Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 447 of 500
DNG014
· རྩོམ་མཁན།
བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་འདུས་པ་ཞེས་བྱ་བའི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ།
ན་ས་ཡི་དཀྱིལ་འཁོར་འཛིན། །དངོས་པོའི་ཆ་བྱད་དམར་མོ་ལ། །ལག་ན་ཆུ་ཡི་དཀྱིལ་འཁོར་ཐོགས། །གྲུབ་ཏིང་སེར་མོ་གསེར་གྱི་མདོག །ལག་ན་རླུང་གི་དཀྱིལ་འཁོར་འཛིན། །བདག་ཉིད་ཆེན་མོ་གཅིག་པུ་མ། །དབྱིངས་ཕྱུག་རྒྱན་གྱི་རྒྱལ་མོ་ནི། །ཞིང་གི་རྒྱུ་ཞགས་གཡང་གཞི་བརྡེབ། །སྲད་བུའི་ཞགས་པ་ཐོད་པ་འཛིན། །སྒམ་པ་མོ་དང་ཕོར་ཐོགས་མ། །གཡང་གཞི་མོ་…
DNG014
· རྩོམ་མཁན།
བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་འདུས་པ་ཞེས་བྱ་བའི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ།
སྒྲུབ་པའི་ཐབས། །མ་རུངས་གདུག་པ་འདུལ་བའི་ཕྱིར། །དཔའ་བོ་ཆེན་པོས་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །དཔལ་ཆེན་ཡབ་ཀྱིས་བཀའ་སྩལ་པ། །འཇིག་རྟེན་མཆོད་བསྟོད་བསྒྲུབ་འདོད་པས། །གདུབ་རྩུབ་ལྷ་འདྲེ་གནས་པའི་སར། །དཀྱིལ་འཁོར་བྱི་དོར་བྱས་ནས་ནི། །ཁྲག་སྣ་ཚོགས་པས་ཆག་ཆག་གདབ། །སྣ་ཚོགས་ཁྲག་གིས་ཨེ་དབྱིབས་བྲི། །དམིགས་པའི་…
DNG014
· རྩོམ་མཁན།
བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་འདུས་པ་ཞེས་བྱ་བའི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ།
པ། །མ་མོ་ནག་མོ་དེ་ཡི་ཡུམ། །སྤུ་གྲི་སྤྱང་མོ་ཕྱག་གཉིས་ནའོ། །གཟའ་བདུད་ཆེན་པོ་རཱ་ཧུ་ལ། །དུད་ཁ་མདའ་གཞུ་སྦྲུལ་ཞགས་བསྣམས། །གནམ་སྨན་ཐོག་གི་བུ་ཡུག་མ། །དམར་སྐྱ་ཐོགས་དང་སེར་བ་འབེབས། །ཀླུ་བདུད་ནག་པོ་མགོ་དགུ་པོ། །དུད་ཁ་སྦྲུལ་ཞགས་ནད་རྐྱལ་ཐོགས། །ཀླུ་མོ་ནག་མོ་ཞེས་བྱ་བ། །མོ་གཟུགས་ཀླུ་བདུད་ཆ་ལུགས་ཅན། །སྲིད་པའི་ལྷ་རྣམ…
DNG014
· རྩོམ་མཁན།
བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་འདུས་པ་ཞེས་བྱ་བའི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ།
