཡི་གདུང་འཕེལ་བས། །མེད་ཚིག་རྫོགས་པར་ཡང་དག་བཟུང་། །ཡེ་རྫོགས་དང་པོ་སྒྱུ་མ་མགོན། །ཡང་གསང་…
DNG014
· རྩོམ་མཁན།
སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ་གསང་བ་གཅོད་པ་ས་བོན་གྱི་རྒྱུད་ཅེས་བྱ་བ།
ཀུན་དག་རྩ་བ་སྤྲོས། །བསྐལ་པ་མོ་མཚན་རྒྱུན་གཅོད་ལ། །ཐར་ཐེར་བརྒྱ་ཡི་གདུང་འཕེལ་བས། །གསང་བའི་ཡང་ཞུན་ཐེག་པར་བཟུང་། །མོས་ཆེན་རྣམས་ཀྱི་དང་པོ་མགོན། །སྙིང་པོ་མིག་དག་ཕྱག་རྒྱ་སྤྲོས། །བསྐལ་པ་འཁོར་བའི་མུན་སེལ་ལ། །འབུམ་ཕྲག་ལྔ་ཡི་ཡང་གདུང་གིས། །འདི་ཉིད་སྤྲོས་ཏེ་དམ་དུའོ། །སེམས་རིག་ཀུན་གྱི་སྤྱི་ཕུད་མགོན། །ང་མེད་སྔོན་དུ…
DNG014
· རྩོམ་མཁན།
སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ་གསང་བ་གཅོད་པ་ས་བོན་གྱི་རྒྱུད་ཅེས་བྱ་བ།
འདི་ལྟར་ཡང་དག་གོ། །རྒྱུད་དང་དེ་ཡི་རང་འགྲེལ་ལོ། །ལྷ་སྔགས་ལ་སོགས་ཕྱག་རྒྱ་བཅུ། །དེ་ལས་འདི་ཚིག་ཕྲག་གཡས་སུ། །སྣང་བ་ཡིན་ནོ་དོན་ལ་སེམས། །སྣང་མཛད་དོན་ཀུན་རང་རྫོགས་ཏེ། །ཚིག་ཀུན་བདག་པོར་རང་བྱུང་བས། །དགོངས་པ་ཉིད་ནི་དང་པོ་ལས། །ཚིག་རྩོམ་མཁས་པ་འདི་ལས་ནི། །གྲངས་ལས་འདས་རྣམས་འབྱུང་བ་ཡིན། །བདག་འཛིན་བདག་མེད་སྔོན་ཐོག་ལ…
DNG014
· རྩོམ་མཁན།
སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ་གསང་བ་གཅོད་པ་ས་བོན་གྱི་རྒྱུད་ཅེས་བྱ་བ།
ལས་འཕྲོས་སོ་ཕན་སེམས་ལྡན། །ལུང་རྒྱས་ཐེག་པ་ཀུན་དངོས་སོ། །གཞི་རྩ་རྩལ་གྱི་ནན་ཏན་ཚིག །འདི་ཀུན་རྒྱན་གྱི་རྒྱལ་པོ་ལས། །ཁ་ལོ་སྒྱུར་བའི་དཔའ་བོ་ཡིན། །བྱེད་པའི་ལས་རྒྱས་དཀྱིལ་འཁོར་འཇུག །དཔེ་མེད་པ་ཡི་སྒྲ་ཡི་གཟེར། །གྲངས་མཐའ་འགེག་བྱེད་སེང་ཕྲུག་གོ། །བཅོས་པའི་ཡང་ཆ་དེ་འཕེལ་བཟུང་། །དཔའ་བར་འགྲོ་བའི་ལས་རྒྱས་སོ། །མཐོ་དམན་…
DNG014
· རྩོམ་མཁན།
སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ་གསང་བ་གཅོད་པ་ས་བོན་གྱི་རྒྱུད་ཅེས་བྱ་བ།
སྣ་ཚོགས་བརྗོད། །བྱོལ་སོང་སྣ་ཚོགས་བརྡའ་སྐད་དང་། །སྐད་ཀྱི་རྣམ་པ་སྣ་ཚོགས་པ། །འདི་ལྟར་སུ་ཡིས་བྱས་པའི་མི། །ངག་གི་མངོན་ཞེན་རང་ཆོད་ནས། །འཁོར་འདས་རུ་ཤན་འདིས་ཕྱེད་དོ། །དེ་འདས་ཉིད་ཀྱི་འོག་ཏུ་ཡང་། །སེམས་ཀྱི་སྤྱོད་པ་བརྩམ་པར་བྱ། །དགའ་དང་མི་དགའ་བདེ་སྡུག་དང་། །རྟག་དང་མི་རྟག་ལ་སོགས་པ། །བལྟ་བསྒོམ་སྤྱོད་པའི་བསམ་པ་དང་…
DNG014
· རྩོམ་མཁན།
སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ་གསང་བ་གཅོད་པ་ས་བོན་གྱི་རྒྱུད་ཅེས་བྱ་བ།
ཡུལ་ཙམ་གང་སྣང་བ། །ཚོམ་བུ་ལ་ནི་དེ་བཞིན་ནོ། །ཕྱིར་སྣང་འགག་པ་གང་ཡིན་པ། །སྐད་ཅིག་མ་ནི་བཅུ་དྲུག་ལ། །འདི་ཡང་དེ་ལྟར་འགྱུར་བའོ། །མ་སྨིན་ལ་སོགས་ཐིག་ལེ་དང་། །དེ་བཞིན་སྐུ་ལ་ཐུག་གི་བར། །དྲུག་དང་བཅུ་དང་ལྔ་གསུམ་ལ། །གདོན་མི་ཟ་སྟེ་ལོངས་སྐུར་རོ། །ནང་ལུས་ཟད་པའི་སར་ཕྱིན་ཚེ། །སོར་མོ་ལ་སོགས་དེ་བཞིན་སྣང་། །འདི་གཏད་འབྱུང་…
DNG014
· རྩོམ་མཁན།
སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ་གསང་བ་གཅོད་པ་ས་བོན་གྱི་རྒྱུད་ཅེས་བྱ་བ།
རྣལ་འབྱོར་པས། །ས་ཆུ་མེ་རླུང་འབྱུང་བ་བཞིའི། །སྒྲ་དོན་རྣམས་ལ་གོམས་པ་ཡིས། །རིགས་དྲུག་རྣམས་ཀྱི་རང་སྐད་ཀྱི། །མངོན་ཤེས་འཆར་བ་འདིས་འགྲུབ་བོ། །ཞག་རིམ་དུས་ནི་རྣམ་དྲུག་གི། །འདི་ཡི་སྐད་ཀུན་རང་དུས་ཤེས། །འགྲུས་པ་མེད་པར་སུས་ཤེས་པ། །མ་འོངས་ད་ལྟར་འདུས་པ་ཡི། །སེམས་རྒྱུད་ཇི་ལྟར་ཤེས་པར་འགྱུར། །གཞན་གྱི་དོན་བྱེད་སྤྲུལ་པ…