ནས། །བར་ན་གྲོང་ཁྱེར་བརྒྱད་གནས་པ། །འཇིག་རྟེན་མཆོད་བསྟོད་བསྒྲུབ་པའི་སྔགས། །དྲེགས་པ་ཅན་གྱི་སྡེ་བརྒྱད་ཀྱི། །བསྟན་པ་བསྲུང་ཞིང་སྐུ་དགྲ་འདུལ། །འགྲས་པའི་དགྲ་རྣམས་སྒྲོལ་བར་འགྱུར། །བདེ་བར་གཤེགས་པ་ཐམས་ཅད་འདུས་པ་རྩ་བའི་རྒྱུད་ལས། འཇིག་རྟེན་མཆོད་བསྟོད་སྒྲུབ་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་སྟོབས་ལྡན་ནག་པོས་འདི…
DNG014
· རྩོམ་མཁན།
བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་འདུས་པ་ཞེས་བྱ་བའི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ།
ཡུམ་དང་སྲིན་པོ་གསོད་བྱེད་ནི། །རལ་གྲི་ཐོད་འཆང་དེ་ཡི་ཡུམ། །གྲི་གུག་མི་མགོ་ཐོགས་པའོ། །གནོད་སྦྱིན་གང་བ་བཟང་པོ་ནི། །མདོག་སྔོན་རལ་གྲི་དར་ནག་འཕྱར། །དར་ནག་ཞིང་ལྤགས་འཛིན་པའི་ཡུམ། །མ་ཧཱ་དེ་ཝ་སྐུ་མདོག་དཀར། །བ་དན་ཤེལ་གྲི་འཛིན་པ་དང་། །ཐར་པ་ནག་པོ་ཞེས་བྱ་བ། །མཆོད་གཏོར་ཐུན་གྱི་གཏོར་མ་འཆང་། །མཐིང་ནག་བཙན་པོ་ཞེས་བྱ་བ།…
DNG014
· རྩོམ་མཁན།
བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་འདུས་པ་ཕྱི་མའི་རྒྱུད་ཅེས་བྱ་བ།
རྒྱ་གར་སྐད་དུ། བྷ་ག་ཝཱན་སརྦ་སུ་ག་ཏ་ས་མུ་དཱ་ཡོཏྟ་ར་ཏནྟྲ་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་འདུས་པ་ཕྱི་མའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། དུར་ཁྲོད་ཆེན་པོ་འབར་བའི་གཞལ…
DNG014
· རྩོམ་མཁན།
བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་འདུས་པ་ཕྱི་མའི་རྒྱུད་ཅེས་བྱ་བ།
ཆེན་འདིར། །སེམས་ཅན་རྣམས་ལ་སྨན་པའི་ཕྱིར། །གཙོ་བོས་རིམ་བཞིན་བཤད་དུ་གསོལ། །ཨ་ལ་ལ་ཧོ། ཞེས་ཕྱག་དང་བསྐོར་བ་བྱས་ཏེ་ཞུས་སོ། །ངེས་པར་འབྱུང་བ་ཕྱི་མའི་རྒྱུད་ལས་ཞུས་པའི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཧེ་རུ་ཀས་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་མ་འདུས་པའི་འཁོར་རྣམས་ཉོན། །གསང་སྔག…
DNG014
· རྩོམ་མཁན།
བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་འདུས་པ་ཕྱི་མའི་རྒྱུད་ཅེས་བྱ་བ།
མཚན་ཉིད་འཛིན། །དོན་མཐོང་དགའ་བ་མཐའ་དག་ཡོད། །གཤིན་རྗེ་གཤེད་པོའི་སློབ་དཔོན་ཡིན། །ལམ་གྱི་ཐབས་རྣམས་ཁྱད་པར་སྟོན། །རྟག་པར་བཟླས་ཤིང་འཕྲོ་འདུ་དགའ། །སྙིང་པོ་སྔགས་ལ་དད་མོས་ཆེ། །བློ་གསལ་རིག་པ་ཁྱད་པར་ཡོད། །སྤྱོད་ལམ་རྣམ་བཞིའི་སེང་གེར་སྤྱོད། །གླུ་གར་རོལ་མོ་རྣམས་ལ་དགའ། །མཆོད་པའི་བྱེ་བྲག་ཐབས་མཆོག་མཁས། །ལུང་བསྟན་བཀའ་…
DNG014
· རྩོམ་མཁན།
བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་འདུས་པ་ཕྱི་མའི་རྒྱུད་ཅེས་བྱ་བ།
པའི་ཆོས་ལ་མཁས། །ལྷུན་སྡུག་ཕྲིན་ལས་དག་ལ་དགའ། །དགོངས་པ་ཉམས་ལོན་མུ་སྟེགས་བཟློག །ལྟ་ལོག་སུན་འབྱིན་ཡང་དག་དགོད། །བདེ་བའི་ལམ་སྟོན་ཐབས་ལ་མཁས། །བཟོ་མཁས་རིག་གསལ་བླ་མ་བསྟེན། །འཛིན་པ་མཁས་ཤིང་བརྗེད་མེད་པ། །ཨུཏྤལ་ཞེས་བྱའི་གང་ཟག་དེ། །ཆེ་མཆོག་ཧེ་རུའི་སློབ་མར་བཟུང་། །རྩ་བ་དང་ནི་ཡན་ལག་གི། །དམ་ཚིག་མ་ཉམས་ཐུབ་པར་བསྲུངས།…
DNG014
· རྩོམ་མཁན།
བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་འདུས་པ་ཕྱི་མའི་རྒྱུད་ཅེས་བྱ་བ།
ཤ་ཁྲག་དམར་ལ་ལོངས་སྤྱོད་བྱེད། །ལུས་དང་སྲོག་ལ་མི་བལྟ་བསྒྲུབ། །འཇིག་རྟེན་མཐུ་ཡི་སློབ་མར་བཟུང་། །གཡོ་སྒྱུ་ཆུང་ཞིང་ཡིད་ཆེས་ཆེ། །སྡོད་ལ་བརྩོན་ཞིང་བསྒྲུབ་བསྲན་ཆེ། །ཁོང་གདུག་ཡིད་ཆེས་སྔགས་ལ་བརྩོན། །དྲག་སྔགས་དམོད་པའི་སློབ་མ་ཡིན། །ཞེས་གསུངས་སོ། །ངེས་པར་འབྱུང་བ་ཕྱི་མའི་རྒྱུད་ལས། སློབ་དཔོན་དང་སློབ་མའི་མཚན་ཉིད་བས…
DNG014
· རྩོམ་མཁན།
བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་འདུས་པ་ཕྱི་མའི་རྒྱུད་ཅེས་བྱ་བ།
ཡིས་ཆག་ཆག་གདབ། །ཁྲག་ཆེན་གོ་རོ་ཙ་ན་ཡིས། །སྟེང་དུ་མནན་ལ་བྱུགས་པར་བྱ། །གཤིན་རྗེའི་ལྷ་ཚོགས་གསལ་བྱས་ཏེ། །འབར་གསལ་རྔམ་པའི་ཧཱུཾ་གི་ཚོགས། །སོ་སོའི་སྙིང་པོ་བཟླས་ནས་ནི། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་ལྔ་རུ་དབང་བསྐུར་བྱ། །པདྨ་གསུང་གི་དབང་བསྐུར་བ། །ནུབ་ཏུ་ཁ་བལྟས་ཟླ་གམ་དབྱིབས། །མེ་ཏོག་སྣམ་བུ་ཡོད་པའི་སར། …
DNG014
· རྩོམ་མཁན།
བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་འདུས་པ་ཕྱི་མའི་རྒྱུད་ཅེས་བྱ་བ།
བྲག་རི་སྦྲུལ་ནག་འགྲེང་བའི་སར། །ཆུ་གསུམ་འདུས་པའི་སུམ་མདོ་ལ། །དྲེད་པོ་དྲེད་མོ་ལངས་པ་འདྲ། །རྐང་གཅིག་གནོད་སྦྱིན་གནས་པའི་སར། །དཀྱིལ་འཁོར་བྱི་དོར་བྱས་པ་ལ། །སྦྲུལ་ནག་ཁྲག་གིས་ཆག་ཆག་གདབ། །ཆེ་མཆོག་ཧེ་རུར་བདག་བསྒོམས་ལ། །དྲག་པོའི་གསང་སྔགས་བཟླས་ཤིང་བསྐུར། །སྤྱི་ཡི་དབང་བསྐུར་སྔགས་ནི་འདིའོ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀ…
DNG014
· རྩོམ་མཁན།
བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་འདུས་པ་ཕྱི་མའི་རྒྱུད་ཅེས་བྱ་བ།
ལྔ་ཡི་རབ་ཏུ་འཁྲིགས། །དེ་ཡིས་བསམ་གཏན་ཐམས་ཅད་རྫོགས། །ཆེ་མཆོག་ཧེ་རུའི་ཕྱག་རྒྱར་བཤད། །ཅེས་གསུངས་སོ། །ངེས་པར་འབྱུང་བ་ཕྱི་མའི་རྒྱུད་ལས། ཆེ་མཆོག་ཕྱག་རྒྱའི་ལེའུ་སྟེ་བཞི་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ། །ཉོན་ཅིག་འདུས་པའི་ཚོགས་ཆེན་རྣམས། །ཞེ་ནས་སྡང་བའི་ངན་སེམས་དེ། །སྤངས་པས་འབྲས་བུ་འབྱུང་མི་འགྱུར། །སྤྱད་པས་ཆོས་ད…
DNG014
· རྩོམ་མཁན།
བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་འདུས་པ་ཕྱི་མའི་རྒྱུད་ཅེས་བྱ་བ།
ལས། གཤིན་རྗེ་གཤེད་ཀྱི་ཕྱག་རྒྱའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ། །ཉོན་ཅིག་འདུས་པའི་ཚོགས་ཆེན་རྣམས། །འདོད་ལ་ཆགས་པའི་རང་བཞིན་གྱིས། །དེ་ཡིས་འབྲས་བུ་རླག་པར་བྱེད། །སྤངས་པས་དོན་རྣམས་རྙེད་པ་མེད། །རབ་ཏུ་བཅིངས་ནས་གནས་ངན་ལེན། །ཡོངས་སུ་དག་པའི་འདོད་ཆགས་དེ། །སྤྱད་པས་འབྲས་བུ་ཆེན་པོ་ཐོབ། །སོ་སོར་རྟོག་པ…
DNG014
· རྩོམ་མཁན།
བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་འདུས་པ་ཕྱི་མའི་རྒྱུད་ཅེས་བྱ་བ།
པའི་བྱང་ཆུབ་སེམས། །ཡེ་ཤེས་ལྔ་གསལ་དོན་དམ་དབྱིངས་ནས་སྤྱོད། །རྟེན་འདྲེལ་ལུས་ནི་བྱིན་རླབས་ཉོན་མོངས་བསྲེག །ཕྲ་མོའི་ཏིང་འཛིན་ཡི་དམ་དངོས་སུ་གསལ། །བཟླས་པ་མཐར་ཕྱིར་འབྲས་བུ་ཆེན་པོ་ཡིན། །རང་གི་བཟླས་པ་ཡིན་ཞེས་རྒྱ་རུ་བསྟན། །རྣལ་འབྱོར་དམ་པ་རྣམས་ཀྱིས་འདི་བཟླས་ན། །གང་གིས་བཟླས་ཀྱང་སྙིང་པོ་ལེན་པར་བྱེད། །སྔགས་ཀྱི་སྙིང…
DNG014
· རྩོམ་མཁན།
བདེ་གཤེགས་འདུས་པའི་སྔགས་རྒྱུད་ཕྱི་མའི་ཕྱི་མ་ཞེས་བྱ་བ།
རྒྱ་གར་སྐད་དུ། སུ་ག་ཏ་ས་མུ་དཱ་ཡ་མནྟྲ་ཏནྟྲ་ཨུཏྟ་རོཏྟ་ར་ནཱ་མ། བོད་སྐད་དུ། བདེ་གཤེགས་འདུས་པའི་སྔགས་རྒྱུད། ཕྱི་མའི་ཕྱི་མ་ཞེས་བྱ་བའོ། །བཅོམ་ལྡན་འདས་དཔལ་ཀུན་ཏུ་
DNG014
· རྩོམ་མཁན།
བདེ་གཤེགས་འདུས་པའི་སྔགས་རྒྱུད་ཕྱི་མའི་ཕྱི་མ་ཞེས་བྱ་བ།
བཟང་པོ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཧེ་རུ་ཀ་ལ། འཁོར་ཁྲོ་བོ་དང་ཁྲོ་མོ་དང་། རིག་འཛིན་རྣམས་ཀྱིས་བསྐོར་ཏེ་བཞུགས་པ་ལས། དེའི་ཚེ་རྡོ་རྗེ་ཆོས་ལ་སོགས་པའི་རིག་འཛིན་རྣམས་ཀྱིས་བསྐོར་བ་ལན་སྟོང་བྱས་ཏེ། འདི་སྐད་ཞུས་སོ…
DNG014
· རྩོམ་མཁན།
བདེ་གཤེགས་འདུས་པའི་སྔགས་རྒྱུད་ཕྱི་མའི་ཕྱི་མ་ཞེས་བྱ་བ།
ཅུ་པ། །མ་མོ་རྦོད་གཏོང་སྙིང་པོར་བཤད། །ཨཱོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུཾ་ཕཊ། གསང་སྔགས་ཡི་གེ་བཅུ་པ་ནི། །འཇིག་རྟེན་མཆོད་བསྟོད་སྙིང་པོར་བཤད། །ཨཱོཾ་བཛྲ་སརྦ་དུཥྚཱན་ཧཱུཾ་ཕཊ། གསང་སྔགས་ཡི་གེ་བརྒྱད་པ་ནི། །དམོད་པ་དྲག་སྔགས་སྙིང་པོར་བཤད། །བཀའ་ཡི་གསང་རྒྱུད་ཐམས་ཅད་རྣམས། །བསྡུས་པས་བསྒྲུབ་པ་བརྒྱད་དུ་འདུས། །སྔགས་ཀྱི་གཏན་ཚིག…
DNG014
· རྩོམ་མཁན།
བདེ་གཤེགས་འདུས་པའི་སྔགས་རྒྱུད་ཕྱི་མའི་ཕྱི་མ་ཞེས་བྱ་བ།
རང་བཞིན་ལས། །ཡི་གེ་བཏུ་བ་འདི་ལྟར་བཤད། །ཐམས་ཅད་ཀུན་གྱི་དང་པོ་ལ། །དབྱངས་ཡིག་གཉིས་པས་འོག་ཏུ་བརྒྱན། །དབྱངས་ཡིག་བཅུ་གསུམ་སྟེང་དུ་བརྒྱན། །དེ་ལ་དབྱངས་ཡིག་བཅོ་ལྔ་པས། །སྟེང་དུ་ཐིག་ལེས་མཛེས་པར་བརྒྱན། །འདི་ནི་ཡེ་ཤེས་ལྔ་རྫོགས་ཡིན། །སྔགས་རྣམས་ཀུན་གྱི་མགོ་ལ་བཞག །ཨཱོཾ། པ་ཚན་གསུམ་པ་གཞག་པར་བྱ། །དེ་དང་ཙ་ཚན་གསུམ་པར་ལྡ…
DNG014
· རྩོམ་མཁན།
བདེ་གཤེགས་འདུས་པའི་སྔགས་རྒྱུད་ཕྱི་མའི་ཕྱི་མ་ཞེས་བྱ་བ།
དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བརྒྱན། །པ་ཚན་ཡི་གེ་གཉིས་པ་བཞག །དེ་དང་ཊ་ཚན་དང་པོར་ལྡན། །རིན་པོ་ཆེ་ཡི་ཕྲ་ཡིས་སྤྲས། །ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ། ཨོཾ་དང་ཕཊ་ཀྱི་ཐོག་མཐའ་བརྟེན། །གསང་སྔགས་ཡི་གེ་འབྲུ་བདུན་པ། །ཡང་དག་ཐུགས་ཀྱི་སྙིང་པོ་སྟེ། །གཙོ་འཁོར་བཅས་པའི་སྔགས་སུ་བཤད། །ཡེ་ཤེས་ལ…